CLOSE WINDOW

F128: 'phags pa zung gi mdo'i chos kyi rnam grangs
Wyliee-texts produced with BDRC’s OCR application

དགེའོ།། @རྒྱ་གར་སྐད་དུ། ཨཱརྱ་སང་ག་ཊ་སུ་ཏྲ་དྷརྨ་པརྱ་ཡཱ། བོད་སྐད་དུ། འཕགས་པ་ཟུང་གི་མདོའི་ཆོས་ཀྱི་རྣམ ་གྲངས་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལོ།། འདི་སྐད་བདག་གིས་ཐོས་པ་དུས་ཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ ་ན། བྱ་རྒོད་ཀྱི་ཕུང་པོའི་རི་ལ་དགེ་སློང་གི་དགེ་འདུན་ཆེན་པོ། དགེ་སློང་སུམ་ཁྲི་ཉིས་སྟོང་ལ། འདི་ལྟ་སྟེ། ཚེ་དང་ལྡན་པ་ཀུན་ཤེས་ཀོའུ་འདི་ནྱ་ཡ་དང་།། ་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོ་དང་། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་དང་། ཚེ་དང་ལྡན་པ་སྒྲ་ཅན་ཟིན་དང་། ཚེ་དང་ལྡན ་བ་བ་ཀུ་ལ་དང་། ཚེ་དང་ལྡན་པ་བཟང་སྐྱོང་དང་། ཚེ་དང་ལྡན་པ་དཔལ་བཟང་དང་། ཚེ་དང་ལྡན་པ་ཙན་དན་དཔལ་དང་། ཚེ་དང་ལྡན་པ་དུག་སེལ་དང་། ཚེ་དང་ལྡན ་བ་རབ་འབྱོར་དང་། ཚེ་དང་ལྡན་པ་ནམ་གྲོ་དང་། ཚེ་དང་ལྡན་པ་དགའ་སྡེ་དང་། དེ་དག་ལ་སོགས་པ་དགེ་སློང་སུམ་ཁྲི་ཉིས་སྟོང་དང་། བྱང་ཆུབ་སེམས་དཔའ་དྲུག ་ཁྲི་ཉིས་སྟོང་ལ་འདི་ལྟ་སྟེ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་དཔའ་བ་དང་། བྱང ་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞོན་ནུའི་དཔལ་དང་། བྱང་ཆུབ་སེམས་དཔའ་སེམས་དཔེའ་ཆེན་པོ་གཞོན་ནུར་གནས་པ་དང་། བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོ་གཞོན་ནུ་བཟང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འབྲི་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ ་དཔལ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བལྟ་ན་སྡུག་དང་། བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་སྡེ་དང་། དེ་ལ་སོགས་པ་བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོ་དྲུག་ཁྲི་ཉིས་སྟོང་དང་། ལྷའི་བུ་ཁྲི་ཉིས་སྟོང་ལ་འདི་ལྟ་སྟེ། ལྷའི་བུ་སྲིད་སྒྲུབ་དང་། ལྷའི་བུ་བཟང་པོ་དང་། ་ལྷའི་བུ་ཤིན་ཏུ་བཟང་པོ་དང་། ལྷའི་བུ་ཆོས་འདོད་པ་དང་། ལྷའི་བུ་ཙན་དན་སྙིང་པོ་དང་། ལྷའི་ཙན་དན་གནས་དང་། ལྷའི་བུ་ཙན་དན་དང་། དེ་ལ་སོགས ་པ་ལྕེའི་བུ་ཁྲི་ཉིས་སྟོང་དང་། ལྷའི་བུ་མོ་བརྒྱད་སྟོང་ལ་འདི་ལྟ་སྟེ། ལྷའི་བུ་མོ་ལྔ་ལྡན་དང་། ལྷོའི་བུ་མོ་མཛེས་ལྡན་དང་། ལྷའི་བུ་མོ་བདག་ཉིད་ཆེ་ལྡན་དང་། ་ལྷའི་བུ་མོ་མིག་དཔལ་དང་། ལྷའི་བུ་མོ་སྐྱེ་དགུའི་བདག་མོ་གནས་པ་དང་། ལྷའི་བུ་མོ་སྟོབས་འཛིན་དང་། ལྷའི་བུ་མོ་ནོར་དཔལ་དང་། ལྷའི་བུ་མོ་ལག ་པ་བཟང་ལྡན་དང་། དེ་ལ་སོགས་པ་ལྷའི་བུ་མོ་བརྒྱད་སྟོང་དང་། ཀླུའི་རྒྱལ་པོ་བརྒྱད་སྟོང་ལ་འདི་ལྟ་སྟེ། ཀླུའི་རྒྱལ་པོ་སོགས་མ་མེད་དང་། ཀླུང་རྒྱལ ་པོ་ཨེ་ལའི་འདབ་མ་དང་། ཀླུའི་རྒྱལ་པོ་ཉི་མིང་དང་། ཀླུ་རྒྱལ་པོ་བུམ་སྙིང་པོ་དང་། ཀླུའི་རྒྱལ་པོ་བུམ་པའི་མགོ་དང་། ཀླུའི་རྒྱལ་པོ་དགེ་བྱེད་དང་། ་ཀླུའི་རྒྱལ་པོ་ཤིན་ཏུ་དགའ་དང་། ཀླུའི་རྒྱལ་པོ་འདབ་བཟངས་དང་། ཀླུའི་རྒྱལ་པོ་གླང་པོའི་མགོ་དང་། དེ་ལ་སོགས་པའི་ཀླུའི་རྒྱལ་པོ་བརྒྱད་སྟོང་དང་ཐབས ་གཅིག་ཏུ་བཞུགས་ཏེ། དེ་དག་ཐམས་ཅད་ཀྱང་རྒྱལ་པོའི་ཁབ་ག་ལ་བ་དང་། བྱ་རྒོད་ཀྱི་ཕུང་པོའི་རི་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷག ་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད། ་པ་དང་། བཅོམ་ལྡན་འདས་ཅང་མི་གསུང་བར་གྱུར་པས་གནང་ངོ་།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་དགའ་བ་སྟན་ལས་ལངས ་ཏེ། བླ་གོས་ཕྲག་པ་ཅིག་ཏུ་གཟར་ནས། པུས་མོས་གཡས་པའི་ལྷ་ང་ས་ལ་གཅུགས་སྟེ། བཅོམ་ལྡན་འདས་ག་ལ་བ་དེར་ལོགསུ་བྲལ་མོ་སྦར་བ་བཏུད་ནས།། ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ལྷ་བྱེ་བ་དང་། ལྷའི་བུ་མོ་བྱེ་བ་དང་། བྱང་ཆུབ་སེམས་དཔའ་བྱ་བ་མང་པོ་དང་། བཅོམ། ་ལྡན་འདས་ཉན་ཐོས་བྱེ་བ་མང་པོ་དང་། ཀླུའི་རྒྱལ་པོ་རྣམས་ཀྱང་ཆོས་ཉན་པའི་སླད་དུ་འདུས་ནས་འཁོད་ཅིང་མཆིས་ན། དེ་བཞིན་གཤེགས་པ་དགྲ་བཅོ། ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཆོས་ཀྱིས་ཚུལ་ལ་འཇུག་པ་ཇི་ལྟ་བུས་སེམས་ཅན་རྒན་པ་རྣམས་ནི་ཟོས་མ་ཐག་ཏུ་ལས་ཀྱི་སྒྲིབ་པ་ཟད ་བྱང་བར་འགྱུར་བ་དང་། སེམས་ཅན་གཞོན་ནུ་རྣམས་ནི་དགེ་བའི་ཆོས་རྣམས་ལ་མངོན་པར་བརྩོན་ཞིང་ཁྱད་པར་དུ་འབོགས་པ་འཐོབ་པར་འགྱུར་ཏེ། ་དགེ་བའི་ཆོས་རྣམས་ལས་མི་ཉམས་ཡོངས་སུ་མི་ཉམས་ཤིང་ཡོངས་སུ་ཉམས་པར་མི་འགྱུར་བ་དེ་ལྟ་བུའི་ཆོས་ཀྱི་ཚུལ་ལ་འཇུག་པ་དེ་ལེགས་པ ་བཤད་དུ་གསོལ། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ ་དཔའ་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀུན་ཏུ་དཔའ་བ་ཁྱོད་དེ་བཞིན་གཤེགས་པ་ལ་དོན་འདི་འདྲིའ་བར་སེམས་དཔའ་ནི་ཀུན་དཔའ་བ་ལེགས་སོ།། ་ལེག་སོ།། ཀུན་ཏུ་དཔའ་བ་ཁྱོད་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ངས་ཁྱོད་ལ་བཤད་དོ།། བཅོམ་ལྡན་འདས་དེ་དེ་བཞིན་ནོ།། ་ཞེས་གསོལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་དཔའ་བ་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀུན་ཏུ་དཔའ་བཟུང་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་གང་ད་ལྟར་ཡང་འཛམ་བུ་གླིང་དུ་སྤྱོད་པ་ཞིག་ཡོད་དེ།། ་གང་ལ་ལ་ཞིག་ཟུང་གི་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས། དེའི་མཚམས་མེད་པ་ལྔའི་ལས་རྣམས་བྱང་ཞིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི ་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུརརོ།། ཀུན་དུ་དཔའ་བ་འདི་ཇི་སྙམ་དུ་སེམས། གང་གིས་ཟུང་གི་མདོ་འདི་ཐོས་པ། དེ་བཞིན་གཤེགས་པ་ཅིག་གིས་བས ་ནམས་ཀྱི་ཕུང་པོ་ཇི་སྙེད་པ་དེ་སྙེད་བསྐྱེད་པར་འགྱུརརོ།། སྙམ་ན་ཡང་། ཀུན་ཏུ་དཔའ་བ་དེ་ལྟར་མི་ལྟའོ།། ཀུན་ཏུ་དཔའ་བས་གསོལ་པ། འོ་ན་ཇི་ལྟར ་བལྟ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། ཀུན་ཏུ་དཔའ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་གཱའི། ་ཀླུང་གི་བྱེ་མ་སྙེད་རྣམས་ཀྱི་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་པར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཀྱང་བསོད་ནམས་ཀྱི་ཕུང་པོ་ཡང་དེ་སྙེད ་སྐྱེད་པར་འགྱུར་རོ།། ཀུན་དུ་དཔའ་བ་གང་དག་ཆོས་ཀྱི་རྣམ་གྲངས་འདི་ཐོས་པ་དེ་དག་ཐམས་ཅད་ནི་ཕྱིར་མི་ལྡོག་པར་འགྱུར་རོ།། དེ་དག་ཐམས་ཅད་ནི་དེ་བཞིན། ་གཤེགས་པ་མཐོང་བར་འགྱུར་རོ།། དེ་དག་ཐམས་ཅད་ནི་དེ་བཞིན་གཤེགས་པ་མཐོང་བ་དང་མི་འབྲལ་བར་འགྱུར་རོ།། དེ་དག་ཐམས་ཅད་ནི་བླ་ན་མེད་པ། ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་བརྒྱ་པར་འགྱུར་རོ།། དེ་དག་ཐམས་ཅད་ཀྱིས་དགེ་བའི་ཆོས་གང་དག་འཐོབ་པར་འགྱུར ་བ་དེ་དག་ལ་བདུད་སྡིག་ཅན་གྱིས་མི་རྫི་བར་འགྱུར་རོ།། ཀུན་ཏུ་དཔའ་བ་གང་དག་ཟུང་གི་མདོ་འདི་ཐོས་པ་དེ་དག་ཐམས་ཅད་སྐྱེ་བ་དང་འགག་པ་ཤེས་པར ་འགྱུརརོ།། དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་དེའི་ཚེ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི ་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གཅིག་གི་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་ཅིང ་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དག་སངས་རྒྱས་ཀྱི་བསོད་ནམས་ཀྱི་ཕུང་པོའི་ཚད ་ཉོན་ཅིག། འདི་ལྟ་སྟེ་དཔེར་ན། རྒྱ་མཚོ་ལླེའི་ཆུའི་ཐིགས་པ་དང་། འཛམ་བུའི་གླིང་གི་རྡུལ་ཕྲ་རབ་ཇི་སྙེད་པ་དང་། གང་གའི་ཀླུང་གི་བྱེ་མ་དང་མཉམ་པ ་དེ་དག་ཐམས་ཅད་ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔར་འགྱུར་བའི་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཕུང་པོ་བས་ནི། ་སངས་རྒྱས་གཅིག་གི་བསོད་ནམས་ཀྱི་ཕུང་པོ་ཆེས་མང་ངོ་།། གང་ཟུང་གི་ཆོས་ཀྱི་རྣམས་གྲངས་འདི་ཐོས་པའི་སེམས་ཅན་རྣམས་ནི་བསོད་ནམས་ཀྱི་ཕུང ་པོ་དེ་བས་ཀྱང་ཆེས་མང་དུ་སྐྱེས་པར་གྱུར་ཏེ། དེའི་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་པ་ནི་བགྲང་བའི་ཚུལ་གྱིས་མཐའ་བརྟགས་པར་མི་ནུས་སོ།། ཀུན ་ཏུ་དཔའ་བ་དེའི་ཚེ་དེའི་དུས་ན། གང་ཚིག་འདི་ཐོས་ནས་སྤྲོ་བ་ཆེན་པོར་འགྱུར་བ་དེ་ནི་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་བསྐྱེད་པར་འགྱུ་རོ།། ་དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་དཔའ་བས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སེམས ་ཅན་གང་ཆོས་ཀྱིས་ཡོངས་སུ་སྐོམ་པར་འགྱུར་བ་དེ་དག་གང་ལགས། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱི་བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོ་ཀུན་ཏུ་དཔའ་བ་ལ་འདི་སྐད་ཅེས་བཀའ་སྩལ་པ། ཀུན་ཏུ་དཔའ་བ་སེམས་ཅན་གཉིས་པོ་འདི་དག་ནི་ཆོས་ཀྱིས་ཡོངས་སུ་སྒོམ ་པ་ཡིན་ཏེ། གཉིས་གང་ཞེ་ན། ཀུན་ཏུ་དཔའ་བ་འདི་ལྟ་སྟེ། གཅིག་ནི་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པའོ།། ཀུན་ཏུ་དཔའ་བ་གཉིས་པ་ནི། ་གང་ཆོས་ཐོས་ནས་སེམས་ཅན་ཐམས་ཅད་ལ་མཚུངས་པར་ཡང་དག་པར་རབ་ཏུ་སྟོན་པའོ།། བྱང་ཆུབ་སེམས་དཔའ་ཀུན་ཏུ་དཔའ་བས་གསོལ་པ། ་བཅོམ་ལྡན་འདས་ཆོས་ཐོས་ནས་སེམས་ཅན་ཐམས་ཅད་ལ་མཚུངས་པར་ཡང་དག་པར་རབ་ཏུ་སྟོན་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ ་སྩ་ལ་པ། ཀུན་ཏུ་དཔའ་བ་ཅིག་ནི་ཆོས་ཐོས་ནས། བྱང་ཆུབ་ཡོངས་སུ་སྟེན་ཏེ། ནམ་བྱང་ཆུབ་ཏུ་ཡོངསུ་བསྔོ་བ་དེ་ན་སེམས་ཅན་ཐམས་ཅད་ཀྱི་བྱིན ་ཆོས་ཀྱིས་ཡོངས་སུ་སྐོམ་པ་ཡིན།། ཀུན་ཏུ་དཔའ་བ་གཉིས་པ་ནི་གང་ཐེག་པ་ཆེན་པོ་ལ་འཇུག་པ་སྟེ། རྟག་ཏུ་ཡང་ཆོས་ཀྱིས་ཡོངས་སུ་སྐོམ་པ་ཡིན།། ་དེ་ནས་ལྷ་དང་། ཀླུ་དང་། མི་དང་། ལྷའི་བུ་མོ་བྱེ་བ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་འདི་སྐབ ་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་ཀྱང་ཆོས་ཀྱིས་ཡོངསུ་སྐོམ་ཞིང་མཆིས་ན། བཅོམ་ལྡན་འདས་བདག་ཅག་དང་། སེམས་ཅན ་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་མཛད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་འཛུམ་པ་མཛད་དོ།། ་དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་དཔའ་བ། སྟན་ལས་ལངས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོག་སུ་ཐལ་མོ་སྦྱར་བ་བཏུད ་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འཛུམ་པ་མཛད་པའི་རྒྱུ་གང་ལགས། རྐྱེན་གང་ལགས། དེ་ནས་བཅོམ་ལྡན ་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་དཔའ་བ་ལ་བཀའ་སྩལ་པ། ཀུན་ཏུ་དཔའ་བ་སེམས་ཅན་གང་དག་འདིར་ལྷགས་ནས། ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་དེ་དག་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཡོངསུ ་བསྒྲུབ་པར་འགྱུ་རོ།། བྱང་ཆུབ་སེམས་དཔའ་ཀུན་ཏུ་དཔའ་བས་གསོལ་པ། བཅོམ་ལྡན་འདས་རྒྱུ་གང་དང་རྐྱེན་གང་གིས་ན་སེམས་ཅན་འདིར་ལྷག ་པ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པ་འཚང་རྒྱ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་ཏུ་དཔའ་བ་ཁྱོད ་དེ་བཞིན་གཤེགས་པ་ལ་དོན་འདི་འདྲི་བར་སེམས་དཔའ་ནི་ལེག་སོ།། ལེགས་སོ།། ཀུན་ཏུ་དཔའ་བ་དེའི་ཕྱིར་འདི་ལ་ཡོང་སུ་བསྔོ་བའི་ཁྱད་པར་ཉོན་ཅིག། ་ཀུན་ཏུ་དཔའ་བ་སྔོན་བྱུང་བ་འདས་པའི་དུས་བསྐལ་པ་གྲངས་མེད་པར་གྱུར་པ་དེའི་ཚེ་དེའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས ་པའི་སངས་རྒྱས་རིན་ཆེན་དཔའ་ཞེས་བྱ་བ་རིག་པ་དང་ཞབསུ་ལྡན་པ་བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ། བླ་ན ་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་ངོ་།། ཀུན་ཏུ་དཔའ་བ་དེའི་ཚེ་དེའི་དུས་ན། བྲམ་ཟེའི་ཁྱེའུ་ཞིག་ཏུ་གྱུར་ཏེ།། ་ངས་སེམས་ཅན་གང་དག་སངས་རྒྱས་ཀྱི་ཡེ་ཤེས་ལ་སོ་སོར་བཀོད་པ་དེ་དག་ཐམས་ཅད་དེའི་ཚེ་དེའི་དུས་ན། རི་དག་སུ་གྱུར་ནས་ངས་དེའི་ཚེ་དེའི་དུས་ན། འདི ་ལྟར་རི་དགས་གང་ལ་ལ་སྡུག་བསྔལ་གྱིས་ཡོངས་སུ་གཟིར་བར་གྱུར་པ་དེ་དག་ཐམས་ཅད་ངའི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་གྱུར་ཅིག། དེ་དག་ཐམས་ཅད ་ཀྱང་བདག་གིས་སངས་རྒྱས་ཀྱི་ཡེ་ཤེས་ལ་སོ་སོར་བགོད་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་སྟེ། རི་དགས་དེ་དག་གིས་ཀྱང་ཚིག་དེ་ཐོས་ནས་དེ་བཞིན ་དུ་གྱུར་ཅིག། ཅེས་དེ་སྐད་སྨྲས་ཏེ། ཀུན་ཏུ་དཔའ་བ་དགེ་བའི་རྩ་བ་དེས་ན་སེམས་ཅན་དེ་དག་འདིར་ལྷགས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང ་ཆུབ་མངོན་པར་རྫོགས་པར་འཚང་བར་འགྱུར་རོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་དཔའ་བས་བཅོམ་ལྡན་འདས་ལས་སྤྲོ་བ་ཆེན ་བོས་ཟོས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སེམས་ཅན་དེ་དག་གིས་ཚེའི་ཚད་ཇི་སྲིད་ཅིག་ཐུབ ་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་ཅན་དེ་དག་གིས་ཚེའི་ཚད་ནི་བསྐལ་པ་བརྒྱད་བཅུ་ཐུབ་པར་གྱུར་ཏོ།། བྱང་ཆུབ་སེམས་དཔའ ་ཀུན་ཏུ་དཔའ་བས་གསོལ་པ། བཅོམ་ལྡན་འདས་བསྐལ་པའི་ཚད་ཇི་ཙམ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཉོན་ཅིག། འདི་ལྟ་སྟེ། ་དཔེར་ན་མི་ལ་ལ་ཞིག་གིས་ར་བ་ཆུ་ཞེང་དུ་དཔག་ཚད་བཅུ་གཉིས་འཕང་དུ་དཔག་ཚད་གསུམ་པ་ཞིག་བརྩིགས་ཏེ། ར་བ་དེའི་ནང་ཏིལ་གྱི་འབྲ་ཤ་སྟག་གིས ་ཡོངསུ་གང་བར་བྱས་ལ། དེ་ནས་མི་དེས་ལོ་སྟོང་འདས་ཤིང་ར་བ་ཏིལ་གྱིས་འབྲུ་ཡོངསུ་གང་བ་དེ་ལས་ཏིལ་འབྲུ་གཅིག་ཕྱི་རོལ་ཏུ་བོར་ཏེ། དེ་ལྟ་བུའི་ཚུལ་དུ་མི ་དེས་ཏིལ་གྱི་འབྲུ་དེ་དག་ཐམས་ཅད་ཟད་པར་བྱས་ལ། ར་བ་དེའི་རྨད་ཡང་མེད། བཞི་ཡང་མེད་པར་གྱུར་དུ་ཟིན་ཀྱང་བསྐལ་པ་ནི་ཟད་པར་མི་འགྱུར་རོ།། ་ཀུན་ཏུ་དཔའ་བ་གཞན་ཡང་འདི་ལྟ་སྟེ་དཔེར་ན། རི་རྔམ་སུ་དཔག་ཚད་ལྔ་བརྒྱ་པང་དུ་དཔག་ཚད་བཅུ་གཉིས་པ་ཞིག་ཡོད་ལ། དེ་ནས་མི་ལ་ལ་ཞིག་གིས ་དེའི་ངོས་ལ་ཁྱིམ་བརྩིགས་ཏེ། དུས་རིང་པོ་ལོ་བརྒྱ་འདས་ཤིང་། ཀ་ཤི་ཀའི་རས་ཀྱིས་ལན་ཅིག་བྱིས་སྟེ། དེ་ལྟར་བྱས་པས་རི་དེ་ཟད་པར་གྱུར་ཏུ་ཟིན་ཀྱང ་བསྐལ་པ་ནི་ཟད་པར་མི་འགྱུར་ཏེ། ཀུན་ཏུ་དཔའ་བས་བསྐལ་པའི་ཚད་ནི་དེ་ཡིན་ནོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་དཔའ་བསྟན ་ལས་ལ་སྲ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བསྔོ་བ་ཅིག་གིས་ཀྱང་བསོད་ནམས་ཀྱི་ཕུང་པོ་མང་དུ་སྐྱེ་བ་ནི་འདི་ལྟ།། ་སྟེ། བདེ་བར་པའི་སྐུ་ཚེའི་ཚད་བསྐལ་པ་བརྒྱ་བཅུ་ཐུབ་པར་འགྱུར་ན། གང་དེ་བཞིན་གཤེགས་པའི་བསྟན་པ་ལ་བསྙེན་བཀུར་ཤིན་ཏུ་མང་པོར་བགྱིད་ལ་ལྟ་སྨོས ་ཀྱང་ཅི་འཚལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཉོན་ཅིག། གང་ཟུང་གི་ཆོས་ཀྱི་རྣམ་གྲངས་ཐོས་པ་དེའི་ཚེ། ཚེའི་ཚད་ཀྱང་བསྐལ་པ་བརྒྱད ་ཁྲི་བཞི་སྟོང་ཐུབ་པར་གྱུར་ན། ཀུན་ཏུ་དཔའ་བ་གང་ཟུང་གི་མདོ་ཡི་གེར་འབྲིར་འཇུག་པ་དང་། ཀློག་པ་ལྟ་ཅི་སྨོས་ཏེ། ཀུན་ཏུ་དཔའ་བ་དེ་ནི་བསོད་ནམས་ཀྱི་ཕུང་པོ། ་རབ་ཏུ་མང་པོ་སྐྱེད་པར་འགྱུར་རོ།། ཀུན་ཏུ་དཔའ་བ་སེམས་དང་པ་གང་ཞིག་ཟུང་གི་མདོ་ལ་སྙིང་ཐག་པ་ནས་ཕྱག་འཚལ་བ་དེ་ནི་བསྐལ་པ་དགུ་བཅུ་རྩ་ལྔར ་ཚེ་རབས་དྲན་པར་འགྱུར་རོ།། བསྐལ་པ་དྲུག་བཅུའི་རབ་ཏུ་འཁོར་ལོས་བསྒྱུར་བའི་རྒྱལ་པོར་འགྱུར་རོ།། ཚེ་འདི་ཡི་ལ་ཡང་ཐམས་ཅད་དགའ་བར་འགྱུར་ཏེ།། ་ཀུན་ཏུ་དཔའ་བ་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཀྱང་དེ་ལ་སྐྱེས་ཟེ་ད་པ་ཁྱོད་ཀྱིས་ཟུང་གིས་མདོའི་ཆོས་ཀྱི་རྣམ་གྲངས་ཆེན་པོ་དེ་ལེགས་པར་བན ་པ་ཐོས་པས། བསོད་ནམས་ཀྱི་ཕུང་པོ་འདི་སྐྱེས་ཏེ། སངས་རྒྱས་བཅོམ་ལྡན་འདས་བྱེ་བ་ཕྲག་དགུ་བཅུ་པོ་དེ་དག་གིས ་ཀྱང་འཇིག་རྟེན་གྱི་ཁམས་སོ་སོར་ལུང་སྟོན་པར་འགྱུར་ན། ཀུན་ཏུ་དཔའ་བ་གང་ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་ཆེན་པོ་འདི་མཐའ་དག་རྫོགས་པར་རྒྱ་ཆེར་ཐོས ་བ་ལྟ་ཅི་སྨོས་ཀྱིས་མ་འཇིགས་ཤིག་ཅེས་དབུགས་འབྱིན་པར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་དཔའ ་བས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་གིས་ཀྱང་ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་ཆེན་པོ་ཉན་པར་བགྱི་ན། བཅོམ་ལྡན་འདས་བདག་བསོད་ནམ ་ཀྱི་ཕུང་པོ་ཇི་ཙམ་ཞིག་སྐྱེད་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་ཏུ་དཔའ་བ་སངས་རྒྱས་བཅོམ་ལྡན་འདས་གང་གིའི་ཀླུང་གི་བྱེ་མ་དང་མཉམ ་པ་རྣམས་ཀྱི་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་པར་སེམས་ཅན་དེ་ཡང་བསོད་ནམས་ཀྱི་ཕུང་པོ་དེ་བསྐྱེད་པར་འགྱུར་རོ།། གསོལ་པ། བཅོམ་ལྡན་འདས་ནས་བདག ་ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་ཆེན་པོ་ཉན་ཐ་པ་དེ་ནི། བཅོམ་ལྡན་འདས་ངོམས་མ་འཚལ་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་ཏུ་དཔའ ་བ་ཁྱོད་ཆོས་རྣམས་ཀྱིས་ངོམས་མི་ཤེས་པ་ནི་ལེགས་སོ་ལེགས་སོ།། ཀུན་ཏུ་དཔའ་བ་ང་ཡང་ཆོས་རྣམས་ཀྱིས་ངོམས་མི་ཤེས་ན་ཀུན་ཏུ་དཔའ་བ་བྱིས་པ། ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ངོམས་མི་མྱོང་བར་བྱ་བར་ལྟ་ཅི་སྨོས། ཀུན་ཏུ་དཔའ་བ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཐེག་པ་ཆེན་པོ་ལ་དད་པ་བསྐྱེད་པ་དེ ་བསྐལ་པ་སྟོང་དུ་ལོག་པར་ལྟུང་བར་འགྲོ་བར་མི་འགྱུར། བསྐལ་པ་ལྔ་སྟོང་དུ་དུད་འགྲོར་སྐྱེ་བར་མི་འགྱུར། བསྐལ་པ་ཁྲི་ཉིས་སྟོང་དུ་བློ་ངན་པར་མི་འགྱུར། ་བསྐལ་པ་ཁྲི་བརྒྱད་སྟོང་དུ་མཐའ་འཁོབ་དུ་སྐྱེ་བོའི་ནང་དུ་སྐྱེ་བར་མི་འགྱུར། བསྐལ་པ་ཉིས་ཁྲི་རབ་ཏུ་སྦྱིན་པ་ལ་དཔའ་བར་འགྱུར། བསྐལ་པ་ཉི་ཁྲི་ལྔ་སྟོང ་དུ་ལྷའི་འཇིག་རྟེན་དུ་སྐྱེ་བར་འགྱུར། བསྐལ་པ་སུམ་ཁྲི་ལྔ་སྟོང་དུ་ཚངས་པར་སྤྱད་པ་སྤྱོད་པར་འགྱུར་རོ།། དེ་སྐལ་པ་བཞི་ཁྲིར་ཁྱིམ་གྱི་གནས་ནས་འབྱུང་བར ་འགྱུར། བསྐལ་པ་ལྔ་ཁྲིར་ཆོས་འཛིན་པར་འགྱུར། བསྐལ་པ། ཁྲི་ལྔ་སྟོང་དུ་འཆི་བ་རྗེསུ་དྲན་པ་བསྒོམ་པར་འགྱུར་རོ།། ཀུན་ཏུ་དཔའ་བ་རིགས་ཀྱི་བུ་འམ ་རིགས་ཀྱི་བུ་མོ་དེ་ལ་སྡིག་པོའི་ལས་ཅུང་ཟད་ཀྱང་འབྱུང་བར་མི་འགྱུར་རོ།། དེ་ལ་བདུད་སྡིག་ཅན་གྱིས་བརླགས་རྙེད་པར་མི་འགྱུར་རོ།། ནམ་དུ་ཡང་མིའི་མངལ ་དུ་སྐྱེ་བར་མི་འགྱུར་རོ།། ཀུན་ཏུ་དཔའ་བ་གང་ཆོས་ཀྱི་རྣམ་གྲངས་འདི་ཐོས་པ་དེ་ནི་གང་དང་གང་དུ་སྐྱེ་བ་ཡང་བསྐལ་པ་གྲངས་མེད་པ་དགུ་བཅུ་རྩ་ལྔར་ལོག་པར ་ལྟུང་བར་མི་འགྱུར་རོ།། བསྐལ་པ་བརྒྱད་ཁྲིར་ཟོས་བུ་འགྱུར། བསྐལ་པ་སྟོང་དུ་སྲོག་གཅོད་པ་སྤོང་བར་འགྱུར། བསྐལ་པ་དགུ་ཁྲི་དགུ་སྟོང་དུ་བརྫུན་སྨྲ་བ་སྤོང ་བར་འགྱུར། བསྐལ་པ་སུམ་ཁྲི་སུམ་སྟོང་དུ་ཕྲ་མའི་ཚིག་སྤོང་བར་འགྱུར་ཏེ། ཀུན་ཏུ་དཔའ་བ་གང་ཆོས་ཀྱི་རྣམ་གྲངས་འདི་ཐོས་པའི་སོས ་ཅན་དེ་དག་གི་རྙེད་པར་དཀའོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་དཔའ་བ་བསྟན་ལས་ལངས་ཏེ། བླ་གོས་བྲག་པ་ཅིག་ཏུ་གཟར་ནས། ་པུས་མོ་གཡས་པའི་ལྷ་ང་ས་ལ་གཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགསུ་ཟིལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ་བཅོམ་ལྡན་འདས་གང་དག་ཆོས་ཀྱི་རྣམ་གྲངས་འདི་སློང་བ་དག་སྡིག་པའི་ལས་ཀྱི་ཕུང་པོ་ཇི་ཙམ་ཞིག་སྐྱེད་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་ཀུན་ཏུ་དཔའ་བ་མང་ངོ་།། གསོལ་པ། བཅོམ་ལྡན་འདས་སེམས་ཅན་དེ་དག་སྡིག་པའི་ལས་ཀྱི་ཕུང་པོ་ཇི་ཙམ་ཞིག་སྐྱེད་པར་འགྱུར། བཅོམ་ལྡན་འདས་ཀྱིས ་བཀའ་སྩ་ལ་པ། ཀུན་ཏུ་དཔའ་བ་ཁ་རོག་ང་ལ་སྡིག་པའི་ལས་ཀྱི་ཕུང་པོ་ཀུན་མ་འདྲི་ཤིག། ཀུན་ཏུ་དཔའ་བ་གང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང ་དག་པར་རྫོགས་པའི་སངས་རྒྱས་གང་གའི་ཀླུང་བཅུ་གཉིས་ཀྱི་བྱེ་མ་སྙེད་ལ་གནོད་སེམས་བསྐྱེད་པར་བས་ནི་གང་ཟུང་གི་མདོ་ལ་སྤྱོད་པ་དེ་དེ་བས་མི་དགེ ་བའི་ཕུང་པོ་ཆེས་མང་དུ་སྐྱེད་དེ།། ཀུན་ཏུ་དཔའ་བ་གང་དག་ཐེག་པ་ཆེན་པོ་ལ་གནོད་པའི་སེམས་སྐྱེད་པ་དེ་དག་ཀྱང་དེ་བས་མི་དགེ་བའི་ཕུང་པོ་ཆེས ་མང་དུ་སྐྱེད་པར་འགྱུར་ཏེ། ཀུན་ཏུ་དཔའ་བ་སེམས་ཅན་དེ་དག་ནི་ཚིག་པ་དེས་ཚིག་པ་ཉིད་དོ།། ཀུན་ཏུ་དཔའ་བས་གསོལ་པ། བཅོམ་ལྡན་འདས་སེམས ་ཅན་དེ་དག་ནི་ཐར་པར་བགྱི་མི་ནུས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། ཀན་ཏུ་དཔའ་བ་དེ་བཞིན་ཐར་བར་བྱ་མི་ནུས་སོ།། ཀུན་ཏུ་དཔའ་བ ་འདི་ལྟ་སྟེ་དཔེར་ན། མི་ལ་ལ་ཞིག་གི་མགོ་བཅད་པ་དེ་ལ་དེས་སྨན་སྦྲང་རྩི་འམ། ཁ་ར་འམ་བུ་རམ་འམ། མར་རམ་འབྲུ་མར་རམ། བཀུའི་སྨན་གང་ཡང་རུང ་ཞིག་གིས་མགོ་ལ་སྨྲས་ན། ཀུན་ཏུ་དཔའ་བ་འདི་ཇི་སྙམ་དུ་སེམས། སེམས་ཅན་དེ་སླར་ལྡང་ནུས་སམ། ཀུན་ཏུ་དཔའ་བས་གསོལ་པ། བཅོམ་ལྡན་འདས ་རྔོ་མི་ཐོག་གོ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་ཏུ་དཔའ་བ་གཞན་ཡང་གཞན་ཞིག་ཀྱང་ཡོད་པར་གྱུར་ལ་དེས་སེམས་ཅན་གཞན་ལ་མཚོན ་རྣོ་པོས་བཏབ་ན་མཚོན་ཐང་གཅིག་བཏབ་པས་སྲོག་ཆོད་མ་ནུས་ཀྱང་ཀུན་ཏུ་དཔའ་བརྨ་འབྱུང་བར་འགྱུར་ཏེ། སྨན་གྱིས་སྦྱར་ན་དེའི་རྨ་འཚོ་བར་འགྱུར་རོ།། ་ནམ་སོས་པར་གྱུར་པ་དེ་ནི་སྡུག་བསྔལ་དྲན་ནས། ད་ནི་བདག་གིས་ཤེས་ཀྱིས་ལན་འགའ་ཡང་སྡིག་པ་མི་དགེ་ལས་མངོན་པར་འདུ་བྱ་བ་མི་བྱའོ་སྙམ ་དུ་སེམས་པ་དེ་བཞིན་དུ་ཀུན་ཏུ་དཔའ་བ་མི་དེ་ནས་སྡུག་བསྔལ་དྲན་པ་དེ་ན་སྡིག་པ་ཐམས་ཅད་ཡོངས་སུ་སྤོང་ངོ་།། དེའི་ཚེ་ཆོས་ཐམས་ཅད་མངོན་སུམ་དུ ་བྱེད་པར་འགྱུརརོ།། ཆོས་ཐམས་ཅད་མངོན་སུམ་བྱས་ནས་དེའི་ཚེ་དགེ་བའི་ཆོས་ཐམས་ཅད་ཡོངསུ་རྫོགས་པར་འགྱུར་རོ།། ཀུན་ཏུ ་དཔའ་བ་འདི་ལྟ་སྟེ་དཔེར་ན། མི་ཞིག་ཤི་བའི་ཕ་མ་མྱ་ངན་བྱེད་ཅིང་སྨྲེ་སྔགས་འདོན་ཀྱང་དེ་ལ་སྐྱབས་བྱེད་ནུས་པ་མེད་པ་དེ་བཞིན་དུ། ཀུན་ཏུ་དཔའ་བ་བྱིས་པ ་སོ་སོའི་སྐྱེ་བོའི་སེམས་ཅན་རྣམས་ཀྱང་བདག་ལ་ཕན་པ་དང་། གཞན་ལ་ཕན་པ་བྱེད་མི་ནུས་སྟེ། ཕ་མ་རེ་ཐག་ཆད་པ་བཞིན་དུ་སེམས་ཅན་རྣམས་ཀྱང་འཆི་བའི ་དུས་ཀྱི་ཚེ་རེ་ཐག་ཆད་པར་འགྱུར་རོ།། ཀུན་ཏུ་དཔའ་བ་གཉིས་པོ་འདི་དག་ནི་སེམས་ཅན་རྣམས་ཀྱི་རེ་ཐག་ཆད་པ་ཡིན་ཏེ། གཉིས་གང་ཞེ་ན། འདི་ལྟ་སྟེ། གཅིག ་ནི་སེམས་ཅན་སྡིག་པ་བྱས་པ་འམ། བྱེད་དུ་འཇུག་པའོ།། མི་གཅིག་ཤོས་ནི་དམ་པའི་ཆོས་སྤོང་བ་སྟེ། གཉིས་པ་དེ་དག་ནི་སེམས་ཅན་རྣམས་འཆི་བའི་དུས ་ཀྱི་ཚེ་རེ་ཐག་ཆད་པའོ་བྱང་ཆུབ་སེམས་དཔའ་ཀུན་ཏུ་དཔའ་བས་གསོལ་པ། བཅོམ་ལྡན་འདས་སེམས་ཅན་དེ་དག་གིས་འགྲོ་བ་གང་ལགས། ཚེ་སླད་མ་གང་ལགས། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་ཏུ་དཔའ་བ་སེམས་ཅན་དམ་པའི་ཆོས་ལ་སྨོད་པ་རྣམས་ཀྱི་འགྲོ་བ་ནི་མཐའ་ཡས་ཏེ་ཚེ་ཕྱི་མ་ཡང་མཐའ་ཡས་སོ།། ་ཀུན་ཏུ་དཔའ་བ་དམ་པའི་ཆོས་སྤང་བའི་སེམས་ཅན་དེ་དག་ནི་བསྐལ་པར་སེམས་ཅན་དམྱལ་བར་ཆེན་པོ་དྲ་བོང་དུ་ཚོར་བ་མྱོང་བར་འགྱུར་རོ།། བསྐལ་པར་བསྡུས ་འཇོབས་དང་། བསྐལ་པར་ཚ་བ་དང་། བསྐལ་པ་རབ་ཏུ་ཚ་བ་དང་། སྐལ་པར་སེམས་ཅན་དམྱལ་བ་ཆེན་པོ་ཐིག་ནག་དང་། བསྐལ་པར་སེམས་ཅན་དམྱལ་བ ་ཆེན་པོ་མནར་མེད་པ་དང་། བསྐལ་པར་སེམས་ཅན་དམྱལ་བ་ཆེན་པོ་སྤུ་ཟིང་ཞེས་བྱེད་པ་དང་། བསྐལ་བར་སེམས་ཅན་དམལ་བ་ཆེན་པོའི་ཀྱི་ཧུད་ཟེར་བ་དང་། ཀུན ་ཏུ་དཔའ་བ་སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་པོ་དེ་དག་ཏུ་བསྐལ་པ་བརྒྱད་པ་ཀྱི་བར་དུ་སྡུག་བསྔལ་མྱོང་བར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་དཔའ་བས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སྡུག་བསྔལ་ལགས་སོ།། བདེ་བར་གཤེགས་པ་སྡུག ་བསྔལ་ལགས་སོ།། ཉན་པར་མི་སྤྲོའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིག་སུ་བཅད་པ་འདི་དག་བཀའ་སྩལ་ཏོ།། སེམས་ཅན་དམྱལ་བར་སེམས ་ཅན་རྣམས།། ཇི་ལྟར་སྡུག་བསྔལ་རབ་ཚེར་མྱོང་།། འཇིགས་པ་ཆེན་པོའི་ཚིག་འདི་ལ།། ཁྱོད་ནི་ཉན་པར་སྒྲོ་མ་ཡིན།། གང་ཞིག་དགེ་བའི་ལས་བྱེད་པ།། ་དེ་ནི་དགེ་བར་འགྱུར་བ་ཡིན།། གང་ཞིག་མི་དགེ་ལས་བྱེད་པ།། དེའང་སྡུག་བསྔལ་ཉིད་དུ་འགྱུར།། གང་ཞིག་བདེ་རྒྱུ་མི་ཤེས་པ།། སྐྱེས་ནས་འཆི་བའི་སྡུག ་བསྔལ་དང་།། མྱ་ངན་བཅིངས་པའི་སྡུག་བསྔལ་གྱིས།། བྱིས་པ་རྟག་ཏུ་སྡུག་བསྔལ་ལོ།། གང་དག་སངས་རྒྱས་མཆོག་དྲན་པ།། མཁས་པ་རྣམས་ནི། ་བདེ་ག་ཡས།། ཐེག་པ་ལེ་ལ་དད་པ་ཡང་།། དེ་དག་ངན་འགྲོར་འགྲོམ་འགྱུར།། ཀུན་ཏུ་དཔའ་དེ་བཞིན་དུ།། སྔོན་གྱི་ལས་ཀྱིས ་བསྐལ་ནས།། ལས་ནི་ཆུང་ངུ་བྱས་པ་ཡང་།། འབྲས་བུ་འཐའ་ཡས་སྤྱོད་པར་འགྱུར།། སངས་རྒྱས་ཞིང་གི་ཞིང་མཆོག་ཏུ།། ས་བོན་བཏབ་ན་འབྲས་བུ ་།། ཇི་ལྟར་ས་བོན་ཉུང་བཏབ་ལས།། འབྲས་བུ་མང་པོས་སྤྱོད་པ་བཞིན།། རྒྱལ་བའི་བསྟན་ལ་དགའ་བྱེད་པ།། མཁས་པ་རྣམས་ནི་བདེ་བར་འགྱུར།། ་སྡིག་པ་དག་ནི་རྣམ་པར་སྤྱོང་།། དགེ་བདག་ཀྱང་མང་དུ་བྱེད།། གང་དག་ངའི་བསྟན་པ་ལ།། སྦྱིན་པ་སྐྲ་ཙམ་བྱེད་པ་ནི།། བསྐལ་པ་སྟོང་ཕྲག་བརྒྱད་བཅུ་རུ།། ་ལོངས་སྤྱོད་ཆེ་ཞིང་ནོར་ཡང་མང་།། གང་དང་གང་དུ་སྐྱེས་པ་ཡང་།། དེ་དག་རྟག་ཏུ་སྦྱིན་པ་ཅན།། དེ་ལྟར་སངས་རྒྱས་སྦྱིན་པའི་གནས།། ཟབ་མོ་དེ་ནི་འབྲས་བུ ་ཆེ།། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་དཔའ་བས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཇི་ལྟར ་བཅོམ་ལྡན་འདས་ཀྱི་བསྟན་པའི་ཆོས་འཚལ་བར་བགྱི།། བཅོམ་ལྡན་འདས་ཇི་ལྟར་ན་ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་ཐོས་ནས་དགེ་བའི་རྩ་བ་ཡོངས་སུ་འཛིན ་པར་འགྱུར།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་ཏུ་དཔའ་བ་གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས ་གང་གའི་ཀླུང་བཅུ་གཉིས་ཀྱི་བྱེ་མ་སྙེད་དག་ལ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་པ་ལྟར་གང་གིས་ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་འདི་ཉན་པ ་དེའི་བསོད་ནམས་ཀྱི་ཕུང་པོ་ཡང་དེ་བཞིན་དུ་ཤེས་པར་བྱའོ།། བྱང་ཆུབ་སེམས་དཔའ་ཀུན་ཏུ་དཔའ་བས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་དགེ་བའི་རྩ་བ ་ཡོངས་སུ་རྫོགས་པར་བགྱི། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་དཔའ་བ་ལ་འདི་སྐད ་ཅེས་བཀའ་སྩལ་ཏོ།། གང་དགེ་བའི་རྩ་བ་དེ་ནི་དེ་བཞིན་གཤེགས་པ་དང་མཚུངས་པར་ཤེས་པར་བྱའོ།། དགེ་བའི་རྩ་བ་དེ་བཞིན་གཤེགས་པ་དང་མཚུངས།། ་པར་འཚོལ་བར་བགྱི་བ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་ཏུ་དཔའ་བོ་ཆོས་སྨྲ་བ་ནི་དེ་བཞིན་གཤེགས་པ་དང་མཚུངས་པར ་ཤེས་པར་བྱའོ།། ཀུན་ཏུ་དཔའ་བས་གསོལ་པ། བཅོམ་ལྡན་འདས་ཆོས་སྨྲ་བ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ཟུང་གི ་མདོ་སྒྲོགས་པ་དེ་ནི་ཆོས་སྨྲ་བའོ།། ཀུན་ཏུ་དཔའ་བས་གསོལ་པ། བཅོམ་ལྡན་འདས་གང་དག་ཟུང་གིའི་མདོའི་ཆོས་ཀྱི་རྣམ་གྲངས་ཐོས་པ་དེ་དག་ཀྱང་འ ་ལྟ་བའི་བསོད་ནམས་ཀྱི་ཕུང་པོ་བསྐྱེད་པར་འགྱུར་ན། གང་དག་ཡི་གེར་འབྲི་བ་དང་ཀློག་པ་དང་ལྟ་ཅི་སྨོས་ཏེ། དེ་དག་བསོད་ནམས་ཀྱི་ཕུང་པོ་ཇི་ཙམ་ཞིག ་བསྐྱེད་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཀུན་ཏུ་དཔའ་བ་ཉོན་ཅིག། འདི་ལྟ་སྟེ་དཔེར་ན། ཕྱོགས་བཞིའི་ཕྱོགས ་རེ་རེར་ཡང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་གའི་ཀླུང་བཅུ་གཉིས་ཀྱི་བྱེ་མ་སྙེད་དག་བསྐལ་པ་བཅུ་གཉིས་ཀྱི ་བར་དུ་ཞུགས་ཤིང་ཆོས་སྟོན་ཏོ།། ཟུང་གི་མདོ་འདི་ཡི་གེར་འབྲི་བ་དེའི་བསོད་ནམས་ཀྱི་ཕུང་པོ་དེ་བརྗོད་ཀྱང་དེའི་བསོད་ནམས་ཀྱི་ཕུང་པོ་དེ་མཐའ་རྟོགས་སྙད་ཀྱིས ་བར་རམ་ཚིག་གིས་བརྗོད་པར་མི་ནུས་སོ།། སངས་རྒྱས་བཅོམ་ལྡན་འདས་གང་གི་ཀླུང་བཞི་བཅུ་རྩ་བརྒྱད་ཀྱི་བྱེ་མ་སྙེད་ཀྱིས་ཀྱང་ཡི་གེར་འབྲི་བའི་བསོད་ནམས ་ཀྱི་ཕུང་པོ་དེ་བརྗོད་པར་མི་ནུས་ན། གང་ཡི་གེར་འབྲི་བ་དང་། སེམས་དཔའ་དང་། ཀློག་པ་དེ་དག་ཆོས་ཀྱི་གཏེར་དུ་འགྱུར་བ་ལྟ་ཅི་སྨོས། བྱང་ཆུབ་སེམས་དཔའ ་ཀུན་ཏུ་དཔའ་བས་གསོལ་བ། བཅོམ་ལྡན་འདས་ཀློག་པའི་བསོད་ནམས་ཀྱི་ཕུང་པོ་ཇི་ཙམ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིག་སུ་བཅད་པ་འདི་དག་བཀའ ་སྩལ་བ།། ཚིག་བཞི་པའི་ཚིགསུ་བཅད་པ་ཙམ།། ཀླགས་པ་རྣམས་ཀྱིས་དགེ་བ་དང་།། གང་ག་བརྒྱད་བཅུ་རྩ་བཞི་ཡི།། བྱེ་མ་རྙེད་ཀྱི་རྒྱལ་བ་ཡི།། འདིར་ནི་ཟླ ་གི་མདོ་ཀླགས་པ།། དེ་དག་བསོད་ནམས་གང་ཡོད་པ།། རྒྱུན་མི་འཆད་པར་བརྗོད་གྱུར་ཀྱང་།། བསོད་ནམས་དེ་ནི་ཟད་མི་འགྱུར།། སངས་རྒྱས་རྣམས་ཀྱིས་ཆོས ་བསྟན་པ།། རྙེད་པར་དཀའ་ཞིང་མཐའ་ཡས་སོ།། ཡང་དེའི་དུས་ན་ལྷ་བྱེ་བ་ཁྲག་ཁྲིག་བརྒྱད་སྟོང་ཕྲག་བརྒྱད་བཅུ་རྩ་བཞིས་ཟུང་གི་མདོའི་ཆོས་ཀྱི་རྣམས་གྲངས་བསྟན ་བ་ག་ལ་བ་དེ་ལོག་སུ་ཐལ་མོ་སྦྱར་བ་བཏུད་ནས།། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གང་གི་སླད་དུས་ཆོས་ཀྱི་གཏེར་འདི ་ལྟ་བུ་བཅོམ་ལྡན་འདས་ཀྱིས་འཛམ་བུ་གླིང་འདིར་བཞག་པ་ནི་ལེག་སོ་ལེགས་སོ།། གཞན་གཅེར་བུ་བ་བྱེ་བ་ཁྲག་ཁྲིག་བརྒྱད་སྟོང་ཕྲག་བཅཝོ་བརྒྱད། ་བཅོམ་ལྡན་འདས་ག་ལ་བ་དེར་ལྷགས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་དགེ་སྦྱོང་གོའུ་ཏ་མ་རྒྱལ་ལོ།། བཅོམ་ལྡན་འདས་ཀྱིས་བཀའ ་སྩལ་པ། དེ་བཞིན་གཤེགས་པ་ནི་རྟག་ཏུ་རྒྱལ་ལོ།། ཀྱེ་མུ་སྟེགས་ཅན་གཅེར་བུ་པ་ཅན་དག་མུ་སྟེགས་ཅན་ཁྱེད་ཇི་ལྟར་རྒྱལ་བར་འགྱུར།། དེ་དག་གིས་སྨྲས ་པ། རྒྱལ་བར་མཛད། དགེ་སྦྱོང་གོའུ་ཏ་མ་རྒྱལ་བར་མཛོད།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངས་ཁྱེད་རྣམས་ལ་རྒྱལ་བ་མ་མཐོང་ངོ་།། ཁྱེད་ནི ་ཕྱིན་ཅི་ལོག་གནས་ན། ཇི་ལྟ་བུར་ནི་རྒྱལ་བར་འགྱུར། གཅེར་བུ་ཁྱེད་རྣམས་ཉོན་ཅིག་དང་། ཁྱེད་ལ་ཕན་པ་བརྗོད་པར་བྱ། བྱིས་པ་བློ་ལ་བདེ་བ་མེད།། ་ཁྱེད་ཅག་རྒྱལ་བར་ག་ལ་འགྱུར། ངས་ནི་སངས་རྒྱས་སྤྱན་གྱིས། ཟབ་མོའི་ལམ་ཡང་བསྟན་པར་བྱ། དེ་ནས་གཅེར་བུ་པ་དེ་དག་བཅོམ་ལྡན་འདས་ལ་ཁྲོས ་ནས་མ་དད་པའི་སེམས་སྐྱེད་དོ།། དེའི་ཚེ་དེའི་དུས་ན་ལྷའི་དབང་པོ་བརྒྱ་བྱིན་གྱིས་རྡོ་རྗེ་གསོར་བ་དང་། དེ་ནས་གཅེར་བུ་པ་བྱེ་བ་ཕྲག ་བཅོ་བརྒྱད་པོ་དེ་དག་སྔངས་སྐྲག་ནས། སྡུག་བསྔལ་ཆེན་པོ་ཉམ་ཐག་སྟེ། ངུ་ཞིང་མཆི་མ་ཟག་པ་དང་། དེ་བཞིན་གཤེགས་པས་ཀྱང་སྐུ་མི་སྣང་བར་མཛད་དོ།། ་དེ་ནས་གཅེར་བུ་པ་དེ་དག་ངུ་ཞིང་། གདོང་མཆི་མས་གང་བས་བཅོམ་ལྡན་འདས་མ་མཐོང་ནས་ཚིགསུ་བཅད་པ་འདི་དག་སྨྲས་སོ།། འདི་ན་དཔུང་གཉེན་སུ་ཡང་མེད།། ་དེ་བཞིན་པ་མེད་མ་ཡང་མེད།། འབྲོག་དགོན་བཞིན་དུ་རབ་ཏུ་མཐོང་།། ཁང་པ་སྟོང་པ་གནས་མེད་དོ།། འདི་ན་ཆུ་ཡང་མ་ཡོད་དོ།། ཤིང་ཡང་མེད་ཅིང་བྱ་ཡང་མེད།། ་འདི་ན་སྐྱེ་བོ་མ་མཐོང་སྟེ།། མགོན་མེད་སྡུག་བསྔལ་ཚོར་བ་ནི།། དེ་བཞིན་གཤེགས་པ་མ་མཐོང་བས།། མི་ཟད་ཆེན་པོ་མྱོང་བར་འགྱུར།། ཡང་དེའི་ཚེ་ན་གཅེར་བུ། ་བ་བྱེ་བ་ཕྲག་བཅོ་བརྒྱད་པོ་དེ་དག་སྟན་ལས་ལངས་ཏེ།། པུས་མོ་གཉིས་ས་ལ་བཙུགས་ནས་སྒྲ་འབྱིན་ཅིང་དབྱངས་ཀྱིས་གོ་བར་བྱེད་དོ།། དེ་བཞིན་གཤེགས་པ ་ཐུགས་རྗེ་ཅན།། རྫོགས་པའི་སངས་རྒྱས་རྐང་གཉིས་མཆོག། བདག་ཅག་རྣམས་ལ་ཕན་པར་མཛོད།། འགྲོ་བ་པ་ཉམས་ཐག་སྐྱབསུ་གསོལ།། དེ་ནས་བཅོམ་ལྡན ་འདས་ཀྱིས་འཛུམ་པ་མཛད་ནས།། བྱང་ཆུབ་སེམས་དཔའ་ཀུན་ཏུ་དཔའ་བས་ལ་བཀའ་སྩལ་པ།། ཀུན་ཏུ་དཔའ་བ་སོང་ལ་གཞན་མུ་སྟེགས་ཅན་གཅེར་བུ་པ་རྣམས ་ལ་ཆོས་བཤོས་ཅིག། དེ་སྐད་ཅེས་བཀའ་སྐུལ་བ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་དཔའ་བས་འདི་སྐད་ཅེས ་གསོལ་ཏོ།། བཅོམ་ལྡན་འདས་རི་ནག་པོ་ནི་རི་རབ་རིའི་རྒྱལ་པོ་ལ་གོར་མ་བཀུམ་པར་རྩེ་མོ་འདུད་ན། དེ་བཞིན་གཤེགས་པ་བཞུགས་བཞིན་དུ་བདག་གིས་ཇི་ལྟར ་ཆོས་བསྟན་པར་བགྱི།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁ་རོགས་རིགས་ཀྱི་བུ་དེ་བཞིན་གཤེགས་པ་རྣམས་ཀྱི་ཐབས་མཁས་པ་མང་གིས་ཀུན་ཏུ་དཔའ་བ་སོང ་ལ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམསུ་ལྟོས་ཏེ། དེ་བཞིན་གཤེགས་པ་ལ་སྣང་བ་དང་། དེ་བཞིན་གཤེགས་པའི་བདེན་གང་དུ་བཏིང་བ་ལྟོས་ཤིག་དང་། ཀུན་ཏུ་དཔའ་བ ་ང་ཉིད་ཀྱིས་གཞན་མུ་སྟེགས་ཅན་གཅེར་བུ་པ་རྣམས་ལ་ཆོས་བསྟན་པར་བྱའོ།། བྱང་ཆུབ་སེམས་དཔའ་ཀུན་ཏུ་དཔའ་བས་གསོལ་བ། བཅོམ་ལྡན་འདས་རང་གི་རྫུ་འཕྲུལ ་གྱིས་སམ། འོན་ཏེ་དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱིས་མཐུས་སམ། སུའི་རྫུ་འཕྲུལ་གྱི་མཐུས་མཆིས་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་ཀུན་ཏུ་དཔའ་བ་རང་གི་རྫུ་འཕྲུལ་གྱི་སྟོབས་ཀྱི་བྱིན་གྱི་བརླབས་ཀྱིས་སོང་ཤིག། ཀུན་ཏུ་དཔའ་བ་དེ་བཞིན་གཤེགས་པའི་མཐུས་ནི་བྱེར་ཤོག་ཤིག། དེ་ནས་བྱང་ཆུབ ་སེམས་དཔའ་ཀུན་ཏུ་དཔའ་བསྟན་ལས་ལངས་ནས། བཅོམ་ལྡན་འདས་ལ་བསྐོར་བ་བྱས་སྟེ་དེ་ཉིད་མི་སྣང་བར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་གཞན ་མུ་སྟེགས་ཅན་དེ་དག་ལ་ཆོས་བསྟན་པ་གྲོགས་པོ་དག། སྐྱེ་བ་ནི་སྡུག་བསྔལ་བ་ཡིན་ཏེ། སྐྱེ་བ་ཉིད་ཀྱང་སྡུག་བསྔལ་བའོ།། ་སྐྱེས་ནས་སྡུག་བསྔལ་གྱི་འཇིགས་པ་མང་དུ་འབྱུང་ངོ་སྐྱེས་ནས་ནད་ཀྱི་འཇིགས་པ་རྣམས་འབྱུང་ངོ་།། ནད་ལས་རྒ་བའི་འཇིགས་པ་རྣམས་འབྱུང་ངོ་།། རྒས་པ ་ལས་འཆི་བའི་འཇིགས་པ་འབྱུང་ངོ་།། བཅོམ་ལྡན་འདས་སྐྱེས་པ་ལས་སྐྱེ་བའི་འཇིགས་པ་སྐྱེ་བར་འགྱུར་ཞེས་བགྱི་བ་གང་ལགས། མེར་སྐྱེས་ནས་འཇིགས་པ་མང ་དུ་འབྱུང་སྟེ། རྒྱལ་པོའི་འཇིགས་པ་འབྱུང་།། རྐུན་པོའི་འཇིགས་པ་འབྱུང་ངོ་།། མེའི་འཇིགས་པ་འབྱུང་ངོ་།། དུག་གི་འཇིགས་པ་འབྱུང་ངོ་།། ཆུའི་འཇིགས ་པ་འབྱུང་ངོ་།། རླུང་གི་འཇིགས་པ་འབྱུང་ངོ་།། ཀློང་འཁྱིལ་པའི་འཇིགས་པ་འབྱུང་ངོ་།། རང་གིས་བྱས་པའི་ལས་རྣམས་ཀྱི་འཇིགས་པ་འབྱུང་ངོ་།། བཅོམ ་ལྡན་འདས་ཀྱིས་སྐྱེ་བའི་གླིང་བཞི་དེ་ལྟ་བུ་རྣམ་པ་མང་པོས་ཆོས་བསྟན་པ་དང་། དེའི་ཚེ་དེའི་དུས་ན་གཞན་མུ་སྟེགས་ཅན་གཅེར་བུ་པ་དེ་དག་རབ་ཏུ་སྐྲག ་པར་གྱུར་ནས། བདག་ཅག་ནི་ཕྱིན་ཆད་སྐྱེ་བ་ལ་ནམ་ཡང་མི་མོས་སོ་ཞེས་དེ་སྐད་སྨྲས་སོ།། བཅོམ་ལྡན་འདས་ཀྱིས་ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་འདི ་བཤད་པ་ན། གཞན་མུ་སྟེགས་ཅན་གཅེར་བུ་པ་བྱེ་བ་ཕྲག་བཅོ་བརྒྱད་པོ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་རྫོགས་པར་འགྱུར་རོ།། ་རང་གི་འཁོར་ལས་ཀྱང་བྱང་ཆུབ་སེམས་དཔའ་སྟོང་ཕྲག་བཅོ་བརྒྱད་ས་བཅུ་ལ་རབ་ཏུ་གནས་པར་གྱུར་ནས། ཐམས་ཅད་ཀྱིས་ཀྱང་རྫུ་འཕྲུལ་གྱིས་རྣམ་པར་འབྲལ་པ ་འདི་ལྟ་སྟེ། རྟའི་གཟུགས་དང་། གླང་པོ་ཆེའི་གཟུགས་དང་། སྟག་གི་གཟུགས་དང་། ན་མཁའ་ལྡིང་གི་གཟུགས་དང་། རི་རབ་ཀྱི་གཟུགས་གཡུང་དྲུང་རིས་ལྟེ་བུའི ་གཟུགས་དང་། ལ་ལ་དག་ནི་ཤིང་ལྗོན་པས་གཟུགསུ་སྟོན་ཅིང་། ཐམས་ཅད་ཀྱང་པད་མའི་ཁྱིལ་དཀྱིལ་མོ་དྲུང་དུ་འཁོད་དོ།། བྱང་ཆུབ་སེམས་དཔའ་བྱེ་བ་སྟོང་ཕྲ ་དགུ་ནི། བཅོམ་ལྡན་འདས་ཀྱི་གཡས་རོལ་ན་འཁོད་དོ།། བྱང་ཆུབ་སེམས་དཔའ་བྱེ་བ་སྟོང་ཕྲག་དགུ་ནི་བཅོམ་ལྡན་འདས་ཀྱི་གཡོན་རོལ་ན་མཁོད་ཅིང་དེ་བཞི ་གཤེགས་པ་ནི་རྟག་ཏུ་མཉམ་པར་བཞག་སྟེ། ཐབས་མཁས་པས་ཆོས་བསྟན་པར་མི་སྣང་ངོ་།། ཞག་བདུན་པའི་ཉིན་མོ་དེ་བཞིན་གཤེགས་པ་ཕྱག་གི ་མཐིལ་བརྐྱངས་སྟེ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་དཔའ་བ་པདྨ་བླ་མའི་འཇིག་རྟེན་ཏེ་གྱི་ཁམས་ནས་འདིར་འོང ་མཁྱེན་ཏོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་དཔའ་བ་ནམ་འགྲོ་བ་དེ་ན་རང་གིས་རྫུ་འཕྲུལ་གྱི་སྟོབས་ཀྱི་བྱིན་གྱི་བརླབས་ཀྱིས་པདྨའི་བླ་མའི ་འཇིག་རྟེན་གྱི་ཁམས་དེར་ཉིན་ཞག་བདུན་གྱིས་ཕྱིན་ཏོ།། ནམ་བཅོམ་ལྡན་འདས་ཀྱིས་བརྐྱངས་དེའི་ཚེ། བྱང་ཆུབ་སེམས་དཔའ་ཀུན་ཏུ་དཔའ་བ་བཅོམ་ལྡན ་འདས་ཀྱི་སྤྱན་སྔར་འདུག་སྟེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ལ ་སེམས་དང་ཞིང་། བཅོམ་ལྡན་འདས་ག་ལ་བ་དེ་ལོག་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས ་བདག་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་མ་མཆིས་ན། བཅོམ་ལྡན་འདས་བདག་གིས་རྫུ་འཕྲུལ་གཅིག་གིས་ནི་སངས་རྒྱས་ཀྱི་ཞིང་བྱེ་བ ་སྟོང་ཕྲག་གུ་བཅུ་རྩ་གཉིས་དགུ་དང་རྫུ་འཕྲུལ་གྱིས་ནི་བཅོམ་ལྡན་འདས་བྱེ་བ་སྟོང་མཐོང་སྟེ། བདུགས་བདུན་པ་ལ་པདྨ་བླ་མའི་འཇིག་རྟེན་གྱི་ཁམས ་སུ་ཕྱིན་ནས་དེའི་བར་ན་སངས་རྒྱས་ཀྱི་ཞིང་མི་འཁྲུགས་པ་བྱེ་བ་བརྒྱ་སྟོང་དག་ཀྱང་མཐོང་སྟེ། བཅོམ་ལྡན་འདས་དེ་ནས་གདོད་སངས་རྒྱས་བཅོམ་ལྡན ་འདས་རྣམས་ཀྱི་རྫུ་འཕྲུལ་དང་། སངས་རྒྱས་ཀྱི་ཞིང་བྱེ་བ་སྟོང་ཕྲག་དགུ་བཅུ་རྩ་གཉིས་དག་ན་དེ་བཞིན་གཤེགས་པ་ཆོས་སྟོན་པ་དང་། དེ་ཉིད་ཀྱི ་བདུགས་ལ་སངས་རྒྱས་ཀྱི་ཞིང་སྟོང་ཕྲག་བརྒྱད་བཅུ་དག་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱེ་བ་ཕྲག ་བརྒྱད་བཅུ་འཇིག་རྟེན་དུ་བྱུང་བ་མཐོང་སྟེ། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ལ་ཕྱག་བགྱིས་ནས་སླར་མཆིས་སོ།། བཅོམ་ལྡན་འདས་དེ་ཉིད ་ཀྱི་བདུགས་ལ་སངས་རྒྱས་ཀྱི་ཞིང་བྱེ་བ་སྟོང་ཕྲག་སུམ་བཅུ་རྩ་དགུ་འདས་ནས། སངས་རྒྱས་ཀྱི་ཞིང་བྱེ་བ་སྟོང་ཕྲག་སུམ་བཅུ་རྩ་དགུ་པོ་དེ་དག་ཐམས་ཅད་ན་ཡང ་བྱང་ཆུབ་སེམས་དཔའ་བྱེ་བ་སྟོང་ཕྲག་སུམ་བཅུ་རྩ་དགུ་པོ་དེ་དག་ཐམས་ཅད་ན་ཡང་བྱང་ཆུབ་སེམས་དཔའ་བྱེ་བ་སྟོང་ཕྲག་སུམ་བཅུ་རྩ་དག་བྱུང་སྟེ། དེ་ཉིད་ཀྱི ་བདུགས་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོ ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ལ་ལན་གསུམ་བསྐོར་བ་བགྱིས་པ་དང་། རྫུ་འཕྲལ་གྱིས་མ་འདའ་བར་གྱུར་ཏོ།། བཅོམ་ལྡན་འདས ་སངས་རྒྱས་ཀྱི་ཞིང་བྱེ་བ་ཕྲག་དྲུག་བཅུ་རྣམསུ་ཡང་སངས་རྒྱས་བཅོམ་ལྡན་འདས་དག་མཐོང་སྟེ། བཅོམ་ལྡན་འདས་སངས་རྒྱས་ཀྱི་ཞིང་དེ་དག་དང་།། ་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་བདག་གིས་ཕྱག་བགྱིས་ནས། བདག་ཐལ་བྱུང་མཆིས་སོ།། བཅོམ་ལྡན་འདས་སངས་རྒྱས་ཀྱི་ཞིང ་གཞན་བྱེ་བ་བརྒྱ་དག་ན་ཡང་། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའ་བར་མཛད་པ་རྣམས་མཐོང་སྟེ། བདག་གིས་དེ་བཞིན་གཤེག ་པ་དེ་དག་ལ་ཕྱག་བཚམ་བགྱིས་ནས་ཐལ་བྱུང་མཆིས་སོ།། བཅོམ་ལྡན་འདས་གཞན་ཡང་བདག་གིས་སངས་རྒྱས་ཀྱི་ཞིང་བྱེ་བ་ཕྲག་དགུ་བཅུ་རྩ་ལྔ་དག ་ན་དམ་པའི་ཆོས་ནུབ་པ་མཐོང་ནས། བཅོམ་ལྡན་འདས་བདག་དེ་ལ་བསམ་པ་སྐྱེས་པ་དང་འཆི་མ་ཤོར་ཏོ།། ་གཞན་ཡང་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། སྲིན་པོ་དང་། འདོད་པའི་གཟུགས་ཅན་མང་པོ་དག་དུ་ཞིང་མྱ་ངན་གྱི་ཟུག་རྔུ་ཆེན་པོས་ཟུགས་པ་ཡང་མཐོང་སྟེ། ་དེ་བཞིན་དུ་བཅོམ་ལྡན་འདས་གཞན་ཡང་སངས་རྒྱས་ཀྱི་ཞིང་བརྒྱ་མཚོ་དང་བཅས་པ། རི་རབ་དང་བཅས་པ། ས་ཕྱོགས་དང་བཅས་པ་མ་ལུས་པ་ཐམས་ཅད ་ཚིག་པ་ཐམས་ཅད་ཚིག་པ་དེ་ལ་ཡང་ཕྱག་བགྱིས་ནས། རེ་ཐག་ཆད་པར་གྱུར་པ་ཏེ་མཆིས་སོ།། བཅོམ་ལྡན་འདས་བདག་བད་མ་བླ་མའི་འཇིག་རྟེན་གྱི་ཁམས ་སུ་མ་ཕྱིན་གྱི་བར་དེར་བཅོམ་ལྡན་འདས་ཁྲི་བཤམས་པ་བྱེ་བ་བརྒྱ་སྟོང་ཕྲག་ལྔ་ཡང་མཐོང་སྟེ། ལྷོ་ཕྱོགས་ན་ཁྲི་བཤམས་པ་བྱེ་བ་བརྒྱ་སྟོང་དང་། བྱང་ཕྱོགས ་ན་ཁྲི་བཤམས་པ་བྱ་བ་བརྒྱ་སྟོང་དང་། ཤར་ཕྱོགས་ན་ཁྲི་བཤམས་པ་བྱེ་བ་བརྒྱ་སྟོང་དང་། ནུབ་ཕྱོགས་ན་ཁྲི་བཤམས་པ་བྱ་བ་བརྒྱ་སྟོང་དང་། སྟེང་གི ་ཕྱོགས་ན་ཁྲི་བཤམས་པ་བྱེ་བ་བརྒྱ་སྟོང་མཐོང་སྟེ། བཅོམ་ལྡན་འདས་ཁྲི་བཤམས་པ་དེ་དག་ཀྱང་རིན་པོ་ཆེ་སྣ་བདུན་ལས་བགྱིས་པ་ཤ་སྟག་སྟེ། ཁྲི་དེ་དག ་ཐམས་ཅད་ལ་ཡང་དེ་བཞིན་གཤེགས་པ་བཞུགས་ཤིང་ཆོས་སྟོན་སྟེ། བཅོམ་ལྡན་འདས་དེ་ལ་བདག་ངོ་མཚར་དུ་གྱུར་ནས་དེ་བཞིན་གཤེགས་པ་དེ་དག་ལ་བཅོམ ་ལྡན་འདས་འཇིག་རྟེན་གྱི་ཁམས་འདི་མིང་ཅེ་ཞེས་ནུས་པ་དང་། དེ་བཞིན་གཤེགས་པ་དེ་དག་གིས་བཀའ་སྩལ་པ། རིགས་ཀྱི་བུ་འཇིག་རྟེན་གྱི་ཁམས་འདི ་པད་མ་བླ་མའི་ཞེས་བྱའོ།། བཅོམ་ལྡན་འདས་དེ་ནས་བདག་གིས་དེ་བཞིན་གཤེགས་པ་དེ་དག་ལ་བསྐོར་བ་བགྱིས་ནས། སངས་རྒྱས་ཀྱི་ཞིང་འདིའི་དེ་བཞིན་པ ་པའི་མཚན་ཅི་ཞེས་ཞུས་པ་དང་། དེ་དག་གིས་བཀའ་སྩལ་པ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པད་མའི་སྲེད་པ ་ཞེས་བྱ་སྟེ། སངས་རྒྱས་ཀྱི་ཞིང་འདིན་སངས་རྒྱས་ཀྱི་བྱེ་བ་བྱེད་དོ།། དེ་ལ་བདག་གིས་འདི་སྐད་ཅེས་གསོལ་ཏོ།། སངས་རྒྱས་བྱེ་བ་བརྒྱ་སྟོང་མང་པོ ་ཞིག་ཀྱང་པད་མའི་སྙིང་པོ་ཞེས་བགྱི་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་མ་འཚལ་ན་དེ་ག་ལགས། བཅོམ་ལྡན ་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པདྨའི་སྙིང་པོ་ཞེས་བྱ་བ་དེ་ངས་ཁྱོད་ལ ་བསྟན་ཏོ།། དེ་ནས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱི་སྐུ་ནི་མི་འདའ་བར་བགྱི། བྱང་ཆུབ་སེམས་དཔའི་གཟུགས་ཤ་སྟག་དུ་གདའ་སྟེ། ་དེ་བཞིན་གཤེགས་པ་ཅིག་པུ་ཞིག་གདའ་ནས་བདག་གིས་དེ་བཞིན་གཤེགས་པ་དེའི་ཞིབས་ལ་མགོ་བོས་ཕྱག་འཚལ་སྟེ། དེར་མཆིས་པ་དང་ཁྲི ་ཡང་བྱུང་བར་གྱུར་ནས།། ཁྲི་དེ་ལ་མཆིས་པ་དང་། བཅོམ་ལྡན་འདས་དེའི་ཚེ་ཁྲི་དུ་མ་ཞིག ་བྱུང་ནས་ཁྲི་དེ་དག་ལ་སུ་ཡང་མཆིས་པར་མཐོང་ནས། བདག་གིས་དེ་བཞིན་གཤེགས་པ་དེ་ལ་བཅོམ་ལྡན་འདས་ཁྲི་འདི་དག་ལ་སེམས་ཅན་འགའ་ཡང ་མཆིས་པར་མ་མཐོང་ངོ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་ཅན་དགེ་བའི་རྩ་བ་མ་སྐྱེད་པ་རྣམས་ནི ་ཁྲི་འདི་དག་ལ་འདག་པའི་མཐུ་མེད་དོ།། གསོལ་པ། བཅོམ་ལྡན་འདས་དགེ་བའི་རྩ་བ་ཅི་ཞིག་བསྐྲུན་ན་ཁྲི་དེ་དག་ལ་མཆིས་པར་འགྱུར། ་བཅོམ་ལྡན་འདས་དེས་བཀའ་སྩལ་པ། རིགས་ཀྱི་བུ་ཉོན་ཅིག་སེམས་ཅན་གང་དག་ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་ཟོས་པ་དེ་དག ་དགེ་བའི་རྩ་བ་དེས་ཁྲི་དེ་ལ་འཇུག་པར་གྱུར་ཏེ།། གང་དག་ཡི་གེར་འདྲི་བ་དང་།། ཀློག་པ་ལྟ་ཅི་སྨོས། ཀུན་ཏུ ་དཔའ་བ་ཁྱོད་ཀྱིས་ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་ཟོས་པས་ཁྲི་འདི་ལ་འདག་པར་གྱུར་གྱི།། དེ་ལྟ་མ་ཡིན་ན་ཁྱོད ་སངས་རྒྱས་ཀྱི་ཞིང་འདིའི་ནང་དུ་ཆུད་པར་ག་ལ་འགྱུར། བཅོམ་ལྡན་འདས་དེས་དེ་སྐད་ཅེས་བཀའ་སྩལ་བ་དང་། ་བཅོམ་ལྡན་འདས་དེ་ལ་བདག་གིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཟུང་གི་ཆོས་ཀྱི་རྣམ་གྲངས་འདི་ཐོས ་པ་དེ་བསོད་ནམས་ཀྱི་ཕུང་པོ་ཇི་ཙམ་ཞིག་སྐྱེད་པར་འགྱུར།། དེ་ནས་བཅོམ་ལྡན་འདས་པད་མའི་སྙིང་པོ་དེ་བཞིན་གཤེགས ་པ་འཛུམ་པ་མཛད་པ་དང་། བཅོམ་ལྡན་འདས་དེ་ཅིའི་སླད་དུ་འཛུམ་པ་མཛད་པ་དག་གིས་བཅོམ་ལྡན་འདས་ལ་ཞུས་པ ་བཅོམ་ལྡན་འདས་རྒྱུ་གང་དང་། ཅི་ཞིག་གི་སླད་དུ་དེ་བཞིན་གཤེགས་པ་འཛུམ་པ་མཛད། བཅོམ་ལྡན་འདས་ཀྱིས་བཀའ ་སྩལ་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་དཔའ་བ་མཐུ་ཆེན་པོ་ཐོབ་པ་ཉན་ཅིག ་འདི་ལྟ་སྟེ། དཔེར་ན། ལ་ལ་ཞིག་གླིང་བཞི་ལ་དབང་བའི་འཁོར་ལོས་བསྒྱུར་བའི་རྒྱལ་བར ་གྱུར་ལ་དེས་གླིང་བཞིའི་ཞིང་རྣམས་ལ་ཏིལ་བཏབ་ན། ཀུན་ཏུ་དཔའ་བ་འདི་ཇི་སྙམ ་དུ་སེམས། དེའི་ས་བོན་མང་དུ་སྐྱེ་བ་ཡིན་ནམ། ཀུན་ཏུ་དཔའ་བས་གསོལ་པ། བཅོམ་ལྡན་འདས་མང་ལགསོ།། ་བདེ་བར་གཤེགས་པ་པ་མང་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་ཏུ་དཔའ་བ་དེ་ལས་སེམས་ཅན་ལ་ལ་ཞིག་གིས་ཏིལ་གྱི་འབྲུ་དེ་དག་ཕུང་པོ་གཅིག་ཏུ་བྱས་ལ། ་མི་གཞན་ཞིག་གིས་ཏིལ་གྱི་འབྲུའི་ཕུང་པོ་དེ་ལས་ཏིལ་གྱི་འབྲུ་རེ་རེ་ནས་བླངས་ནས་ཕྱོགས་གཞན་དུ་འཇོག་ན། ཀུན་ཏུ་དཔའ་བ་འདི་ཇི་སྙམ་དུ་སེམས། སེམས་ཅན་དེས་ཏིལ་གྱི་འབྲུ ་དེ་དག་བགྲང་བ་འམ། དཔེ་བྱ་ནུས་སམ། བྱང་ཆུབ་སེམས་དཔའ་ཀུན་ཏུ་དཔའ་བས་གསོལ་པ། བཅོམ་ལྡན་འདས་དེ་མ་ལགས་སོ།། བདེ་བར་གཤེགས་པ་དེ་མ་ལགས་སོ།། ་ཏིལ་གྱི་འབྲུ་དེ་དག་བགྲང་བ་འམ། དཔེ་བགྱི་བར་རྔོ་མི་ཐོག་གོ།། ཀུན་ཏུ་དཔའ་བ་དེ་བཞིན་དུ་ཟུང་གི་ཆོས་ཀྱི་རྣམ་གྲངས་ཀྱི་བསོད་ནམས་ཀྱི་ཕུང་པོ་ནི་དེ་བཞིན་ཏེ། དེ་བཞིན་གཤེགས་པ ་མ་གཏོགས་པར་གཞན་གྱིས་དཔེ་བྱ་བར་མི་ནུས་སོ།། ཀུན་ཏུ་དཔའ་བ་འདི་ལྟ་སྟེ་དཔེར་ན། ཏིལ་གྱི་འབྲུ་དེ་དག་ཇི་སྙེད་དུ་དེ་བཞིན་གཤེགས་པར་འགྱུར་ལ། དེ་ཐམས་ཅད་ཀྱིས ་ཟུང་གི་ཆོས་ཀྱི་རྣམ་གྲངས་ཐོས་པའི་དགེ་བའི་རྩ་བའི་བསོད་ནམས་ཡོངསུ་བརྗོད་ཀྱང་དཔེས་ཀྱང་བསོད་ནམས་ཟད་པར་མི་འགྱུར་ན། གང་ཡི་གེར་འབྲི་བ་དང་། ཀློག་པ་དང་། ་འདྲིར་འཇུག་པ་ལྟ་ཅི་སྨོས། བྱང་ཆུབ་སེམས་དཔའ་ཀུན་ཏུ་དཔའ་བས་གསོལ་པ། བཅོམ་ལྡན་འདས་ཡི་གེར་འདྲི་བས་བསོད་ནམས་ཟི་ཙམ་ཞིག་སྐྱེད་པར་འགྱུར། བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཉོན་ཅིག། གང་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་ཀྱི་རྩ་འམ། ཤིང་དེ་དག་ཐམས་ཅད་སོར་ཅིག་ཙམ་དུ་བཏུབས་པ ་དང་། ཀུན་ཏུ་དཔའ་བ་དཔེར་མི་བྱ་བ་གཉིས་ཀྱང་ཉོན་ཅིག། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སྤྱི་རྡོའམ། གཡང་ས་འམ། ས་འམ་རྡུལ་ཕྲ་རབ་ཇི་སྙེད་པ་དེ་དག ་ཐམས་ཅད་གླིང་བཞི་ལ་དབང་བའི་འཁོར་ལོ་བསྒྱུར་བའི་རྒྱལ་པོར་གྱུར་ན། དེ་དག་གི་བསོད་ནམས་དེ་དཔེ་བྱ་བར་ནུས་སམ། ཀུན་ཏུ་དཔའ་བས་གསོལ་པ། བཅོམ་ལྡན་འདས་དེ་མ ་ལགས་སོ།། གཞན་དུ་དེ་བཞིན་གཤེགས་པ་ནི་མ་གཏོགས་སོ།། ཀུན་ཏུ་དཔའ་བ་དེ་བཞིན་དུ་ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་ཡི་གེར་འདྲི་བའི་བསོད་ནམས་ཀྱི་ཕུང་པོ་ཡང་དཔེ་བྱ ་བར་མི་ནུས་ཏེ། འཁོར་ལོ་བསྒྱུར་བའི་རྒྱལ་པོ་ཇི་སྙེད་པ་དེ་དག་གི་བསོད་ནམས་ཀྱི་ཕུང་པོ་བས་ནི་གང་ཆོས་ཀྱི་རྣམ་པ་གྲངས་འདི་ལ་ཐ་ན་ཡི་གེར་འབྲུ་ཅིག་ཙམ་བྲིས་ཏེ་འཇོག་པ ་དེ་བསོད་ནམས་ཀྱི་ཕུང་པོ་ཆེས་མང་དུ་བསྐྱེད་པར་གྱུར་ཏོ།། བསོད་ནམས་ཀྱི་རབ་ཏུ་མང་གི། འཁོར་ལོས་བསྒྱུར་བའི་རྒྱལ་པོ་དེ་དག་ནི་དེ་ལྷ་མ་ཡིན་ནོ།། ཀུན་ཏུ་དཔའ་བ་དེ་བཞིན ་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོའི་དས་པའི་ཆོས་འཛིན་ཅིང་། བསྒྲུབ་པ་ལ་གནས་པའི་བསོད་ནམས་དེ་ལ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོས་ཟིལ ་གྱིས་གནོན་མི་ནུས་སོ།། དེ་བཞིན་དུ་ཟུང་གི་ཆོས་ཀྱི་རྣམ་གྲངས་ཡི་གེར་འདྲི་བ་དེའི་བསོད་ནམས་ཀྱི་ཕུང་པོ་དེ་ལ་ཡང་དཔེ་བྱ་བར་མི་ནུས་སོ།། ཀུན་ཏུ་དཔའ་བཟུང་གི་མདོ ་འདི་ནི་བསོད་ནམས་ཀྱི་གཏེར་སྟོན་པའོ་དེ་ནི་ཉོན་མོངས་པ་ཐམས་ཅད་ཞི་བར་བྱེད་པའོ།། ཆོས་ཐམས་ཅད་ཀྱི་སྒྲོན་མ ་འབར་བར་བྱེད་པའོ།། བདུད་སྡིག་ཅན་ཐམས་ཅད་ཕམ་པར་བྱེད་པའོ།། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གནས་རྣམ་པར་འབབ་པར་བྱེད་པའོ།། ཆོས་ཐམས་ཅད་མངོན་པར ་བསྒྲུབ་པའོ།། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་དཔའ་བས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས ་འདི་ལ་ཚངས་པར་སྤྱོད་པ་ནི་རབ་ཏུ་དཀའ་བར་སྤྱོད་པ་ལགས་སོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྤྱོད་པ་ནི་དཀོན་པ་ལགས་སོ།། དེ་བཞིན་དུ ་ཚངས་པར་སྤྱོད་པ་ཡང་དཀོན་པ་ལགས་སོ།། གང་གི་ཚེ་ཚངས་པར་སྤྱད་པ་སྤྱོད་པ་དེའི་ཚེ། དེ་བཞིན་གཤེགས་པ་མངོན་ཏུ་མཐོང་བར་འགྱུར་ཏེ། ཉིན་མཚན་དུ་དེ་བཞིན་གཤེགས་པ ་མཐོང་བར་འགྱུར་རོ།། གང་གི་ཚེ་དེ་བཞིན་གཤེགས་པ་མངོན་སུམ་དུ་མཐོང་ཞིང་ཉིན་མཚན་དུ་དེ་བཞིན་གཤེགས་པ་ལ་ལྟ་བར་འགྱུར་བ་དེ་ནི་སངས་ཀྱི་ཞིང་མཐོང་ངོ་།། ནམ་སང ་རྒྱས་ཀྱི་ཞིང་མཐོང་བ་དེ་ན་གཏེར་ཐམས་ཅད་མཐོང་ངོ་།། དེ་འགུམ་པའི་དུས་ཀྱི་ཚེ། སྐྲག་པ་སྐྱེ་བར་མི་འགྱུར། ནམ་དུ་ཡང་མའི་མངལ་དུ་སྐྱེ་བར་མི་འགྱུར། ནམ་དུ་ཡང་མྱ་ངན་ཅན ་དུ་མི་འགྱུར། སྲེད་པའི་ཞགས་པས་བཅིངས་པར་མི་འགྱུར་རོ།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ ་དཔའ་བ་ལ་འདི་སྐད་ཅེས་བཀའ་སྩལ་པ། ཀུན་ཏུ་དཔའ་བ་དེ་བཞིན་གཤེགས་པ་རྣམས་འབྱུང་བ་ནི་རྙེད་པར་དཀའོ།། གསོལ་པ། བཅོམ་ལྡན་འདས་རྙེད་པར་དཀའ་ལགསོ་བདེ ་བར་གཤེགས་པ་རྙེད་པར་དཀའ་ལགས་སོ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་ཏུ་དཔའ་བ་དེ་བཞིན་དུ་ཟུང་གི་ཆོས་ཀྱི་རྣམ་གྲངས་འདི་ཡང་རྙེད་པར་དཀའོ།། ཀུན་ཏུ་དཔའ ་བཟུང་གི་ཆོས་ཀྱི་རྣམ་གྲངས་འདི་གང་གི་རྣ་ལམ་དུ་གྲགས་པར་འབྱུང་བ་དེ་བསྐལ་པ་བཅོ་བརྒྱད་བཅུའི་བར་དུ་ཚེ་རབས་དྲན་པར་འགྱུར་རོ།། བསྐལ་པ་དྲུག་ཁྲིའི་བར་དུ་འཁོར་ལོས ་བསྒྱུར་བའི་རྒྱལ་པོ་འཐོབ་པར་འགྱུར་རོ།། བསྐལ་པ་བགྱི་སྟོང་གི་བར་དུ་བརྒྱ་བྱིན་ཐོབ་པར་འགྱུར་རོ།། བསྐལ་པ་ཉི་ཁྲིའི་བར་དུ་གནས་གཙང་མའི་རིས་ཀྱི་ལྷ་རྣམས་དང་བསྐལ་པ ་མཉམ་པར་འགྱུར་རོ།། བསྐལ་པ་སུམ་ཁྲི་བརྒྱད་སྟོང་གི་བར་དུ་ཚངས་པ་ཆེན་པོར་འགྱུར་རོ།། བསྐལ་པ་དགུ་ཁྲི་དགུ་སྟོང་གི་བར་དུ་ལོག་པར་འགྲོ་བར་མི་འགྱུར་རོ།། བསྐལ་པ་འབྲུ ་གྱི་བར་དུ་ཡི་དགས་རྣམས་ཀྱི་ནང་དུ་སྐྱེ་བར་མི་འགྱུར་རོ།། བསྐལ་པ་ཉི་ཁྲི་བརྒྱ་སྟོང་གི་བར་དུ་དུད་འགྲོ་རྣམས་ཀྱི་ནང་དུ་སྐྱེ་བར་མི་འགྱུར་རོ།། བསྐལ་པ་ཁྲི་སུམ་སྤོང་གི་བར་དུ ་རྣ་མ་ཡིན་གྱི་རིས་སུ་སྐྱེ་བར་མི་འགྱུར་རོ།། བཅན་གྱིས་མཆི་པའི་དུས་བྱེད་པར་མི་འགྱུར་ར།། བསྐལ་པ་ཉི་ཝཾ་ལྔ་སྡང་གི་བར་དུ་ཤེས་རབ་འཚལ་མར་པར་མི་འགྱུར་རོ།། བསྐལ ་འདུ་ངག་འདུགས་སྦེད་པར་འགྱུ་ར།། འདལ་པ་དགྲག་ག་པར་དུ་སངས་ཡང་བས་བཅུག་པར་འཐར་རོ།། དེ་ཛིན་གགགས་པའི་ཐམས་པ་སྐུ་ལ ་གྲུབ་པ་ཇི་ལྟ་བ་དེ་བཞིན་དུ་འགྱུར་རོ།། བསྐལ་པ་ཁྲི་ལྔ་སྟོང་གི་བར་དུ་བུད་མེད་དུ་སྐྱེ་བར་མི་འགྱུར་རོ།། བསྐལ་པ་ཁྲི་དྲུག ་སྟོང་གི་བར་དུ་ལུས་ལ་ནད་ཀྱིས་བཏབ་པར་མི་འགྱུར་རོ།། བསྐལ་པ་སུམ་ཁྲི་ལྔ་སྟོང་གི་བར་དུ་ལྷའི་མིག་ཅན་དུ་འགྱུར་རོ།། བསྐལ་པ་ཁྲི་ལྔ་སྟོང་གི་བར་དུ་ཀླུའི་སྐྱེ་གནས་རྣམས ་སྐྱེ་བར་མི་འགྱུར་རོ།། བསྐལ་པ་དྲུག་ཁྲིའི་བར་དུ་ཁྲིའི་ཟིལ་གྱིས་ནོན་པར་མི་འགྱུར་རོ།། བསྐལ་པ་བདུན་སྟོང་གི་བར་དུ་དབུལ་པོའི་ཁྱིམ་དུ་སྐྱེ་བར་མི་འགྱུར་རོ།། བསྐལ་པ ་བརྒྱད་ཁྲིའི་བར་དུ་གླིང་གཉིས་ལ་སྤྱོད་པར་འགྱུར་རོ།། ནམ་དབུལ་པོར་འགྱུར་བ་དེ་ན་ཡང་འདི་འདྲ་བའི་བདེ་བ་རབ་ཏུ་འཐོབ་སྟེ། བསྐལ་པ་ཁྲི་གཉིས་སྟོང་གི་བར་དུ་དམུས་ལོང ་གི་བར་དུ་སྐྱེ་བར་མི་འགྱུར་རོ།། བསྐལ་པ་ཁྲི་སུམ་སྟོང་གི་བར་དུ་ངན་སོང་རྣམས་སུ་སྐྱེ་བར་མི་འགྱུར་རོ།། བསྐལ་པ་ཁྲི་ཆིག་སྟོང་གི་བར་དུ་བཟོད་པ་སྨྲ་བར་འགྱུར་རོ།། ་འཆི་བའི་དུས་ཀྱི་ཚེ་ཡང་རྣམ་པར་ཤེས་པ་ཐ་མ་འགག་པར་འགྱུར་བ་ན། འདུ་ཤེས་ཕྱིན་ཅི་ལོག་ཏུ་མི་འགྱུར་རོ།། ཁྲི་བ་ཟིལ་གྱི་ནོན་པར་མི་འགྱུར་རོ།། དེས་ཤར་ཕྱོགས་སུ་སངས ་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་བཅུ་གཉིས་ཀྱི་བྱེ་མ་སྙེད་མཐོང་བར་འགྱུར་རོ།། ལྷོ་ཕྱོགས་སུ་སངས་རྒྱས་བྱེ་བ་ཉི་ཤུ་མངོན་སུམ་དུ་མཐོང་བར་འགྱུར་རོ།། ་ནུབ་ཕྱོགས་སུ་སངས་རྒྱས་བཅོམ་ལྡན་འདས་གང་གའི་ཀླུང་ཉི་ཤུ་རྩ་ལྔའི་བྱེ་མ་སྙེད་མཐོང་བར་འགྱུར་རོ།། བྱང་ཕྱོགས་སུ་སངས་རྒྱས་བཅོམ་ལྡན་འདས་གང ་གའི་ཀླུང་བརྒྱད་བཅུའི་བྱེ་མ་སྙེད་མངོན་སུམ་དུ་མཐོང་བར་འགྱུར་རོ།། སེང་གི་ཕྱོགས་སུ་སངས་རྒྱས་བཅོམ་ལྡན་འདས་བྱེ་བ་སྟོང་ཕྲག་དགུ་བཅུ་མངོན་སུམ་དུ་མཐོང་བར་འགྱུར་རོ།། ་འོག་གི་ཕྱོགས་སུ་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་བྱེ་བ་ཕྲག་བརྒྱའི་བྱེ་མ་སྙེད་མངོན་སུམ་དུ་མཐོང་བར་འགྱུར་ཏེ། དེ་དག་ཐམས་ཅད་ཀྱིས་ཀྱང་རིགས་ཀྱི་བུ་དེ་ལ་རིགས ་ཀྱི་བུ་ཁྱོད་ཀྱིས་ཟུང་གི་ཆོས་ཀྱི་རྣམ་གྲངས་ཐོས་པས་ཚེ་གཞན་དུ་ཡོན་ཏན་དང་། ཕན་ཡོན་དང་། བདེ་བ་འདི་སྙེད་དུ་འགྱུར་གྱིས་མ་འཇིགས་ཤིག་དབུགས་འབྱིན་ཏོ།། ཀྱེ་རིགས་ཀྱི་བུ ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་འདི་དག་མཐོང་དམ་གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ།། བདེ་བར ་གཤེགས་པ་མཐོང་ལགས་སོ།། བཀའ་སྩལ་པ། ཀྱེ་རིགས་ཀྱི་བུ་དེ་བཞིན་གཤེགས་པ་ཁྱོད་ལ་གཟིགས་སུ་བྱོན་ཏོ།། གསོལ་པ། བདག་གིས་དགེ་བའི་ལས་ཅི་ཞིག་བགྱིས ་ན་དེ་བཞིན་གཤེགས་པ་མང་པོ་ཞིག་བདག་ལ་ལ་མཆིས་པར་བྱོན་བཀའ་སྩལ་པ། རིགས་ཀྱི་བུ་ཉོན་ཅིག། ཁྱོད་ཀྱིས་མིའི་ལུས་ཐོབ་སྟེ། ཟུང་གིས་ཆོས་ཀྱི་རྣམ་གྲངས་རྣ་ལམ ་དུ་ཐོས་པས་དེའི་ཕྱིར་ཁྱོད་ཀྱིས་ཀྱི་བསོད་ནམས་ཀྱི་ཕུང་པོ་དེ་སྙེད་སྐྱེས་སོ།། གསོལ་པ། བཅོམ་ལྡན་འདས་བདག་གི་བསོད་ནམས་ཀྱི་ཕུང་པོ་ཡང་དེ་སྙེད་དུ་གྱུར་ན་གང ་མཐའ་དག་ཆུབ་པར་ཐས་པ་ས་སྲས་ཀྱང་ཅི་འཚལ། བཀའ་སྩལ་པ། ཁ་རོག་ཀྱི་རིགས་ཀྱི་བུ་ཚིག་བེན་པའི་ཚིགས་བཅད་པའི་བསོད་ནམས་བརྗོད་པས་ཉོན་ཅིག་རིགས་ཀྱི ་བུ་འདི་ལྟ་སྟེ། དཔེར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་གཱའི་ཀླུང་བཅུ་གསུམ། ་གྱི་བྱེ་མ་སྙེད་རྣམས་ཀྱི་ཕུང་པོས་ཀྱང་བསོད་ནམས་ཀྱི་ཕུང་པོ་ཆེས་མང་དུ་སྐྱེད་དོ།། གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས ་གང་གའི་ཀླུང་བཅུ་གསུམ་གྱི་བྱེ་མ་སྙེད་ལ་མཆོད་པ་བས་ནི་གང་གིས་ཟུང་གི་ཆོས་ཀྱི་རྣམ་གྲངས་འདི་ལས་ཚིག་བཞི་པའི་ཚིགས་བཅད་པ་ཙམ་ཐོས་པ་དེ་ཡང་བསོད་ནམས་ཀྱི ་ཕུང་པོ་དེ་བས་ཆེས་མང་དུ་སྐྱེད་པར་འགྱུར་ན་གང་འཐའ་དག་ཆུབ་པར་ཐོས་པ་ལྟ་ཅི་སྨོས། རིགས་ཀྱི་བུ་གང་གིས་ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་འདི་མཐའ་དག་ཆུབ་པར ་ཟོས་པར་འགྱུར་བ་ཉོན་ཅིག། གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཏིལ་བཏབ་པའི་ཏིལ་གྱི་འབྲུ་ཇི་སྙེད་པ་དེ་སྙེད་ཀྱི་འཁོར་ལོ་བསྒྱུར་བའི ་རྒྱལ་པོར་གྱུར་ལ། དེ་ནས་སྐྱེས་བུ་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེན་པོ་དང་། ལྡན་པ་འགའ་ཞིག་ཡོད་དེ། དེ་ནས་སྐྱེས་བུ་དེས་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དེ་དག ་ལ་སྦྱིན་པ་བྱིན་པས་ན་གང་གིས་རྒྱུན་དུ་ཞུགས་པ་གཅིག་ལ་སྦྱིན་པ་བྱིན་ན་དེ་བསོད་ནམས་ཀྱི་ཕུང་པོ་དེ་བས་ཆེས་མང་དུ་སྐྱེད་དོ།། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན ་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་རྒྱུན་དུ་ཞུགས་པར་གྱུར་ལ། གང་གིས་དེ་དག་ཐམས་ཅད་ལ་སྦྱིན་པ་བྱིན་པའི་བསོད་ནམས་ཀྱི་ཕུང་པོ་བས་ནི་གང་གིས་ལན ་ཅིག་ཕྱིར་འོང་བ་གཅིག་ལ་སྦྱིན་པ་བྱིན་ན། བསོད་ནམས་ཀྱི་ཕུང་པོ་དེ་བས་ཆེས་མང་དུ་བསྐྱེད་དོ།། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག ་ཐམས་ཅད་ལན་ཅིག་ཕྱིར་འོང་བར་གྱུར་ལ། གང་གིས་དེ་དག་ཐམས་ཅད་ལ་སྦྱིན་པ་བྱིན་པས་བསོད་ནམས་ཀྱི་ཕུང་པོ་དེ་བས་ནི་གང་གིས་ལན་ཅིག་ཕྱིར་མི་འོང་བ་ཅིག་ལ་སྦྱིན ་པ་བྱིན་ན། དེ་ནི་བསོད་ནམས་ཀྱི་ཕུང་པོ་དེ་བས་ཆེས་མང་དུ་བསྐྱེད་དོ།། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅན་ལན་ཅིག་ཕྱིར ་མི་འོང་བར་གྱུར་ལ། གང་གིས་དེ་དག་ཐམས་ཅད་ལ་སྦྱིན་པ་བྱིན་པའི་བསོད་ནམས་ཀྱི་ཕུང་པོ་བས་ནི་གང་གི་དགྲ་བཅོམ་པ་གཅིག་ལ་སྦྱིན་པ་བྱིན་ན། དེ་ནི་བསོད་ནམས་ཀྱི་ཕུང ་པོ་དེ་བས་ཆེས་མང་དུ་བསྐྱེད་དོ།། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་དགྲ་བཅོམ་པར་གྱུར་ལ། གང་གིས་དེ་དག་ཐམས་ཅད་ལ ་སྦྱིན་པ་བྱིན་པའི་བསོད་ནམས་ཀྱི་ཕུང་པོ་བས་གང་གིས་རང་སངས་རྒྱས་གཅིག་ལ་སྦྱིན་པ་བྱིན་ན། དེ་ནི་བསོད་ནམས་ཀྱི་ཕུང་པོ་དེ་བས་ཆེས་མང་དུ་སྐྱེད་དོ།། སྟོང་གསུམ་གྱི ་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་རང་སངས་རྒྱས་ས་གྱུར་ལ། གང་གི་དེ་དག་ཐམས་ཅད་ལ་སྦྱིན་པ་བྱིན་པའི་བསོད་ནམས་ཀྱི་ཕུང་པོ་བས ་ནི་གང་གིས་བྱང་ཆུབ་སེམས་དཔའ་གཅིག་ལ་སྦྱིན་པ་བྱིན་ན། དེ་ནི་བསོད་ནམས་ཀྱི་ཕུང་པོ་དེ་བས་ཆེས་མང་དུ་བསྐྱེད་དོ།། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས ་ཀྱི་སེམས་ཅན་དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔར་གྱུར་ལ་ལ་གང་གིས་དེ་དག་ཐམས་ཅད་ལ་སྦྱིན་པ་བྱིན་པའི་བསོད་ནམས་ཀྱི་ཕུང་པོ ་བས་ནི་གང་གི་དེ་བཞིན་གཤེགས་པ་གཅིག་ལ་སེམས་དང་པར་བྱེད་པ་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་བཞིན་གཤེགས་པས་ཡོངས་སུ་གང་བ་ལ་གང ་སེམས་དང་བར་བྱེད་པ་དང་། གང་ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་འདི་ཐོས་པར་འགྱུར་བ་དེ་ནི་བསོད་ནམས་ཀྱི་ཕུང་པོ་དེ་བས་ཆེས་མང་དུ་བསྐྱེད་དོ།། ཀུན་ཏུ་དཔའ་བ་གང་ཆོས་ཀྱི ་རྣམ་གྲངས་འདི་ཡི་གེར་འདྲི་བ་དང་། འཛིན་པ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་ལྟ་ཅི་སྨོས། ཀུན་ཏུ་དཔའ་བ་ཆོས་ཀྱི་རྣམ་གྲངས་འདི་ལ་སེམས་དང་བས་ཕྱག་འཚལ ་བ་ལྟ་སྨོས་ཀྱང་ཅི་དགོས་ཀུན་ཏུ་དཔའ་བ་འདི་ཇི་སྙམ་དུ་སེམས། བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱིས་འདི་ཐོས་པར་ནུས་སམ་ཞེ་ན། གང་དག་ཐོས་པར་འགྱུར་ཡང་དད་པ ་སྐྱེ་བར་མི་འགྱུར་རོ།། ཀུན་ཏུ་དཔའ་བ་ཉོན་ཅིག། བྱིས་སོ་སོའི་སྐྱེ་བོའི་སེམས་ཅན་རྣམས་ལས་གང་དག་རྒྱ་མཚོ་ཆེན་པོའི་གཏིང་རྙེད་པར་ནུས་པར་ཡོད་དམ་གསོལ་པ། ་བཅོམ་ལྡན་འདས་དེ་མ་མཆིས་སོ།། བཀའ་སྩལ་པ་ཀུན་ཏུ་དཔའ་བ་གང་ལག་མཐིལ་གཅིག་གིས། རྒྱ་མཚོ་ཟད་པར་བྱེད་པའི་སེམས་ཅན་འགའ་ཡོད་དམ། གསོལ་པ། བཅོམ ་ལྡན་འདས་དེ་མ་མཆིས་སོ།། བཀའ་སྩལ་པ། ཀུན་ཏུ་དཔའ་བ་ཇི་ལྟར་བརྒྱ་མཚོ་ཆེན་པོ་སྐེམས་ནུས་པའི་སེམས་ཅན་འགའ་ཡང་མེད་པ་དེ་བཞིན་དུ་ཀུན་ཏུ་དཔའ་བ་དམན ་པ་ལ་འའི་མོས་སྐེམས་ཅན་གང་གིས་ཀྱང་ཆོས་ཀྱི་རྣམ་པང་གྲངས་འདི་ཉན་མི་ནུས་སོ།། ཀུན་ཏུ་དཔའ་བ་གང་དག་གིས་དེ་བཞིན་གཤེགས་པ་བྱེ་བ་ཕྲག་གང་གའི་ཀླུང་བརྒྱ་བཅུའི ་བྱེ་མ་སྙེད་མ་མཐོང་བ་དེ་དག་གིས་ནི་ཟུང་གི་ཆོས་ཀྱི་རྣམ་གྲངས་འདི་ཡི་གེར་འདྲི་མི་ནུས་སོ།། གང་དག་དེ་བཞིན་གཤེགས་པ་གང་གིའི་ཀླུང་དགུ་བཅུའི་བྱེ་མ་སྙེད་མ་མཐོང ་བ་དེ་དག་གིས་ནི་ཆོས་ཀྱི་རྣམ་གྲངས་འདི་ཉན་མི་ནུས་སོ།། གང་གིས་དེ་བཞིན་གཤེགས་པ་བྱེ་བ་ཁྲག་ཁྲིག་བརྒྱ་མ་མཐོང་བ་དེ་དག་གིས་ནི་ཆོས་ཀྱི་རྣམ་གྲངས་འདི་ཐོས་པས། ་སྤོས་པར་འགྱུར་རོ།། ཀུན་ཏུ་དཔའ་བ་གང་དག་དེ་བཞིན་གཤེགས་པ་བྱེ་བ་ཕྲག་གང་གའི་ཀླུང་གི་བྱེ་མ་སྙེད་མཐོང་བ་དེ་དག་ནི་ཆོས་ཀྱི་རྣམ་གྲངས་འདི་ཐོས་ན་སེམས་དང་བ ་བསྐྱེད་པར་འགྱུར་རོ།། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པར་འགྱུར་ཏེ། དེ་ཟུང་གི་ཆོས་ཀྱི་རྣམ་གྲངས་འདི་ལ་དད་ཅིང་མི་སྤོང་བར་འགྱུར་རོ།། ཀུན་ཏུ་དཔའ་བ་ཉོན་ཅིག། ་གང་གིས་ཟུང་གི་མདོ་འདི་ལས་ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་ཡི་གེར་འདྲི་བ་དེ་དག་ནི་འཇིག་རྟེན་གྱི་ཁམས་བྱེ་བ་སྟོང་ཕྲག་དགུ་བཅུ་རྩ་ལྔ་ལས་འདས་ནས་དེ་དག་གི ་སངས་རྒྱས་ཀྱི་ཞིང་ནི་བདེ་བ་ཅན་གྱིས་འཇིག་རྟེན་གྱི་ཁམས་ཇི་ལྟ་བ་བཞིན་དུ་འགྱུར་རོ།། ཀུན་ཏུ་དཔའ་བ་སེམས་ཅན་དག་གི་ཚེའི་ཚད་ནི་བསྐལ་པ་བརྒྱད་ཁྲི་བཞི་སྟོང་ཐུབ་པར ་འགྱུར་རོ།། ཀུན་ཏུ་དཔའ་བ་ཉོན་ཅིག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཟུང་གི་ཆོས་ཀྱི་རྣམ་གྲངས་འདི་ལས་ཐ་ན་ཚིག་བཞི་པའི་ཚིག་སུ་བཅད་པ་ཙམ་ཐོས ་པ་དེ་དག་ཀུན་ཏུ་དཔའ་བ་འདི་ལྟ་སྟེ་དཔེར་ན། སེམས་ཅན་གང་ལ་ལས་མཚམས་མེད་པ་ལྔའི་ལས་བྱས་སམ། བྱེད་དུ་བཅུག ་གམ། བྱེད་པ་ལ་རྗེས་སུ་ཡི་རང་བ་དེ་ཡང་ཟུང་གི་ཆོས་ཀྱི་རྣམ་གྲངས་འདི་ལས་ཚིག་བཞི་པའི་ཚིགས་སུ་བཅད་པ་ཙམ་ཉན་ན། དེའི་མཚམས་མེད་པ་ལྔའི་སྡིག་པའི་ལས་དེ་དག ་བྱང་བར་འགྱུར་བ་བཞིན་ནོ།། ། བམ་པོ་གཉིས་པ། ཀུན་ཏུ་དཔའ་བ་ཉོན་ཅིག། ཡོན་ཏན་གཞན་ཡང་བཤད་པར་བྱའོ།། འདི་ལྟ་སྟེ ་དཔེར་ན། སེམས་ཅན་ལ་ལ་ཞིག་མཆོད་རྟེན་བཤིག་པ་དང་། དགེ་འདུན་གྱི་དབེན་བྱས་པ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ལ་གཡོ་བར་བྱེད་པ་དང་། སངས ་རྒྱས་ཀྱི་ཡེ་ཤེས་ཀྱི་བར་ཆད་བྱེད་པ་དང་། མའི་སྲོག་གཅོད་པའི་སེམས་ཅན་དེ་ཕྱིས་འགྱོད་ཅིང་མྱ་ངན་བྱེད་དེ། ལུས་འདིས་བདག་ཕུང་ངོ་།། འཇིག་རྟེན་ཕ་རོལ་ཡང་ཕུང་སྟེ། ་བདག་མ་རུང་ངོ་མཉམ་དུ་སེམས་དཔའ་ཆེན་པོ་བྱུང་བ་དང་། སྡུག་བསྔལ་གྱི་ཚོར་བ་མྱོང་ངོ་།། མི་བཟད་པའི་ཚེར་བ་མྱོང་ངོ་།། ཀུན་ཏུ་དཔའ་བ་སེམས་ཅན་དེ་ནི་སེམས་ཅན ་ཐམས་ཅད་ཀྱིས་སྤང་བར་འགྱུར་རོ།། སྤྲད་པར་འགྱུར་རོ།། སེམས་ཅན་དེ་ནི་ཚིག་མ་རུང་བར་གྱུར་པ་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་ཆོས་ཀྱང་མ་རུང་བར་བྱས ་པ་ཡིན་ཏེ། ཇི་ལྟར་སྡོང་དུམ་ཚིག་པ་བཞིན་དུ་མི་དེ་ཡང་བསྐལ་པ་དུ་མའི་བར་ཏུ་དེ་བཞིན་དུ་འགྱུར་རོ།། ཇི་ལྟར་ཁྱིམ་ལེགས་པར་བྲིས་པའི་ཀ་གདུང་ཚིག་ན་མི་མཛེས ་པ་ལྟར་མི་དེ་ཡང་དེ་ལྟར་འགྱུར་རོ།། འཇིག་རྟེན་འདི་ན་ཡང་མི་མཛེས་སོ།། གང་དག་གང་དུ་འགྲོ་བ་དང་། དེ་དག་ཏུ་ཡང་སེམས་ཅན་རྣམས་ཀྱིས་སྤྱོད་ཞིང་བརྡེགས་པ་དང་། ་བཀྲེས་པ་དང་། སྐོམ་པས་ཉེན་ཆུང་ཟད་ཀྱང་མི་རྙེད་པར་འགྱུར་རོ།། དེའི་ཕྱིར་སྡུག་བསྔལ་གྱི་ཚོར་བ་མྱོང་སྟེ། བསྒྲེས་ཤིང་བསྒོམ་པའི་རྒྱུ་དང་། སྤྲོས་པའི་རྒྱུས་མཆོད་རྟེན ་བཤིག་པ་དང་། མཚམས་མེད་པ་ལྔའི་ལས་རྗེས་སུ་དྲན་ནས། དེའི་ཕྱིར་བདག་གང་དུ་འགྲོ་བར་འགྱུར་བདག་གི་སྐྱོབ་པ་ནི་སུ་སྙམ་དུ་སྡུག་བསྔལ་ལ་སྐྱོ་བའི་སེམས ་བསྐྱེད་དེ། དེ་ཡང་འདི་སྙམ་དུ་སེམས་སོ།། འདི་ན་ནི་བདག་གི་སྐྱོབ་པ་སུ་ཡང་མེད་ཀྱིས་བདག་རི་དང་རིའི་སུལ་དག་ཏུ་སོང་ལ་དེར་འཆི་བའི་དུས་བྱའོ་སྙམ་མོ།། སྨྲས་པ། ་བདག་གིས་སྡིག་པའི་ལས་བྱས་པས། རྟག་ཏུ་སྡོང་དམ་ཚིག་པ་བཞིན། འཇིག་རྟེན་འདི་ནའང་མི་མཛེས་ལ། ཚེ་གཞན་ནའང་མཛེས་མ་ཡིན། ཁྱིམ་གྱི་ནང་འང་མི་མཛེས་ལ། ་ཕྱི་རོལ་ནའང་མཛེས་མ་ཡིན། ཉེས་པའི་རྒྱུས་ནི་སྡིག་བྱས་ཏེ། དེས་ནི་ངན་འགྲོར་འགྲོ་བར་འགྱུར། ཚེ་གཞན་དུའང་སྡུག་བསྔལ་ན། ངན་འགྲོ་འདིར་ནི་གང་དུ་གནས། མཆི་མས ་བརྣངས་པར་རབ་ཏུ་གནས། ལྷ་རྣམས་ཀྱིས་ཀྱང་ཚིག་ཐོས་སོ།། ཀྱེ་ཧུད་འཇིག་རྟེན་ཕ་རོལ་ན། ངན་འགྲོར་འགྲོ་བས་ཆད་དོ་ཞེས། ལྷ་རྣམས་ཀྱིས་དེ་ལ་སྨྲས་པ། སྐྱེས་བུ་བླུན་པོ ་དེ་རྙེད་དུ། སྡུག་བསྔལ་སེམས་དེ་ཐོང་ལ་སོང་། ཕ་གསད་ཅིང་ནི་མ་གསད་དོ།། བདག་གིས་མཚམས་མེད་ལྔ་བྱས་པས། བདག་ལ་སྐྱབས་དང་དཔུང་གཉེན་མེད། སྡུག ་བསྔལ་ཚོར་བ་མྱོང་བར་འགྱུར། རིའི་རྩི་མོར་སོང་ནས་སུ། དེ་ནས་བདག་ལུས་དོར་བར་བྱ། སྐྱེས་བུ་བླུན་པོ་མ་འགྲོ་ཤིག། ་གནོད་པར་བྱེད་པའི་སེམས་ཀྱིས་སུ། ཁྱོད་ཀྱིས་སྡིག་པ་མ་བྱས་ཀྱི། སྡིག་པའི་ལས་ནི་མ་བྱེད་ཅིག། གང་དག་བདག་ལ་གནོད་བྱེད་རྣམས། སྡུག་བསྔལ་སེམས་ཅན་དམྱལ་བར ་འགྲོ། མྱ་ངན་བྱེད་ཅིང་དུ་བས་ན། དེ་ཕྱིར་ས་ལ་འགྱེལ་བར་འགྱུར། བརྩོན་འགྲུས་དེས་ནི་སངས་རྒྱས་མི་འགྱུར་ཏེ། བྱང་ཆུབ་སེམས་དཔའ་འགྱུར་བ་འང་མ་ཡིན་ནོ།། ཉན་ཐོས་ཐར ་བའི་ཐེག་པའང་མི་འཐོབ་ཀྱིས། བརྩོན་འགྲུས་གཞན་གྱིས་རབ་ཏུ་འབད་པར་བགྱིས། དྲང་སྲོང་ག་ལ་ཡོད་པའི་རི་དེར་སོང་། སོང་དེ་དྲང་སྲོང་ཆེ་བ་ཉིད་མཐོང་ནས། དེའི་རྐང་ལ ་མགོ་བོས་ཕྱག་འཚལ་ཏེ། སེམས་ཅན་དམ་པ་བདག་ལ་སྐྱབས་མཛོད་ཅིག། བདག་ནི་འཇིགས་སྐྱེད་སྡུག་བསྔལ་རབ་ཏུ་གཟིར། སེམས་ཅན་སྙིང་པོ་དྲང་སྲོང་ཚིག་གསོན ་ཅིག། བཞུགས་ལ་སེམས་ཀྱི་དཔེ་མཛོད་དོ།། སྐད་ཅིག་ཙམ་ཞིག་དགེ་བའི་ཆོས་ཀྱང་ཤོང་། འཇིགས་སྐྲག་སྡུག་བསྔལ་རབ་ཏུ་གཟིར་བས་ནས། དེ་ཕྱིར་སྐད་ཅིག་ཡུད་ཙམ ་བཞུགས་སུ་གསོལ།། བདག་གིས་སྡིག་པ་མང་བགྱིས་བཤགས་པར་འཚལ། དྲང་སྲོང་གིས་ནི་བདག་ལ་བཀའ་སྩོལ་ཅིག། དྲང་སྲོང་གིས་སྨྲས་པ། སྡུག་བསྔལ་དུ་ཞིང་མྱ ་ངན་བྱེད་པས་གཟིར། ཁྱོད་ནི་བཀྲེས་ཤིང་སྐོམ་པས་ཉེན་པ་སྟེ། རེ་ཆད་སྲིད་པ་གསུམ་དུ་འགྲོ་བས་ནས། ཁ་ཟས་གང་དག་བྱིན་པ་དེ་དག་ཟོ།། ལུས་ནི་ཚིམ་པར་བྱའི་ཕྱིར། ་དྲང་སྲོང་གིས་ནི་ཟས་བྱིན་ཏེ།། ཡིད་དུ་འོང་བ་ཞིམ་ཟོས་ནས།། སེམས་ཅན་རབ་ཏུ་དགའ་བར་འགྱུར།། སྡིག་པ་ཐམས་ཅད་བྱང་བྱེད་པའི།། ཆོས་ནི་ཁྱོད་ལ་ཕྱིས་བཤད་དོ།། ་དེའི་ཁ་ཟས་ཞིམ་པོ་དེ།། སྐད་ཅིག་གཅིག་ལ་ཟོས་པར་འགྱུར།། ཟས་ཟོས་ནས་ཀྱང་ལག་བཀྲུས་ཏེ།། དྲང་སྲོང་ལ་ནི་བསྐོར་བྱས་ནས།། དཀྱིལ་མོ་དཀྲུང་དུ་འདུག་ནས་དུ།། སྡིག་པ ་གང་དང་བྱས་སྨྲས།། པ་བསད་དང་ནི་མ་བསད་དང་།། མཆོད་རྟེན་བཤིག་པ་བདག་གིས་བགྱིས།། བདག་གིས་བྱང་ཆུབ་སེམས་དཔའ་ཡིས།། སངས་རྒྱས་འགྲུབ་པ་བར་ཆད་བགྱི།། ་དེའི་ཚིག་དེ་ཐོས་ནས་སུ།། དེ་ནས་དྲང་སྲོང་ཚིག་སྨྲས་པ། ཁྱོད་ཀྱིས་སྡིག་པ་བྱས་པས་ན།། ཀྱེ་མ་སྐྱེས་བུ་ཁྱོད་མི་དགེ།། སྡིག་པའི་ལས་ནི་བྱས་པ་དང་།། བྱེད་དུ་བཅུག་པ་བཤག ་པར་བགྱིས།། དེ་ནས་དེའི་ཚེ་དེ་མྱ་ངན་གྱི་ཟུག་རྔས་ཟུག་ཏེ།། འཇིག་སྐྲག་སྐྱོད་ནས།། བདག་ལ་སུ་ཞིག་སྐྱོབ་པར་འགྱུར།། བདག་གིས་སྡིག་པའི་ལས་བྱས་པས།། སྡུག་བསྔལ། ་ཚོར་བ་མྱོང་བར་འགྱུར།། དེ་ནས་མི་དེས་པུས་མོ་གཉིས་ས་ལ་བཙུགས་ནས།། དྲང་སྲོང་དེ་ལ་སྨྲས་པ།། བདག་གིས་བྱས་ཤིང་བྱེད་བཅུག་པ།། སྡིག་པ་ཐམས་ཅད་བཤགས་པ ་བགྱི།། སྡིག་པའི་འབྲས་བུར་དེ་མ་གྱུར།། སྡུག་བསྔལ་བདག་གིས་མྱོང་མ་གྱུར།། བདག་ནི་ཁྱོད་དང་ཉེ་གྱུར་གྱིས།། དྲང་སྲོང་བདག་གི་སྐྱབསུ་གྱུར།། འགྱོད་པ་མེད་ཅིང་ཞི་བས ་ན།། བདག་གིས་སྡིག་པའི་ལས་རྣམས་ནི།། དེ་ནས་དེའི་ཚེ་དེའི་དུས་ན།། དྲང་སྲོང་དེས་མི་དེ་ལ་སྨྲས་པ།། ང་ནི་སྐྱེས་བུ་ཁྱོད་ཀྱི་སྐྱབསུ་འགྱུར།། ང་ནི་རྟེན་དུ་འགྱུར། ང་ནི་དཔུང ་གཉེན་དུ་འགྱུར་གྱིས། ཁྱོད་མ་འཇིགས་པར་མངོན་སུམ་དུ་ཆོས་ཉོན་ཅིག། ཁྱོད་ཀྱིས་ཟུང་གི་མདོ་ཞེས་བྱ་བའི་ཆོས་ཀྱི་རྣམ ་གྲངས་ཆུང་ཟད་ཐོས་སམ་ཞེས་དབུགས་ཕྱུང་བ་དང་། དེས་སྨྲས་པ། བདག་གིས་ཡང་མ་ཐོས་སོ།། དྲང་སྲོང་གིས་སྨྲས་པ། གང་སྙིང་རྗེ་ལ་གནས་པས་སེམས་ཅན་རྣམས་ལ ་ཆོས་སྟོན་པ་མ་བཏོགས་པར་སེམས་ཅན་ཚིག་པ་ལ་སུ་ཞིག་ཆོས་སྟོན་སྨྲས་པ། རིགས་ཀྱི་བུ་ཡང་ཉོན་ཅིག། སྔོན་བྱུང་བ་འདས་པའི་དུས་བསྐལ་པ་གྲངས་མེད་པའི་ཡང་ཤིན ་ཏུ་གྲངས་མེད་པར་གྱུར་པ། དེའི་ཚེ་དེའི་དུས་ན་རྒྱལ་པོ་ཟླ་བ་དྲི་མེད་པ་ཞེས་བྱ་བ་ཆོས་ཅན་ཆོས་ཀྱི་རྒྱལ་པོ་ཞིག་ཡོད་དོ།། རིགས་ཀྱི་བུ་རྒྱལ་པོ་དྲི་མ་མེད་པ་དེའི་ཁྱིམ་དུ་བུ་ཞིག ་བཅས་སོ།། དེ་ནས་རྒྱལ་པོ་ཟླ་བ་དྲི་མ་མེད་པས་བྲམ་ཟེ་མཚན་མཁན་རྣམས་བརྔས་ནས་འདི་སྐད་ཅེས་སྨྲས་སོ།། བྲམ་ཟེ་གཞོན་ནུ་ལ་མཚན་ཅི་ཞིག་མཐོང་། དེ་ནས་བྲམ ་ཟེ་མཚན་མཁན་རྣམས་ཀྱིས་སྨྲས་པ། རྒྱལ་པོ་ཆེན་པོ་མི་དགའོ།། གཞོན་ནུ་བཅས་པ་འདི་ནི་མི་དགེའོ།། རྒྱལ་པོས་སྨྲས་པ། བྲམ་ཟེ་འདི་ཅིའི་ཅིར་འགྱུར། མཚན་མཁན་གྱིས ་སྨྲས་པ། རྒྱལ་པོ་གཞོན་ནུ་འདི་གལ་ཏེ་ལོ་བདུན་ཐུབ་པར་གྱུར་ན། དེ་ཡབ་ཡུམ་གྱི་སྐ་ལ་རྒོལ་བར་འགྱུར་རོ།། དེ་ནས་རྒྱལ་པོས་འདི་སྐད་ཅེས་སྨྲས་སོ།། ངའི་སྲོག་གི་བར ་ཆད་དུ་གྱུར་ཀྱང་རུང་གིས་ངའི་བུ་འདི་མི་གསད་དོ།། རྒྱལ་བརྒྱ་ལམ་ན་འཇིག་རྟེན་དུ་མིར་སྐྱེ་བ་འཐོབ་པས་གང་མིའི་ལུས་གནོད་པར་འགྱུར་བ་དེ་ལྟ་བུ་མི་བྱའོ།། དེ་ནས་གཞོན་ནུ ་དེ་སྐྱེ་དྲག་ཁྱད་དུ་ནི་དེ་ཟླ་བ་ཅིག་ལོན་ནི། གཞན་ལོ་གཉིས་ལོན་པ་ཙམ་གྱི་ཚད་དུ་སྐྱེས་ནས་རྒྱལ་པོ་ཟླ་བ་དྲི་མ་མེད་པས་ཀྱང་གཞོན་ནུ་འདི་ནི་བདག་གིས་ལས་བསགས་པས་སྐྱེས ་པར་ཤེས་སོ།། དེ་ནས་རྒྱལ་པོས་གཞོན་དེ་ལ་རྒྱལ་ཐབས་བྱིན་ནས། འདི་སྐད་ཅེས་སྨྲས་སོ།། ཁྱོད་སྲིད་ཆེ་ཞིང་གྲངས་པའི་རྒྱལ་པོར་གྱུར་ལ། ཆོས་ཀྱིས་དབང་བྱ་བའི་ཆོས་མ ་ཡིན་པས་ནི་མ་ཡིན་ནོ།། དེ་ནས་རྒྱལ་ཐབས་བྱིན་ནས་རྒྱལ་པོ་ཞེས་མིང་བཏགས་སོ།། རྒྱལ་པོ་ཟླ་བ་དྲི་མ་མེད་པ་ཡང་རང་གི་ཡུལ་གྱི་རྒྱལ་པོ་མི་བྱེད་དོ།། དེ་ནས་བློན་པོ་བྱེ་བ་དེ ་དག་རྒྱལ་པོ་ཟླ་བ་དྲི་མ་མེད་པ་ག་ལ་བ་དེར་དོང་སྟེ་ལྷགས་ནས་རྒྱལ་པོ་ཟླ་བ་དྲི་མ་མེད་པ་ལ་འདི་སྐད་ཅེས་སྨྲས་སོ།། ཀྱེ་རྒྱལ་པོ་ཆེན་པོ་ཁྱོད་ཅིའི་སླད་དུ་རང་གི་ཡུལ་གྱི་རྒྱལ་པོ་མི ་མཛད། རྒྱལ་པོས་སྨྲས་པ། ངས་བསྐལ་པ་མང་པོ་གྲངས་མེད་པར་གང་རྒྱལ་སྲིད་དང་། ལོངས་སྤྱོད་དང་དབང་ཕྱུག་ལ་དབང་བར་གྱུར་ཀྱང་ང་ནམ་ཡང་ངོམས་མ་མྱོང་ངོ་།། ་ཡང་དེའི་ཚེ་དེའི་དུས་ན་ཡུན་རིང་མོ་ཞིག་ལོན་པ་དང་། བུ་དེས་པ་མའི་སྲོག་གཅད་དེ།། དེ་ན་དེས་མཚམས་མེད་པའི་ལས་བསགས་སོ།། ཀྱེ་སྐྱེས་བུ་གང་གི་ཚེ་རྒྱལ་པོ་དེ་སྡུག་བསྔལ ་གྱི་ཚོར་བ་སྐྱེས་ནས་འགྱོད་དེ། མཆི་མས་བརྣངས་པས་དུ་བ་དང་། ངས་དེ་ལ་སྙིང་རྗེ་ཆེན་པའི་སེམས་བསྐྱེད་དེ། དེར་སོང་ནས་ཆོས་བསྟན་པ་དང་། དེས་ཀྱང་ཆོས་དེ་ཐོས་ནས ་མཚམས་མེད་པ་དེ་དག་ལྷག་མ་མ་ལུས་པར་མྱུར་དུ་བྱང་བར་གྱུར་པའི་དུས་དེ་ཡང་དྲན་ནོ།། སྨྲས་པ། ཟུང་གི་ཆོས་ཀྱི་རྣམ་གྲངས་མདོའི་རྒྱལ་པོ་དཀའ་ཐུབ་ཆེན་པོ་གང་དག ་@གིས་ཐོས་པ་རྣམས་ཀྱི་གནས་བླ་ན་མེད་པ་སྡིག་པ་ཐམས་ཅད་བྱང་བར་འགྱུར་བ་ཉོན་མོངས་པ་ཐམས་ཅད་ཞི་བར་འགྱུར་བ་འདི་འཐོབ ་པར་འགྱུར་རོ།། གང་གིས་མྱུར་དུ་འཐར་འགྱུར་བ། ཆོས་རྣམས་བཤད་ཀྱིས་རབ་ཉོན་ཅིག། ཚིག་བཞི་པའི་ཚིགས་བཅད་ཙམ།། རྒྱུན་མི་འཆད་པར་བཤད་པས་ན།། སྡིག་པ་ཐམས ་ཅད་བྱང་གྱུར་ན།། རྒྱུན་ཏུ་ཞུགས་པ་འཐོབ་པར་འགྱུར།། སྡིག་པ་ཀུན་ལས་ཐར་ཏོ་ཞེས།། ཆེད་དུ་བརྗོད་པ་ཆེད་དུ་བརྗོད།། སེམས་དམྱལ་འཇིགས་པའི་བཅིངས་པ་ལས།། སེམས་ཅན ་སྡུག་བསྔལ་རབ་ཏུ་བཀྲོལ།། དེ་ནས་མི་དེ་སྟན་དེ་ལས་ལངས་ཏེ་ཐལ་མོ་སྦྱར་བ་བྱས་ནས།། དེ་ལ་མགོ་བོས་ཕྱག་འཚལ་ཏེ།། ལེགས་སོ་ཞེས་བྱ་རབ་ཏུ་བྱིན།། ལེགས་སོ་དགེ་བའི ་བཤེས་གཉེན་རྣམས། ལེགས་སོ་སྡིག་པ་འཇིག་བྱེད་པ།། གང་དག་ཟུང་མདོ་ཚུལ་ཆེན་བསྟན།། ཐོས་པར་འགྱུར་བ་རྣམས་ཀྱང་ལེགས། དེ་ནས་དེའི་ཚེ་དེའི་དུས་ན་སྟེང་གི་བར་སྣང་ལས ་ལྷའི་བུ་ཁྲི་ཉིས་སྟོང་ཐལ་མོ་སྦྱར་ཏེ། དྲང་སྲོང་དེའི་གན་དུ་ལྷགས་ནས་རྐང་པ་ལ་ཕྱག་འཚལ་ཏེ། འདི་སྐད་བཅོམ་ལྡན་འདས་བཀའ་ཐུབ་ཆེན་པོ་ཡུན་ཇི་སྲིད་ཅིག་ཚུན་ཆད་དགོངས ་ཤེས་སྨྲས་སོ།། དེ་བཞིན་དུ་ཀླུའི་རྒྱལ་པོ་བྱེ་བ་ཁྲག་བཞི་ལྷགས། གནོད་སྦྱིན་གྱི་རྒྱལ་པོ་ཁྲི་བརྒྱད་སྟོང་ལྤགས་ཏེ། དྲང་སྲོང་དེ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་འདི ་སྐད་ཅེས་སྨྲས་སོ།། ཆེ་བ་ཉིད་དང་ལྡན་པ་ཡུན་ཇི་སྲིད་ཚུན་ཚད་དགོངས་དྲང་སྲོང་གིས་སྨྲས་པ། བསྐལ་པ་གྲངས་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་རྣམས་སོ།། སྨྲས་པ། ་དགེ་བའི་ལས་གང་གིས་ན་སྐད་ཅིག་གིས་སྡིག་པའི་ལས་འདི་རབ་ཏུ་ཞི་བར་འགྱུར་སྨྲས་པ། ཟུང་གི་ཆོས་ཀྱི་རྣམ་གྲངས་ཐོས་པསོ།། གང་དེར་སེམས་ཅན་ཚེགས་པ་རྣམས་ལས་གང ་ངག་གིས་ཟུང་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་དད་པ་འདི་དག་ཐམས་ཅད་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ།། མི་གང་གིས ་མཚམས་མེད་པ་ལྔའི་ལས་བྱས་པ་དེ་དག་གིས་ཟུང་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་ཡང་། སྐད་ཅིག་གིས་མཚམས་མེད་པ་ལྔའི་ལས་དེ་དག་མ་ལུས་པར་ཡོངསུ ་ཟད་ཅིང་ཡོངསུ་བྱང་བར་གྱུར་ཏེ། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པ་ཞིག་གི་བར་དུ་ངན་འགྲོ་རྣམས་ཀྱི་སྒོ་གཅོད་པར་འགྱུར་རོ།། ལྷའི་འཇིག་རྟེན་གྱི་སྒོ་སུམ ་བཅུ་རྩ་གཉིས་ནི་ཕྱེ་བར་འགྱུར་རོ།། གང་ཟུང་གི་ཆོས་ཀྱི་ནིམ་གྲངས་འདི་ལས་ཐ་ན་ཚིག་བཞི་པའི་ཚིགསུ་བཅད་པ་ཙམ་ཐོས་པ་ཡང་དེའི་དགེ་བའི་རྩ་བ་འདི་འདྲི་བར་འགྱུར་བ། གང ་མེ་ཏོག་དང་། བདུག་པ་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། ཆོས་གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་སྟི་སྟང་བྱེད་པ་དང་། ་བཙུན་པར་བྱེད་པ་དང་། རི་མོ་བྱེད་པ་དང་། མཆོད་པར་བྱེད་པ་དང་། སིལ་སྙན་དང་། རོལ་མོ་སྦྱོར་བའི་ལས་བྱེད་ཅིང་། ལན་ཅིག་རྗེས་སུ་ཡིད་རང་སྟེ། ལེགས་པར་བཤད ་པ་ལེགས་སོ།། ལེགས་སོ་ཞེས་སྨྲ་བལྟ་ཅི་སྤོས།། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་དཔའ་བས་འདི་སྐད་ཅེས་གསོལ་ཏོ།། ་བཅོམ་ལྡན་འདས་ཟུང་གི་ཆོས་ཀྱི་རྣམ་གྲངས་འཆང་པ་ན། གང་ཐལ་མོ་སྦྱར་ཏེ་ཕྱག་འཚལ་བ་དེ་དག་ཅི་ལ་ཐལ་མོ་སྦྱར་བ་ཙམ་གྱིས་བསོད ་ནམས་ཀྱི་ཕུང་པོ་སྐྱེད་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཉོན་ཅིག། གང་དག་གིས་མཚམས་མེད་པ་ལྔའི་ལས་བྱས་སམ། བྱེད་དུ་འཇུག ་གམ་བྱེད་པ་ལ་ཡིད་རང་བ་དེ་དག་ཀྱང་ཟུང་གི་ཆོས་ཀྱི་རྣམ་གྲངས་འདི་ལས་ཐ་ན་ཚིག་བཞི་པའི་ཚིག་སུ་བཅད་པ་ཙམ་ཐོས་ནས་ཐལ་མོ་སྦྱར་ཏེ་ཕྱག་འཚལ་ན། དེའི་མཚམས་མེད་པའི ་ལས་ཐམས་ཅད་ཡོངསུ་བྱང་བ་འགྱུར་ན། ཀུན་ཏུ་དཔའ་བ་གང་ཆོས་ཀྱི་རྣམ་གྲངས་འདི་མཐའ་དག་ཆུབ་པར་ཐོས་པ་ལྟ་ཅི་སྨོས་ཏེ། དེའི་བསོད་ནམས་ཀྱི་ཕུང་པོ་དེ་བས་ཆེས་མང་དུ ་སྐྱེད་པར་འགྱུར་རོ།། རིགས་ཀྱི་བུ་ཟུང་གི་མདོའི་དོན་གྱི་བར་བྱ་བའི་ཕྱིར་ཁྱོད་ལ་དཔེ་བསྟན་པར་བྱའོ།། ཀུན་ཏུ་དཔའ་བ་འདི་ལྔ་སྟེ་དཔེར་ན། ཀླུའི་རྒྱལ་པོ་མ་གྲོས་པའི་ཁང་པ་ཉི་མ ་ནམ་ཡང་མི་འཆར་བ་དེ་ནས་ཀླུང་ཆེན་པོ་ལྔ་འབབ་པོ།། དེ་ནས་མི་ལ་ལ་ཞིག་གང་ཀླུང་ཆེན་པོ་ལྔ་པོ་དེ་དག་གི་ཐིགས་པ་རེ་རེ་འགྲང་ན། ཀུན་ཏུ་དཔའ་བ་དེ་དག་གི་ཐིགས་པ ་འགྲངས་པས་མཐའ་རྟོགས་པར་ནུས་སམ། གསོལ་པ། བཅོམ་ལྡན་འདས་དེ་ནི་རྔོ་མི་ཐོག་གོ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་ཏུ་དཔའ་བ་དེ་བཞིན་དུ་ཟུང་གི ་ཆོས་ཀྱི་རྣམ་གྲངས་ཀྱི་དགེ་བའི་རྩ་བ་ཡང་བསྐལ་པ་བརྒྱ་འམ། བསྐལ་པ་སྟོང་དུའང་བགྲང་བའི་ཚུལ་གྱིས་མཐའ་རྟོགས་པར་མི་ནུས་སོ།། ཀུན་ཏུ་དཔའ་བ་འདི་ཇི་སྙམ་དུ་སེཾས ་གང་ཟུང་གི་ཆོས་ཀྱི་རྣམ་གྲངས་འདི་ཡུད་ཙམ་ཞིག་འཆང་བ་དེ་དཀའ་བ་བྱེད་པ་ཡིན་ནམ། གསོལ་པ་བཅོམ་ལྡན་འདས་དཀའ་བ་བགྱིད་པ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ ་སྩལ་པ། ཀུན་ཏུ་དཔའ་བ་གང་ཟུང་གི་ཆོས་ཀྱི་རྣམ་གྲངས་འདི་འཆད་པ་ནུས་པར་འགྱུར་བ་དེ་ནི་དེ་བས་ཀྱང་ཆེས་དཀའ་བ་བྱེད་པ་ཡིན་ནོ།། འདི་ལྟ་སྟེ་དཔེར་ན། མཚེ་མ་གྲོས་པ་ལས ་ཀླུང་ཆེན་པོ་དེ་དག་གི་ཐིགས་པ་ནི་བགྲང་བའི་ཚུལ་གྱིས་མཐའ་རྟོགས་པར་མི་ནུས་སོ།། གསོལ་པ། བཅོམ་ལྡན་འདས་ཀླུང་ཆེན་པོ་ལྔ་པོ་དེ་དག་གང་ལགས། བཅོམ་ལྡན་འདས་ཀྱིས ་བཀའ་སྩལ་པ། འདི་ལྟ་སྟེ་དཔེར་ན། གང་ག་དང་། སི་ཏ་དང་། པག་ཤུ་དང་། ཡ་མུ་ན་དང་། ཙན་དྲ་བ་ག་དང་། ཀླུང་ཆེན་པོ་ལྔ་པོ་དེ་དག་ནི་བརྒྱ་མཚོ་ཆེན་པོར་འབབ་སྟེ། ་ཀླུང་ཆེན་པོ་རེ་རེ་ལ་ཡང་འཁོར་ཀླུང་ལྔ་བརྒྱ་ཡོད་དོ།། ཀུན་ཏུ་དཔའ་བ་ཀླུང་ཆེན་པོ་ལྔ་པོ་འདི་དག་ཀྱང་འཁོར་སྟོང་སྟོང་དང་། ན་མཁས་ལས་བབས་ཏེ། དེ་དག་གིས་སྐྱེ་དགུ་རྣམས ་ངོམས་པར་བྱེད་དོ།། གསོལ་པ། འཁོར་སྟོང་སྟོང་པོ་དེ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཛེས་ལྡན་ཞེས་བྱ་བ་འཁོར་སྟོང་དང་། དུང་ཅན་ཞེས་བྱ་བ་འཁོར ་སྟོང་དང་། འབབ་པ་ཞེས་བྱ་བ་འཁོར་སྟོང་དང་། སྣ་ཚོགས་སྡེ་ཞེས་བྱ་བ་འཁོར་སྟོང་དང་། ཆོས་ཚུལ་ཞེས་བྱ་བ་འཁོར་སྟོང་སྟེ། ཀུན་ཏུ་དཔའ་བ་ཀླུང་ཆེན་པོ་དེ་དག་ནི་འཁོར་སྟོང་སྟེ། ་དང་། ལྡན་པ་ཡིན་ཏེ། དེ་དག་ནི་འཛམ་བུ་གླིང་དུ་ཆར་གྱི་རྒྱུན་འབེབ་སོ།། ཀུན་ཏུ་དཔའ་བ་དེ་དག་དུས་དུས་སུ་ཆར་པའི་ཐིགས་པའི་རྒྱུན་རབ་ཏུ་གཏོང་སྟེ། དེས་མེ་ཏོག་དང་། འབྲས ་བུ་དང་། ལོ་ཏོག་རྣམས་སྐྱེའོ།། ནམ་འཛམ་བུའི་གླིང་དུ་ཆར་གྱི་རྒྱུན་རབ་ཏུ་འབབ་པ་དེ་ནི་ཆུ་སྐྱེ་བར་འགྱུར་ཏེ། ཆུ་སྐྱེས་པས་ཞིང ་དང་། ཀུན་དགའི་ར་བ་ཐམས་ཅད་ངོམས་པར་བྱེད། བདེ་བར་བྱེད་དོ།། ཀུན་ཏུ་དཔའ་བ་འདི་ལྟ་སྟེ་དཔེར་ན། སྐྱེས་དགུའི་བདག་པོ་ནི་འཛམ་བུའི་གླིང་ཐམས་ཅད་བདེ་བར་བྱེད་དེ།། ་ཀུན་ཏུ་དཔའ་བ་དེ་བཞིན་དུ་ཟུང་གི་ཆོས་ཀྱི་རྣམ་གྲངས་འདི་ཡང་སྐྱེ་བོ་མང་པོ་ལ་ཕན་པ་དང་སྐྱེ་བོ་མང་པོ་ལ་བདེ་བའི་ཕྱིར་འཛམ་བུའི་གླིང་དུ་བཤད་དོ།། སུམ་བཅུ་རྩ་གསུམ་པའི ་ལྷ་རྣམས་ཀྱི་ཚེའི་ཚད་ཇི་ལྟ་བ་བཞིན་དུ་མི་རྣམས་ཀྱི་ནི་དེ་ལྟ་མ་ཡིན་ནོ།། ཀུན་ཏུ་དཔའ་བ་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་གང་ཞེ་ན་ལྷའི་དབང་པོ་བརྒྱ་བྱིན་གང་ན་གནས་པ་དེ་དག ་ནི་སུམ་བཅུ་རྩ་གསུམ་པ་བྱའོ།། ཀུན་ཏུ་དཔའ་བ་སེམས་ཅན་གང་དག་གང་གིས་ལེགས་པར་སྤྱོད་པ་སྨྲ་བའང་ཡོད་དེ། དེ་དག་གི་བསོད་ནམས་ཀྱི་ཕུང་པོ་ཡང་དཔེར་བྱར་མི་ནུསོ།། ། ་སེམས་ཅན་གང་དག་གང་གིས་ཉེས་པར་སྤྱོད་པ་སྨྲ་བ་ཡང་ཡོད་དེ། དེ་དག་གི་སེམས་ཅན་དམྱལ་བ་དང་། བདུད་འགྲོར་འགྱུར་བ་ཡང་དཔེ་བྱ་བར་མི་ནུས་སོ།། སེམས་ཅན་གང་དག ་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ཀྱི་སྡུག་བསྔལ་གྱི་ཚོར་བ་མྱོང་བར་འགྱུར་བ་དེ་དག་ལ་སྐྱབས་གང་ཡང་མེད་དོ།། དེ་རེ་ཐག་ཆད་ནས་སྨྲེ་སྔགས་འདི་འདོན་ཅིང་། ་སེམས་ཅན་དམྱལ་བར་ལྟུང་བ་དེ་དག་ནི་མི་དགེ་བའི་གྲོགས་པའི་དབང་དུ་བལྟའོ།། སེམས་ཅན་གང་དག་གིས་ལེགས་པར་སྤྱོད་པ་སྨྲ་བ་དེ་དག་གི་བསོད་ནམས་ཀྱི་ཕུང་པོ་དཔེ་བྱ་བ ་མི་ནུས་པ་དེ་ཡང་དགེ་བའི་བཤེས་གཉེན་གྱི་དབང་དུ་ལྟ་སྟེ། ནམ་དགེ་བའི་བཤེས་གཉེན་མཐོང་བ་དེ་ན་དེ་བཞིན་གཤེགས་པ་མཐོང་བ་ཡིན་ནོ།། ནས་དེ་བཞིན་གཤེགས་པ་མཐོང་བ ་དེ་ན་སྡིག་པ་ཐམས་ཅད་བྱང་བ་ཡིན་ནོ།། ནམ་སྐྱེ་དགུའི་བདག་པོ་འཛམ་བུ་གླིང་དུ་སྤྲོ་བར་བྱེད་པ་དེ་ན། འཛམ་བུའི་གླིང་གི་སེམས་ཅན་རྣམས་ཀྱི་བདེ་བ་དཔེ་བྱ་བར་མི་ནུས་སོ།། ་ཀུན་ཏུ་དཔའ་བ་དེ་བཞིན་དུ་ཟུང་གི་ཆོས་ཀྱི་རྣམ་གྲངས་འདི་ཡང་འཛམ་བུའི་གླིང་གི་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་བྱ་བ་བྱེད་དོ།། གང་དག་ཟུང་གི་ཆོས་ཀྱི་རྣམ་གྲངས་ཐོས་པར ་མི་འགྱུར་བ་དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་མི་ནུས་སོ།། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་མི་ནུས། ཆོས་ཀྱི་འགན ་དེ་རྡུང་མི་ནུས། ཆོས་ཀྱི་སེང་གེའི་ཁྲི་ལ་འདུག་མི་ནུས། མྱ་ངན་ལས་འདས་པའི་དབྱིངསུ་འཇུག་མི་ནུས། འོད་ཟེར་དཔག་ཏུ་མེད་པས་སྣང་བར་བྱེད་མི་ནུས་སོ།། ཀུན་ཏུ་དཔའ ་བ་དེ་བཞིན་དུ་གང་དག་ཟུང་གི་ཆོས་ཀྱི་རྣམ་གྲངས་ཐོས་པར་མི་འགྱུར་བ་དེ་དག་ཀྱང་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པར་མི་ནུསོ།། ཀུན་ཏུ་དཔའ་བས་གསོལ་པ། བཅོམ་ལྡན་འདས ་ངོ་མཚར་ཅུང་ཟད་ཅིག་ཞུའོ།། བདེ་བར་གཤེགས་པ་ངོ་མཚར་ཅུང་ཟད་ཞིག་ཞུའོ།། བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། ཀུན་ཏུ་དཔའ་བ་ཁྱོད་ཅི་དང་ཅི་འདོད་པ་དྲིས་ཤིག་དང་། ་ངས་ཁྱོད་ཀྱི་དོགས་པ་སྩལ་པར་བྱའོ།། གསོལ་པ། གང་གིས་སེམས་ཅན་དེ་དག་མཚམས་མེད་པ་ལྔ་ལས་ཡོངསུ་ཐར་བར་བགྱིས་ནས། ཕྱིར་མི་ལྡོག་པའི་ས་ལ་སོ་སོར ་བཀོད་པའི་དྲང་སྲོག་དུ་གྱུར་པ་དེ་གང་ལགས། བཀའ་སྩལ་པ། སངས་རྒྱས་རྣམས་ཀྱི་ཚིག་ཟབ་སྟེ། ཀུན་ཏུ་དཔའ་བ་ང་ལ་ཉོན། ་ཟུང་གི་མདོ་སྡེ་སྟོན་པ་ནི། དྲང་སྲོང་གཟུགས་སུ་བསྟན་པའོ།། ཟུག་གིས་སངས་རྒྱས་སྐུ་དག་ཀྱང་། སྙིང་རྩེའི་ཕྱིར་ནི་རབ་ཏུ་སྟོན། གང་གའི་བྱེ་མ་ཇི་སྙེད་པ། དེ་སྙེད ་ཀྱི་ནི་གཟུགས་ཀྱང་སྟོན།། སངས་རྒྱས་ཀྱི་ནི་གཟུགས་སྟོན་ཅིང་། བདག་ཉིད་ཆོས་ཀྱང་རབ་ཏུ་སྟོན། སངས་རྒྱས་ལྟ་བར་གང་འདོད་པ།། ཟུང་ནི་སངས་རྒྱས་མཚུང ་པ་ཡིན།། ཟུང་ནི་ག་ལ་ཡོད་པ་ན། སངས་རྒྱས་རྟག་པར་དེ་ན་ཡོད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཉོན་ཅིག། ཀུན་ཏུ་དཔའ་བ་སྔོན་བྱུང་བ ་འདས་པའི་དུས་བསྐལ་པ་གྲངས་མེད་པ་དགུ་བཅུ་རྩ་དགུ་ན། སངས་རྒྱས་བྱེ་བ་ཕྲག་བཅུ་གཉིས་བྱུང་ཏེ། དེ་བཞིན་གཤེགས་པ་རིན་ཆེན་མཆོག་ཅེས་བྱ་བ ་བྱུང་སྟེ། ང་སྦྱིན་པ་ལ་དཔའ་བར་གྱུར་ཏེ། ངས་སངས་རྒྱས་ཟླ་བ་ཞེས་བྱ་བ་བྱེ་བ་ཁྲག་བཅུ་གཉིས་ལ་སྙེན་བཀུར་བྱས་ཏེ། བཟའ་བ་དང་། བཅའ་བ་དང་། སྤོས ་དང་། ཕྲེང་བ་དང་། བྱུག་པ་དང་། ཇི་ལྟར་བདེ་བ་དང་། ཁ་ཟས་བཟང་པོ་དང་། བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོ་བྱས་སོ།། རིམ་གྲོ་བྱས་ནས་ཀྱང ་ངས་དེར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་པ་དྲན་ནོ།། ཀུན་ཏུ་དཔའ་བ་ངས་དེ་བཞིན་གཤེགས་པ་རིན་པོ་ཆེ་ཐམས་ཅད ་སྣང་བ་ཞེས་བྱ་བ་བྱེ་བ་ཕྲག་བརྒྱད་བརྒྱད་བྱུང་སྟེ། དེ་ན་ཡང་ང་སྦྱིན་པ་ལ་དཔའ་བར་གྱུར་ནས། དེ་བཞིན་གཤེགས་པ་སྙིང་པོའི་སྡེ་ཞེས་བྱ་བ་བྱེ་བ་ཕྲག་བཅཝོ་བརྒྱད ་ལ་ངས་སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། བརྒྱན་དང་། ལྷབ་ལྷུབ་ཀྱིས་སོ་སོ་ཅི་རིགས་པར་བསྙེན་བཀུར་བྱས་ནས། དེར་ཡང་ངས་བླ་ན་མེད་པ་ཡང་དག་པར ་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་པ་དྲན་ནོ།། ཀུན་ཏུ་དཔའ་བ་ངས་སངས་རྒྱས་བྱེ་བ་བྲག་ཉི་ཤུ་དྲན་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག ་པར་རྫོགས་པའི་སངས་རྒྱས་གཙུག་ཕུད་འབྱུང་བ་ཞེས་བྱ་བ་ཤ་སྟག་གོ། ཀུན་ཏུ་དཔའ་བ་ངས་སངས་རྒྱས་བྱེ་བ་ཕྲག་ཉི་ཤུ་དྲན་ཏེ། དེ་བཞིན་གཤེགས་པ་དགྲ ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ཞེས་བྱ་བ་ཤ་སྟག་གོ། དེ་ན་ཡང་སྦྱིན་པ་ལ་དཔའ་བར་གྱུར་ནས། ངས་དེ་བཞིན་གཤེགས་པ་རྣམས ་ལ་སྤོས་དང་། ཕྲེང་བ་དང་བྱུག་པས་བཀུར་སྟི་བྱས་ནས། ཇི་ལྟར་དེ་བཞིན་གཤེགས་པ་རྣམས་ལ་བླ་མ་དང་། རིམ་གྲོར་བྱ་བ་དེས་བླ་མ་དང་། རིམ་གྲོར་བྱ་བས ་རིམ་གྲོ་བྱས་ནས་དེར་ཡང་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་འཐོབ་པོ།། ཀུན་ཏུ་དཔའ་བ་སངས་རྒྱས་འོད་དྲི་མ་མེད་པ་ཞེས ་བྱ་བ་བྱེ་བ་ཕྲག་བཅུ་དྲུག་བྱུང་སྟེ། དེའི་ཚེ་དེའི་དུས་ན་ང་ཁྱིམ་བདག་ཕྱུག་ཅིང་ནོར་ཆེ་ལ་ལོངས་སྤྱོད་ཆེ་སྟེ། བདོག་པ་ཐམས་ཅད་ཡོངསུ་གཏོང་བ་ཞིག་དུ་གྱུར་ནས། ་ངས་སངས་རྒྱས་བྱེ་བ་ཕྲག་བཅུ་དྲུག་པོ་དེ་དག་ལ་གདིང་བ་དང་། བགོ་བ་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། དགབ ་པས་མཆོད་དེ་ཇི་ལྟ་བུས་དེ་བཞིན་གཤེགས་པ་རྣམས་ལ་བླ་མ་དང་རིམ་གྲོ་བྱ་བ་དེ་ལྟ་བུས་རིམ་གྲོ་བྱས་ནས་དེ་ཉིད་དུ་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང ་ཆུབ་ཏུ་ལུང་བསྟན་པ་ཐོབ་པ་ཡང་ངས་དྲན་ཏེ། ལུང་བསྟན་པའི་དུས་དང་། ཚོད་ལ་ཡང་མ་བབ་པོ།། ཀུན་ཏུ་དཔའ་བ་ཉོན་ཅིག། སངས་རྒྱས་བྱེ་བ་ཕྲག་དགུ་བཅུ་རྩ ་ལྔ་འཇིག་རྟེན་དུ་བྱུང་སྟེ། ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་ཤ་སྟག་སྟེ། ང་ནི་དེའི ་ཚེ་དེའི་དུས་ན་རྒྱལ་པོ་ཆེས་ཅན་ཆོས་ཀྱི་རྒྱལ་པོ་ཞིག་དུ་གྱུར་ནས། ངས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཞེས་བྱ་བ་བྱེ་བ་ཕྲག་དགུ་བཅུ་རྩ་ལྔ་པོ་དེ་དག་ལ་སྤོས་དང་། ་ཕྲེང་བ་དང་། བྱུག་པ་དང་། གདིང་བ་དང་། བགོ་བ་དང་། བདུགས་དང་། རྒྱལ་མཚན་དང་། བ་དན་གྱིས་བསྙེན་བཀུར་བྱས་ནས་དེ་ཉིད་དུ་ངས་བླ་ན་མེད་པ་ཡང་དག་པ ་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་པ་ངས་དྲན་ནོ།། ཀུན་ཏུ་དཔའ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར ་བ་འཇིག་ཅེས་བྱ་བ་བྱེ་བ་ཕྲག་དགུ་བཅུ་འཇིག་རྟེན་ཏུ་འབྱུང་སྟེ། ང་དེའི་ཚེ་དེའི་དུས་ན་བྲམ་ཟེ་གཞོན་ནུ་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་སྟེ། བདོག་པ ་ཐམས་ཅད་ཡོངསུ་གཏོང་བ་ཞིག་ཏུ་གྱུར་ནས། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ལ་སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། གདིང་བ་དང་། བགོ་བ་དག་གིས་བསྙེན ་བཀུར་བྱ་སྟེ། དེ་བཞིན་གཤེགས་པ་རྣམས་ལ་སོ་སོར་ཅི་རིགས་པར་རིམ་གྲོ་བྱས་ནས། ངས་དེ་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཡང་དྲན ་ཏེ། ང་ལུང་བསྟན་པའི་དུས་དང་། ཚེད་ལ་ཡང་བབ་པོ།། ཀུན་ཏུ་དཔའ་བ་སངས་རྒྱས་བྱེ་བ་ཕྲག་བཅཝོ་བརྒྱད་འཇིག་རྟེན་དུ་བྱུང་སྟེ། ཐམས་ཅད་ཀྱང་དེ་བཞིན་གཤེགས་པ ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་ཐུབ་ཅེས་བྱ་བ་ཤ་སྟག་སྟེ། ང་དེའི་ཚེ་དེའི་དུས་ན་སྦྱིན་པ་ལ་དཔའ་བར་གྱུར་ཏེ། ངས་དེ་བཞིན་གཤེགས་པ ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། གདིང་བ་དང་། བགོ་བ་དང་། རྒྱན་རྣམས་ཀྱིས་བསྙེན་བཀུར་བྱས་ཏེ། ་དེ་བཞིན་གཤེགས་པ་ལ་རིམ་གྲོ་བྱ་བ་དེ་ལྟ་བུས་རིམ་གྲོ་བྱས་ནས། ངས་དེ་ཉིད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་པ་ཡང་ངས་དྲན་ཏེ། ་ལུ་བསྟན་པའི་དུས་དང་ཚོད་ལ་ཡང་བབ་བོ།། ཀུན་ཏུ་དཔའ་བ་བྱེ་བ་བརྒྱས་བྱེ་བ་ཕྲག་བཅུ་གསུམ་འཇིག་རྟེན་དུ་བྱུང་སྟེ། ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་དགྲ་བཅོམ ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྣང་བའི་དཔལ་ཞེས་བྱ་བ་ཤ་སུག་སྟེ། ངས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག ་@ལ་གདིང་བ་དང་། བགོ་བ་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། དགའ་བ་དང་། རྣ་རྒྱན་རྣམས་ཀྱིས་བསྙེན་བཀུར་བྱས་ཏེ་ཇི་ལྟར་དེ ་བཞིན་གཤེགས་པ་རྣམས་ལ་བླ་མ་དང་། རིམ་གྲོ་བྱ་བ་དེ་ལྟ་བུ་བླ་མ་དང་། རིམ་གྲོ་བྱ་བས་རིམ་གྲོ་བྱས་པ་དང་། དེ་བཞིན་གཤེགས་པ་དེ་དག་གིས་ཀྱང་དོན་དང་འདུལ་བ་རྣམ ་པར་ངེས་པའི་ཆོས་ཀྱིས་སྒོ་སྣ་ཚོགས་བཤད་ནས་ངས་དེ་ཉིད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་པ་ཡང་ངས་དྲན་ཏེ། དེ་ན་ཡང་ལུང ་བསྟན་པའི་དུས་ལ་བབ་པོ།། ཀུན་ཏུ་དཔའ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྐར་རྒྱལ་ཞེས་བྱ་བ་བྱེ་བ་ཕྲག་ཉི་ཤུ་རྩ་ལྔ་འཇིག ་རྟེན་དུ་བྱུང་སྟེ། ང་དེའི་ཚེ་དེའི་དུས་ན་རབ་ཏུ་བྱུང་ནས། དེ་བཞིན་གཤེགས་པ་རྣམས་ལ་བསྙེན་བཀུར་བྱས་ཏེ། ད་ལྟར་ང་ལ་ཀུན་ཏུ་དཔའ་བ་རིམ་གྲོ་བྱེད་པ་ཇི་ལྟ་བ་བཞིན་དུ ་ངས་ཀྱང་དེ་བཞིན་གཤེགས་པ་རྣམས་ལ་རིམ་གྲོ་བྱས་ནས། ངས་ད་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་པ་ངས་དྲན་ཏེ། དེ་ན་ཡང་ལུང་། ་བསྟན་པའི་དུས་ལ་བབ་པོ།། ཀུན་ཏུ་དཔའ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཤེས་བྱ་བ་བྱེ་བ་ཕྲག་བཅུ་གཉིས ་འཇིག་རྟེན་དུ་བྱུང་སྟེ། ངས་དེ་བཞིན་གཤེགས་པ་དེ་དག་ལ་གདིང་བ་དང་། བགོ་བ་དང་། སྤོས་དང་། ཕྲེང་བ་དང་། བྱུག་པས་བསྙེན་བཀུར་བྱས་ནས། ཇི་ལྟ་བུས་དེ་བཞིན ་གཤེགས་པ་རྣམས་ལ་རིམ་གྲོ་བྱ་བ་དེ་ལྟ་བུས་ངས་རིམ་གྲོ་བྱས་ཏེ། ང་དེའི་ཚེ་དེའི་དུས་ན་རབ་ཏུ་བྱུང་བར་གྱུར་ནས། དེ་ཉིད་དུ་ང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ ་ལུང་བསྟན་པ་ཐོབ་པ་ཡང་དྲན་ཏེ། རིང་པོ་མ་ལོན་པར་རྣམ་པར་གཟིགས་ཐ་མ་གང་བྱུང་བ་དེས་ཟུང་གི་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་དང་། ངས་དེ་ཤེས་ནས་དེའི་ཚེ་འཇམ ་བུའི་གླིང་དུ་རིན་པོ་ཆེ་སྣ་བདུན་གྱི་ཆར་རབ་ཏུ་ཕབ་སྟེ། དེ་ན་འཛམ་བུའི་གླིང་གི་སེམས་ཅན་རྣམས་དེ་དག་དབུལ་བར་གྱུར་ནས། ངས་དེ་ཉིད་དུ་བླ་ན་མེད་པ་ཡང་དག་པར་རྫོགས ་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་པར་འགྱུར་ཏེ། དེ་ན་ཡུན་རིང་མོ་ཞིག་ལོན་གྱི་བར་དུ་ཡང་ང་ལུང་མ་སྟོན་ཏོ།། གསོལ་པ། དུས་དེ་གང་ལགས། ཚེད་དེ་གང་ལགས། བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་ཏུ་དཔའ་བ་ཉོན་ཅིག། དེ་ནས་བསྐལ་པ་གྲངས་མེད་པ་ཞིག་ན་གདོད། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི ་སངས་རྒྱས་མར་མེ་འཛད་འཇིག་རྟེན་དུ་བྱུང་སྟེ། ང་དེའི་ཚེ་དེའི་དུས་ན་བྲམ་ཟེའི་ཁྱེའུ་སྤྲིན་ཅེས་བྱ་བར་གྱུར་ཏོ།། དེ་བཞིན་གཤེགས་པ་མར་མེ་མཛད་འཇིག་རྟེན་དུ་བྱུང་བ་དེ་ན ་ང་ཡང་བྲམ་ཟེའི་ཁྱེའུ་ཡི་གཟུགས་ཀྱིས་ཚངས་པར་སྤྱོད་པ་སྤྱད་དེ། དེ་ནས་དེ་བཞིན་གཤེགས་པ་མར་མེ་མཛད་མཐོང་ནས། མེ་ཏོག་ཨུད་པ་ལ་བདག་ཉིད་ཀྱིས་གཏོར་ཏེ། ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བསྔོས་པ་དང་། དེ་བཞིན་གཤེགས་པ་དེས་ང་ལ་བྲམ་ཟེའི་ཁྱེའུ་ཁྱོད་མ་འོངས་པའི་དུས་བསྐལ་པ་གྲངས་མེད་པ་ན་འཇིག་རྟེན ་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ།། ཞེས་ལུང་བསྟན་ཏོ།། ་ཀུན་ཏུ་དཔའ་བ་དེ་ནས་ང་ཤིང་ཏ་ལ་བཅུ་གཉིས་སྲིད་ཀྱི་སྟེང་གི་ན་མཁའ་བར་སྣང་ལ་འདུག་ནས། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་སྟེ། གང་ངས་བསྐལ་པ་གྲངས་མེད་པ་རྣམ ་སུ་ཚངས་པར་སྤྱོད་པ་ངས་སྤྱད་པ་དང་། གང་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་དགེ་བའི་རྩ་བ་དེ་ཐམས་ཅད་ཁར་རྩང་དང་། དེ་རིང་ཙམ་དུ་མངོན་གསུམ་དུ་དྲན་ནས། ཀུན་ཏུ་དཔའ ་བ་དེ་ན་ཡང་ངས་སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པ་དག་དགེ་བའི་ཆོས་རྣམས་ལ་སོ་སོར་བཀོད་པར་གྱུར་ན། ཀུན་ཏུ་དཔའ་བ་ང་ད་ལྟར་བླ་ན་མེད་པ་ཡང་དག ་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་ལ་ཕན་པར་འདོད་པ་ལྟ་ཅི་སྨོས་ཏེ། ཀུན་ཏུ་དཔའ་བ་ངས་སེམས་ཅན་རྣམས་ལ་ཆོས་རྣམ ་པ་མང་པོ་སྟོན་ཏོ།། ཇི་ལྟ་བུའི་གཟུགས་ཀྱིས་འདུལ་བ་དེ་ལྟ་བུའི་གཟུགས་ཀྱིས་སེམས་ཅན་རྣམས་ལ་ཆོས་བསྟན་ཏེ། ལྷའི་འཇིག་རྟེན་དུ་ནི་ལྷའི་གཟུགས་ཀྱིས་ཆོས་བསྟན་ཏོ།། ་ཀླུའི་གནས་སུ་ནི་ཀླུའི་གཟུགས་ཀྱིས་ཆོས་བསྟན་ཏོ།། གནོད་སྦྱིན་གནས་སུ་ནི་གནོད་སྦྱིན་གཟུགས་ཀྱིས་ཆོས་བསྟན་ནོ།། ཡིད་དགས་ཀྱི་གནས་སུ་ནི་ཡི་དགས་ཀྱིས་གཟུགས ་ཀྱིས་ཆོས་བསྟན་ཏེ།། མིའི་འཇིག་རྟེན་དུ་ནི་མིའི་གཟུགས་ཀྱིས་ཆོས་བསྟན་ཏེ།། སངས་རྒྱས་ཀྱིས་འདུལ་བའི་སེམས་ཅན་རྣམས་ལ་ནི་སངས་རྒྱས་ཀྱིས་གཟུགས་ཀྱིས ་ཆོས་བསྟན་ཏོ།། བྱང་ཆུབ་སེམས་དཔས་འདུལ་བའི་སེམས་ཅན་རྣམས་ལ་ནི། བྱང་ཆུབ་སེམས་དཔའི་གཟུགས་ཀྱིས་ཆོས་བསྟན་ཏོ།། གང་དང་གང་གིས་སེམས་ཅན་རྣམས ་འདུལ་བར་འགྱུར་བ་དེ་དང་དེའི་གཟུགས་ཀྱིས་ངས་སེམས་ཅན་རྣམས་ལ་ཆོས་བསྟན་ཏེ། ཀུན་ཏུ་དཔའ་བ་དེ་ལྟར་སེམས་ཅན་རྣམས་ལ་རྣམ་པ་མང་པོས་ཆོས་བསྟན་ཏོ།། དེ་ཅིའི ་ཕྱིར་ཞེ་ན། ཀུན་ཏུ་དཔའ་བ་སེམས་ཅན་རྣམས་ཇི་ལྟར་ཆོས་རྣམ་པ་མང་པོས་དེ་ལྟར་སེམས་ཅན་སྙིང་པོའི་དེ་དག་དགེ་བའི་རྩ་བ་རྣམ་པ་མང་པོ་དག་བྱེད་པར་འགྱུར་ཏེ། སྦྱིན་པ་རྣཾས ་སྦྱིན་པར་འགྱུར། བསོད་ནམས་དག་བྱེད་པར་འགྱུར། བདག་གི་དོན་དུ་མི་ཉལ་བ་ཡང་བྱེད་པར་འགྱུར། འཆི་བ་རྗེས་སུ་དྲན་པ་ཡང་བསྒོམ་པར་འགྱུར་ཏེ། དེ་དག་དེ་ལྟ་བུའི ་དགེ་བའི་ལས་མངོན་པར་འདུ་བྱ་བ་རྣམས་བྱེད་པར་འགྱུར་རོ།། དེ་དག་ཆོས་ཐོས་པའི་རྒྱས་སྔོན་གྱི་དགེ་བའི་རྩ་བ་དེ་དྲན་པར་གྱུར་ཏེ། དེ་ལྷ་དང་མི་དེ་དག་གི་ཡུན་རིང་པོའི་དོན་དང ་ཕན་པ་དང་བདེ་བར་འགྱུར་རོ།། ཀུན་ཏུ་དཔའ་བ་དེ་ལྟར་ན་ཟུང་གི་ཆོས་ཀྱི་རྣམ་གྲངས་ཐོས་མ་ཐག་ཏུ་ཡོན་ཏན་དང་། ཕན་ཡོན་དེ་ལྟར་དཔག་ཏུ་མེད་པར་འགྱུར་རོ།། དེ་ནས་སེམས ་ཅན་དེ་དག་ཅིག་ལ་ཅིག་འདི་སྐད་འཛེར་ཏོ།། གང་བྱས་ཤིང་བསགས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ཞིང་། སེམས་ཅན ་ཐམས་ཅད་ལ་ཕན་པར་འདོད་པའི་དགེ་བའི་ཆོས་ཀྱི་འབྲས་བུ་རྣམ་པར་སྨིན་པ་གཞན་འགའ་ཞིག་ཀྱང་ཡོད་པ་ལྟ་བུ་དེ་དག་གིས་སྨྲས་པ། གང་དག་ཆོས་ལ་ཡིད་ཆེས་ནས་འདི ་སྐད་ཅེས་ཡང་དག་པ་ཇི་ལྟ་བ་བཞིན་གྱིས་ཆོས་ཡོད་དོ་ཞེས་ཟེར་བ་དེ་དག་གི་བདེ་བའི་རྣམ་པར་སྨིན་པའི་འབྲས་བུའི་ཆེན་པོའི ་ཆོས་ཀྱི་བདེ་བ་བླ་ན་མེད་པར་འགྱུར་རོ།། སེམས་ཅན་གཏི་མུག་ཅན་བླུན་པོ་གང་དག་འདི་སྐད་ཅེས་ཆོས་ནམས་ཀྱི་ཕ་རོལ་དུ་འགྲོ་བ་ཡང་མེད་དོ་ཞེས་ཟེར་བ་དེ་དག་གི་རྣམ ་པར་སྨིན་པའི་འབྲས་བུ་ཆེན་པོ་དེ་ནི་ངན་སོང་རྣམསུ་འགྲོ་བར་འགྱུར་རོ།། དེ་དག་ནི་ཕྱི་ཕྱིར་ཞིང་ངན་སོང་གི་ས་ལ་གཞོལ་པར་འགྱུར་རོ།། བསྐལ་པ་བརྒྱད་ཁྲིའི་བར་དུ་སེམས ་ཅན་དམྱལ་བའི་སྡུག་བསྔལ་གྱི་ཚོར་བ་མྱོང་བར་འགྱུར་རོ།། བསྐལ་པ་བཅུ་གཉིས་ཀྱི་བར་དུ་ཡི་དགས་ཀྱི་ཡུལ་རྣམསུ་སྡུག་བསྔལ་གྱི་ཚོར་བ་མྱོང་བར་འགྱུར་རོ།། བསྐལ་པ ་བཅུ་དྲག་གི་བར་ད་ལྷ་མ་ཡིན་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ།། བསྐལ་པ་དགུ་སྟོང་གི་བར་དུ་འབྱུང་པོ་དང་ཤ་ཟ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ།། བསྐལ་པ་ཁྲི་སྟོང་གི་བར་དུ ་ལྕེ་མེད་པར་འགྱུར་རོ།། བསྐལ་པ་ཁྲི་དྲག་སྟོང་གི་བར་དུ་མིའི་མངལ་དུ་འཆི་བའི་དུས་བྱེད་པར་འགྱུར་རོ།། བསྐལ་པ་ཁྲི་ཉིས་སྟོང་གི་བར་དུ་ཤ་རིལ་པོར་འགྱུར་རོ།། བསྐལ། ་པ་ཁྲི་ཅིག་སྟོང་གི་བར་དུ་དམུས་ལོང་དུ་འགྱུར་ཞིང་སྡུག་བསྔལ་གྱི་ཚོར་བ་མྱོང་བར་གྱུར་ཏེ། དེ་བླ་མ་དག་འདི་སྙམ་དུ་སེམས་པར་འགྱུར་རོ།། བདག་ཅག་ནི་དོན ་མེད་པར་སྡུག་བསྔལ་མྱོང་ངོ་།། བདག་ཅག་གི་བུ་སྐྱེས་པ་ནི་དོན་མེད་དོ།། ཟླ་བ་དགུའི་བར་དུ་དོན་མེད་པར་མངལ་དུ་བཙས་སོ།། གྲང་བ་དང་དྲོ་བའི་ཚོར་བ་མྱོང་།། ་བཀྲེས་པ་དང་བསྒོམ་པའི་སྡུག་བསྔལ་ཡང་རབ་ཏུ་མྱོང་ངོ་།། ཚེ་འདི་ལ་ཡང་སྡུག་བསྔལ་མང་པོ་མྱོང་ངོ་།། ཕ་མས་ཁྱིམ་དུ་བུ་སྐྱེས་པ་མཐོང་ན་ཡང་དྲོད་པ་མེད་ཅིང་ཕ་མ ་རབ་ཏུ་རེ་ཐག་ཆད་པར་འགྱུར་རོ།། ཀུན་ཏུ་དཔའ་བ་དེ་བཞིན་དུ་དམ་པའི་ཆོས་སྤོང་བའི་སེམས་ཅན་རྣམས་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོར་གཞོལ་བ་ཡིན་ཏེ། དེ་དག ་འཆི་བའི་དུས་ཀྱི་ཚེ་མྱ་ངན་གྱི་ཟུག་རྔ་ཆེན་པོས་ཟུག་པར་འགྱུར་རོ།། ཀུན་ཏུ་དཔའ་བ་གང་དག་ཚིག་འདི་སྐད་ཅེས་ཆོས་རྣམས་ཡོད་དོ།། ཆོས་རྣམས་ཀྱི་ཕ་རོལ ་དུ་འགྲོ་བ་ཡོད་དོ་ཞེས་ཟེར་བ་དེ་དག་ནི་དགེ་བའི་རྩ་བ་དེས་བསྐལ་པ་ཉི་ཤུའི་བར་དུ་བྱང་གི་སྒྲ་མ་སྙན་དུ་སྐྱེ་བར་འགྱུར་རོ།། བསྐལ་པ་ཉི་ཤུ་རྩ་ལྔའི་བར་དུ་སུམ་བཅུ ་རྩ་གསུམ་གྱི་ལྷ་རྣམས་དང་། བསྐལ་པ་མཉམ་པར་སྐྱེ་བར་འགྱུར་རོ།། སུམ་བཅུ་རྩ་གསུམ་ནས་ཤི་འཕོས་ནས་བྱང་གི་སྒྲ་མི་སྙན་དུ་སྐྱེ་བར་འགྱུར་རོ།། མའི་མངའ ་དུ་སྐྱེ་བར་མི་འགྱུར་རོ།། འཇིག་རྟེན་གྱི་ཁམས་བརྒྱ་སྟོང་དག་ཀྱང་མཐོང་བར་འགྱུར་ཏེ། ཐམས་ཀྱང་མཐོང་ནས་བདེ་བ་ཅན་ཞེས་བྱ་བ་ཤ་སྟག་གོ། སངས ་རྒྱས་ཀྱི་ཞིང་ཐམས་ཅད་ཀྱང་མཐོང་ངོ་།། མཐོང་ནས་ཀྱང་དེ་ཉིད་དུ་གནས་ཏེ། དེ་ཉིད་དུ་བྱང་ཆུབ་མངོན་པར་རྫོགས་པར་འཚང་བརྒྱ་པར་འགྱུར་རོ།། ཀུན་ཏུ་དཔའ ་བ་དེ་ལྟར་ན་ཟུང་གི་ཆོས་ཀྱི་རྣམ་པ་གྲངས་འདི་ནི་མཐུ་ཆེ་བའོ།། གང་དག་འདི་ལ་སེམས་དང་བ་དེ་ནས་དུ་ཡང་ངམ་སྤངས་པར་འཆི་བའི་དུས་བྱེད་པར་མི་འགྱུརོ།། ་དེ་དག་ཚུལ་ཁྲིམས་ཡོངས་སུ་དག་པ་དང་། ལྡན་པར་འགྱུར་རོ།། ཀུན་ཏུ་དཔའ་བ་ལ་ལ་དག་དེ་བཞིན་གཤེགས་པས་ཉིན ་མཚན་དུ་སེམས་ཅན་མང་པོ་ཞིག་ཡོངས་སུ་ཐར་པར་བྱས་ཀྱང་ད་དུང་དུ་སེམས་ཅན་གྱི་ཁམས་ཟད་པར་མི་གྱུར་ཏེ། མང་པོ་ཞིག་ནི་བྱང་ཆུབ་ཏུ་སྨོན་ལམ་འདེབས། མང་པོ ་ཞིག་ནི་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ། མང་མོ་ཞིག་ནི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་ན། རྒྱུ་གང་གིས་སེམས་ཅན་རྣམས་ཟད་པར་མ་གྱུར་ཅེས་འཛེར་བའི་སེམས ་ཅན་དག་ཀྱང་ཡོད་དོ།། གཞན་མུ་སྟེགས་ཅན་སྤྱོད་པ་པ་དང་། ཀུན་ཏུ་རྒྱུ་བ་དང་གཅེར་བུ་པ་དེ་དག་འདི་སྙམ་དུ་སེམས་ཏེ། བདག་ཅག་དགེ་སྦྱོང་གོའུ་ཏ་མ་དང་འགྱེད་དུ ་འདོང་ངོ་སྙམ་མོ།། དེ་ནས་བྲམ་ཟེ་དང་། གཞན་མུ་སྟེགས་ཅན་སྤྱོད་པ་པ་དང་། ཀུན་ཏུ་རྒྱུ་བ་བརྒྱད་ཁྲི་བཞི་སྟོང་དང་། གཅེར་པུ་པ་བརྒྱ་ཕྲག་དུ་མ་ཞིག་རྒྱལ་པོའི་ཁབ ་ག་ལ་བ་དེར་གདོང་ངོ་།། ཡང་དེའི་ཚེ་དེའི་དུས་ན་བཅོམ་ལྡན་འདས་འཛུམ་པ་མཛད་དོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་སྟན་ལས་ལངས ་ནས། བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགསུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན ་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་རྒྱུ་མ་མཆིས་རྐྱེན་མ་མཆིས་པར་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས ་འཛུམ་པ་མི་མཛད་ན། འཛུམ་པ་མཛད་པའི་རྒྱུ་གང་ལགས་རྐྱེན་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཉོན་ཅིག། དེང་རྒྱལ་པོའི་ཁབ་འདིར་འདུས ་པ་ཆེན་པོ་འབྱུང་བར་འགྱུར་རོ།། བཅོམ་ལྡན་འདས་འདིར་ལྷ་འམ་ཀླུ་འམ། གནོད་སྦྱིན་ནམ། མི་འམ་མི་མ་ལགས་པ་འམ། སུ་དག་མཆི་བར་འགྱུར། བཅོམ་ལྡན་འདས་ཀྱིས ་བཀའ་བྱ། བྱམས་པ་དེང་འདིར་ལྷ་དང་ཀླུ་དང་། གནོད་སྦྱིན་དང་། མི་དང་། མེ་མོ་ལགས་པ། དེ་དག་ཐམས་ཅད་འོང་བར་འགྱུར་ཏེ། བྲམ་ཟེ་བརྒྱད་ཁྲི་བཞི་སྟོང་ཡང་འདིར ་འོང་བར་འགྱུར་རོ།། མུ་སྟེགས་ཅན་སྤྱོད་པ་པ་དང་། ཀུན་ཏུ་རྒྱུ་བ་དང་། གཅེར་པུ་པ་བྱེ་བ་ཕྲག་དགུ་སྟོང་འོང་བར་འགྱུར་ཏེ། དེ་དག་དང་ང་འགྱེད་པར་འགྱུར་རོ།། དེ་དག་ཐམས ་ཅད་ཀྱི་འགྱེད་པ་ཞི་བར་བྱ་བའི་ཕྱིར་ཆོས་བསྟན་པར་བྱ་སྟེ། བྲམ་ཟེ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་རོ།། མུ་སྟེགས ་ཅན་སྤྱོད་པ་པ་དང་། ཀུན་ཏུ་རྒྱུ་དང་། གཅེར་བུ་པ་བྱེ་བ་སྟོང་ཕྲག་དགུ་པོ་དེ་དག་ཐམས་ཅད་ནི། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་གྱུར་ཏོ།། ཀླུའི་རྒྱལ་པོ་བྱེ་བ་སྟོང་ཕྲག ་བཅཝོ་བརྒྱད་འོང་བར་འགྱུར་ཏེ། དེ་དག་ང་ལས་ཆོས་ཐོས་པར་འགྱུར་རོ།། ཐོས་ནས་ཀྱང་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར ་འགྱུར་རོ།། གནས་གཙང་མའི་རིས་ཀྱི་ལྷའི་བུ་བྱེ་བ་སྟོང་ཕྲག་དྲུག་བཅུ་འོང་བར་འགྱུར་རོ།། བདུད་སྡིག་ཅན་གཡོག་དང་བཅས་པ་བྱེ་བ་སྟོང་ཕྲག་སུམ་བཅུ་གཉིས་འོང་བ་འགྱུར།། ་། ལྷ་མ་ཡིན་གྱི་རྒྱལ་པོ་བྱེ་བ་སྟོང་ཕྲག་བཅུ་གཉིས་འོང་བར་འགྱུར་རོ།། རྒྱལ་པོ་ལྔ་བརྒྱ་ཙམ་ཡང་འཁོར་དང་བཅས་ནས་ཆོས ་ཉན་དུ་འོང་བར་འགྱུར་ཏེ། དེ་དག་ཐམས་ཅད་ང་ལས་ཆོས་ཐོས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་རོ།། དེ་ནས་བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོ་བྱམས་པས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ།། ་དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་དཔའ་བ་སྟན་ལས་བ་ལངས་ནས། བླ་གོས་ཕྲག་པ་ཅིག་ཏུ་གཟར་སྟེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། ་བཅོམ་ལྡན་འདས་ག་ལ་བ་དེ་ལོག་སུ་ཐལ་མོ་སྦར་བ་བཏུད་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་རྒྱལ་པོ་ལྔ་བརྒྱ་བཙམ་པོ་དེ་དག་གི་མིང་ཅི ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་ཏུ་དཔའ་བ་ཉོན་ཅིག། རྒྱལ་པོ་དགའ་བོ་ཞེས་བྱ་བ་དང་། རྒྱལ་པོ་ཉེ་དགའ་ཞེས་བྱ་བ་དང་། རྒྱལ་པོ་རྒྱལ་བའི་ཁྱུ་མཆོག ་ཅེས་བྱ་བ་དང་། རྒྱལ་པོ་ཚངས་པའི་སྡེ་ཞེས་བྱ་བ་དང་། རྒྱལ་པོ་ཚངས་པའི་དབྱངས་ཞེས་བྱ་བ་དང་། རྒྱལ་པོ་ལྟན་མཛེས་ཤེས་བྱ་བ་དང་། རྒྱལ་པོ་འཛའ་བའི་སྡེ་ཞེས་བྱ་བ ་དང་། རྒྱལ་པོ་དགའ་བའི་སྡེ་ཞེས་བྱ་བ་དང་། རྒྱལ་པོ་གཟུགས་ཅན་སྙིང་པོ་ཞེས་བྱ་བ་དང་། རྒྱལ་པོ་གསལ་རྒྱལ་ཞེས་བྱ་བ་དང་། རྒྱལ་པོ་འཕགས་སྐྱེས་པོ་ཞེས་བྱ་བ་དང་། ་དེ་དག་ལ་སོགས་པ་རྒྱལ་པོ་ལྔ་བརྒྱ་ཙམ་དང་། རྒྱལ་པོ་རེ་རེ་ཞིང་ཡང་གཡོག་བྱེ་བ་བརྒྱ་སྟོང་ཡོད་དེ། རྒྱལ་པོ་འཕགས་སྐྱེས་པོ་ས་རྟོགས་པར་དེ་དག་ཐམས་ཅད་བླ་ན་མེད་པ་ཡང ་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་ཤ་སྟག་གོ། ཤར་ཕྱོགས་ནས་བྱང་ཆུབ་སེམས་དཔའ་བྱེ་བ་སྟོང་ཕྲག་སུམ་བཅུ་འོང་ངོ་།། ལྕེ་ཕྱོགས་ནས་བྱང་ཆུབ་སེམས ་དཔའ་བྱེ་བ་སྟོང་ཕྲག་སུམ་བཅུ་འོང་ངོ་།། ནུབ་ཕྱོགས་ནས་བྱང་ཆུབ་སེམས་དཔའ་བྱེ་བ་སྟོང་ཕྲག་དྲུག་བཅུ་འོང་ངོ་།། བྱང་ཕྱོགས་ནས་བྱང་ཆུབ་སེམས་དཔའ་བྱེ་བ་སྟོང ་ཕྲག་བརྒྱད་བཅུ་འོང་ངོ་།། འོག་གི་ཕྱོགས་ནས་བྱང་ཆུབ་སེམས་དཔའ་བྱེ་བ་སྟོང་ཕྲག་དགུ་བཅུ་འོང་ངོ་།། སྟེང་གི་ཕྱོགས་ནས་བྱང་ཆུབ་སེམས་དཔའ་བྱེ་བ་སྟོང་ཕྲག་བརྒྱ་འོང་སྟེ། ་ཐམས་ཅད་ཀྱང་ས་བཅུ་ལ་རབ་ཏུ་གནས་པ་ཤ་སྟག་གོ། དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་བཅོམ་ལྡན་འདས་ལ་ལྟ་བའི་ཕྱིར་རྒྱལ་པོའི་ཁབ་ག་ལ་བ་དང་། བཅོམ ་ལྡན་འདས་ག་ལ་བ་དེར་དོང་ངོ་།། བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་བླ་ངན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པར་ཤ་སྟག་གོ།། དེ་ནས ་བཅོམ་ལྡན་འདས་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་དཔའ་བ་ལ་བཀའ་སྩལ་པ། ཀུན་ཏུ་དཔའ་བ་ཁྱོད་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྣམས་སུ་སོང ་སྟེ། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་དེང་དེ་བཞིན་གཤེགས་པ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོར་ཆོས་སྟོན་གྱིས་ཕྱོགས་བཅུའི་འཇིག་རྟེན་གནས་པ་ཁྱེད་ཐམས་ཅད ་ཐལ་མོ་སྦྱར་ཏེ། ཐུང་ཅིག་ཅེས་འདི་སྐད་ཅེས་སྨོས་ལ། གོ་བར་བྱས་མ་ཐག་ཏུ་ཡུད་ཙམ་གྱིས་ཆོས་ཉན་དུ་སླར་ཤོག་ཤིག ་དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་དཔའ་བ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ ་ལན་གསུམ་བསྐོར་བ་བྱས་ཏེ། རྫུ་འཕྲུལ་གྱི་སྟོབས་ཀྱིས་མི་སྣང་བར་གྱུར་ཏོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཀུན་ཏུ་དཔའ་བ་ཕྱོགས་བཅུའི་འཇིག ་རྟེན་གྱི་ཁམས་རྣམས་སོང་ནས། བྱང་ཆུབ་སེམས་དཔའ་རྣམས་ལ་དེང་དེ་བཞིན་གཤེགས་པ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོར་ཆོས་སྟོན་གྱིས་དེ་ལ་ཁྱེད་ཅག་གིས ་ལེགས་སོ།། ཞེས་བྱ་བ་གསོལ་ཅིག་དང་དེའི་ཕྱིར་ཁྱེད་དེང་ཉིད་དུ་ཕན་པ་དང་། བདེ་བ་ཆེན་པོ་ཐོབ་པར་འགྱུར་རོ་ཞེས་བསྒྲེའོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ ་ཆེན་པོ་ཀུན་ཏུ་དཔའ་བ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྣམས་སོང་ནས། སངས་རྒྱས་ཐམས་ཅད་ལ་བསྙེན་བཀུར་བྱས་ཤིང་། བྱང་ཆུབ་སེམས་དཔའ་རྣམས་ལ་སྤྲོ་བ་ནི ་འདི་ལྟ་སྟེ། དཔེར་ན་སྐྱེས་བུ་སྟོབས་དང་ལྡན་པས་སེ་གོལ་གཏོགས་པ་ཙམ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་དཔའ་བ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན ་པེ་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་འོངས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ།། དེ་ནས་བྲམ་ཟེ་རྣམས་དང་། གཞན་མུ་སྟེགས་ཅན་སྤོད་པ་པ་དང་། ་ཀུན་ཏུ་རྒྱུ་དང་། གཅེར་ཕྲ་བ་རྣམས་ཀྱང་འདུས། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། མི་མང་པོ་ཞིག་དང་། རྒྱལ་པོ་གཡོག་དང་བཅས་པ་ལྔ་བརྒྱ་ཙམ་ཡང་འདུས། བདུད་སྡིག ་ཅན་གཡོག་དང་བཅས་པ་བྱེ་བ་སྟོང་ཕྲག་སུམ་བཅུ་རྩ་གསུམ་ཡང་འདུས་སོ།། ཡང་དེའི་ཚེ་དེའི་དུས་ཀྱི་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་རབ་ཏུ་གཡོས་སོ།། དེ་ནས ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྣམསུ་ལྷའི་ཙན་དན་གྱི་ཕྱེ་མའི་ཆར་རབ་ཏུ་ཕབ། ལྷའི་མེ་ཏོག་གི་ཆར་ཡང་རབ་ཏུ་བབ་ནས། དེ་བཅོམ་ལྡན་འདས་ཀྱི་དབུའི ་གཙུག་གི་མཚམ་སུ་ཁང་པ་བརྩེགས་པར་ཀུན་ཏུ་གནས་སོ།། ཡང་དེའི་དེ་བཞིན་གཤེགས་པའི་སྤྱན་སྔར་བརྒྱ་བྱིན་གྱིས་རྡོ་རྗེ་གསོར་བ་དང་། དེ་ནས་དེའི་ཚེ་ཕྱོགས་བཞི ་ནས་རླུང་གི་རྒྱལ་པོ་བཞི་འཁྲུག་ཏེ། ལངས་ནས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོའི་ཉལ་ཉི་ལ་དང་། ཕྱག་དར་དང་། བྱེ་མ་དེ་རྣམས་གྲོང་ཁྱེར་གྱི་ཕྱི་རོལ་དུ་བོར ་ནས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྣམས་སྤོས་ཆུས་ཆར་རབ་ཏུ་ཕབ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྣམས་མེ་ཏོག་ཨུད་པ་ལ་དང་། པདྨ་དང་། ་ཀུ་མུ་ཏ་དང་པདྨ་དཀར་པོའི་ཆར་ཡང་རབ་ཏུ་ཕབ་ནས། མེ་ཏོག་དེ་དག་ཐམས་ཅད་ཀྱང་སེམས་ཅན་དེ་དག་གི་སྤྱི་གཙུག་གི་སྟེང་དུ་མེ་ཏོག་གི་གདུགས་སུ་གནས་སོ།། ་དེ་བཞིན་གཤེགས་པ་དབུའི་གཙུག་གི་བར་སྣང་ལ་ཁང་པ་བརྩེགས་པ་བརྒྱད་ཁྲི་བཞི་སྟོང་ཀུན་ནས་ཏེ་ཁང་པ་བརྩེགས་པ་བརྒྱད་ཁྲི་བཞི་སྟོང་པོ་རྣམས་ཀྱི་དྲབ་ནས། ་རིན་པོ་ཆེ་སྣ་བདུན་གྱི་ཁྲི་བརྒྱད་ཁྲི་བཞི་སྟོང་བྱུང་སྟེ། ཁྲི་དེ་དག་ཐམས་ཅད་ལ་དེ་བཞིན་གཤེགས་པ་བཞུགས ་ནས་ཆོས་སྟོན་ཏོ།། དེ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་དུ་རབ་ཏུ་གཡོས་སོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ ་ཀུན་ཏུ་དཔའ་བ་བཅོམ་ལྡན་འདས་ག་ལ་བ་དེ་ལོག་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་གྲོང ་ཁྱེར་ཆེན་པོ་འདིར། ཆོ་འཕྲུལ་འདི་ལྟ་བུ་གདའ་བའི་རྒྱུ་གང་ལགས། རྐྱེན་གང་ལགས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ལྟ་སྟེ་དཔེར་ན། མི་ཙ་ཡ་ཅན་རྒོད ་དེ་བ་དང་། བདག་ཏུ་འཛིན་པ་དང་། བདག་གིར་འཛིན་པ་ལ་གནས་པ་དབུལ་པོར་གྱུར་པ་ལ་ལ་ཞིག་ཡོད་པ་དེའི་མགོ་ལ་རྒྱལ་པོས་བྱུགས་དང་། དེ་རྒྱལ་པོའི་སྒོའི་བར ་དུ་སོང་སྟེ། ཕྱི་ནང་ནས་ནན་གྱི་རྒྱལ་པོའི་ཕོ་བྲང་གི་ནང་དུ་འགྲོ་བར་འདོད་པ་དང་། དེ་ནས་རྒྱལ་པོའི་བློན་པོ་དང་། འཁོར་གྱིས་དེ་བཟུང་ནས་རྣམ་པ་མང་པོས་བརྡེགས ་པ་དང་། དེ་ནས་དེའི་ཚེ་དེའི་དུས་ན་མི་དབུལ་པོ་དེ་ནན་གྱིས་ནང་དུ་འགྲོ་འདོད་དོ་ཞེས་རྒྱལ་པོས་ཐོས་ནས་དེ་འདི་སྙམ་དུ་སེམས་སྟེ། གདོན་མི་ཟ་བར་ང་ལ་གསོད ་འདོད་པ་ཞིག་ཡིན་ནོ་སྙམ་ནས་རྒྱལ་པོ་ཁྲོས་ཏེ་འཁོར་རྣམས་ལ་འདི་སྐད་ཅེས་ཁྱེད་དེང་ལ་མི་དེ་རི་ཁྲོད་དུ་ཁྲིད་དེ་གསོད་ཅིག་གཡོག་དང་ཕ་མ་དང་བུ་དང་། བྲན་པོ ་དང་བྲན་མོ་དང་། ལས་བྱེད་པ་ཐམས་ཅད་ཀྱང་གསོད་ཅིག་ཅེས་བསྒོ་བ་དང་། དེ་ནས་དེ་དག་ཐམས་ཅད་གསད་ནས། དེའི་གཉེན་གཤེས་ཐམས་ཅད་མྱ་ངན་གྱི་ཟུག་རྔུ ་མི་ཟད་པས། ཟུག་པར་གྱུར་པ་དེ་བཞིན་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཆོས་བཤད་པ་དང་། དེ་ན་མི་ང་རྒྱལ་ཅན ་ཇི་ལྟ་བ་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་དེ་བཞིན་གཤེགས་པ་ལ་གཟུགས་དང་། ཁ་དོག་དང་། མཚན་དང་དབྱིབས་དང་། མཚན་མར་བཟུང་སྟེ། དེ་བཞིན ་གཤེགས་པའི་ལུས་ཡིན་སྙམ་དུ་སེམས་ཤིང་དེ་ན་དེ་དག་ཆོས་མང་པོ་ཐོས་ནས། ལྷག་པའི་ང་རྒྱལ་དུ་ལྷུང་སྟེ། ཀྱལ་པ་སྣ་ཚོགས་སྨྲ་བ་དང་། བདག་ཏུ་འཛིན་པ་དང་། ་བདག་གིར་འཛིན་པའི་ཟིལ་གྱིས་ནོན་ནས། བདག་ཉིད་འདི་ལྟ་བུའི་ཆོས་ཉན་མི་འཆད་དེ། གང་ལ་ལ་ཞིག་མདོ་འམ་ཚིག་སུ་བཅད་པ་འམ། ཐ་ན་དཔེ་ཙམ་ཞིག་དེ་དག་ལ ་བཤད་ན་ཡང་བདག་གིས་ཤེས་སོ་ཞེས་དེ་དག་ལ་མི་འཛིན་ཅིང་བརྣབས་སེམས་མི་ཉན་ནོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ང་རྒྱལ་ཅན་དུ་གྱུར་པའི་ཕྱིར། དེ་དག་ནི ་མིང་དུ་ཐོས་པས་བག་མེད་པའོ།། གང་བྱིས་པ་སོ་སོའི་སྐྱེ་བོ་རྣམས་དང་འགྲོགས་པ་དེ་དག་ནི་འདི་ལྟ་བུའི་ཆོས་དང་ལྡན་པར་བྱེད་པར་མི་འགྱུར། དེ་དག་ནི་འདི་ལྟ་བུའི ་ཆོས་དང་ལྡན་པའི་ཚིག་ཐོས་པར་འགྱུར་གྱི་དེ་དག་མང་དུ་ཐོས་པ་དེས། རྒྱགས་པར་འགྱུར་ཏེ། མི་དེ་ལྟ་བུ་དེ་དག་ནི་རང་གི་རང་བཟོར་བྱས་པ་འཇོག་པར་བྱེད།། ་རང་གི་བཞུང་གི་གླེང་གཞི་ཡང་འཇོག་པར་བྱེད་དོ།། དེ་དག་ནི་བདག་འཇིག་རྟེན་ཐམས་ཅད་ལ་བསླུ་ཞིང་དོན ་མེད་པར་ཡུལ་གྱི་འཁོར་གྱི་བསོད་སྙོམས་མང་པོ་ཟ་སྟེ། ཟོས་ནས་ཀྱང་ལེགས་པར་འཇུ་བར་མི་འགྱུར་རོ།། དེ་དག་འཆི་བའི་དུས་ཀྱི་ཚེ་འཇིགས་པ་ཆེན་པོ་འབྱུང་བར་འགྱུར་ཏེ། སེམ ་ཅན་དེ་དག་གིས་དེ་ལ་སྨྲས་པ། ཁྱོད་ཀྱི་ནི་ང་ལ་བཟོའི་གནས་མང་དུ་བསླབས་ན། ཇི་ལྟར་ཁྱོད་བདག་འཇོག་པར་མི་ནུས། དེས་དེ་དག་ལ་འདི་སྐད་ཅེས་སྨྲསོ།། གྲོགས་པོ་དག་ང་ནི་ད་ལྟར ་བདག་འཇོག་པར་མི་ནུས་སོ།། དེ་ན་སེམས་ཅན་དག་སྨྲེ་སྔགས་རྣམ་པ་སྣ་ཚོགས་འདོན་པར་འགྱུར་ཏེ། ཇི་ལྟར་གཞན་གྱིས་མ་ལན་གྱི་རང་གི་ལས་ཀྱི་རྐྱེན་གྱིས། གང་ཟག་གཅིག་པུའི ་ཕྱིར་གཉེན་གྱི་ཚོགས་མང་པོ་གསད་པར་གྱུར་པ་དེ་བཞིན་དུ་སེམས་ཅན་དེ་དག་ཀྱང་འཆི་བའི་དུས་ཀྱི་ཚེ་སྨྲེ་སྔགས་འདོན་ཅིང་མི་དགེ་བའི་གྲོགས་པོའི་ཕྱིར་བདག་ཅག་སེམས་ཅན་དམྱལ ་བ་དང་། དུད་འགྲོའི་སྐྱེ་གནས་སུ་གཞོལ་བར་མཐོང་ངོ་།། དེ་བཞིན་དུ་ཁྱེད་རྣམས་ལ་བྲམ་ཟེ་དང་། གཞན་མུ་སྟེགས་ཅན་རྣམས་ཀྱིས་སྨྲས་པ། ཁྱེད་ཅག་རྒྱགས་པར་མ་གྱུར་ཅིག། ་འདི་ལྟ་སྟེ་དཔེར་ན། བྱ་འདབ་གཤོགས་རྫོགས་པར་འཇིག་རྟེན་དུ་འགྲོ་བའི་ཕྱིར་ནམཔའ་ལ་འབྲུར་མི་ནུས་པ་དེ་བཞིན་དུ་ཁྱེད་རྣམས་ཀྱང་མྱ་ངན་ལས་འདས་པ་འཐོབ་པར་མི་ནུས ་ཏེ། ཁྱེད་ཅིག་ལ་དེ་ལྟ་བུའི་རྫུ་འཕྲུལ་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། ལས་ཀྱི་རྣམ་པས་བྱ་གག་གི་སྐྱེ་གནས་ནས། ལས་འདི་རིང་པོར་མི་ཐོགས་པར་ལུས་འཇིག་ཅིང་མཐར་འཆི་བར ་འགྱུར་ཏེ། འཆི་བའི་དུས་ཀྱི་ཚེ་དེ་དག་རོ་འགྲོ་བ་མེད་ནས། བདག་ཅག་གིས་ལུས་འདི་ཅི་ཞིག་གི་ཕྱིར་གཟུང་། བདག་ཅག་གིས་ཀྱིང་ལྷའི་འཇིག་རྟེན་གྱི་བདེ་བ་དང་། མིའི་འཇིག་རྟེན་གྱི ་བདེ་བ་ཡང་མ་མྱོང་ལ། མྱ་ངན་ལས་འདས་པའི་གནས་ལ་ཡང་གནས་པར་མ་གྱུར་ཏེ། བདག་ཅག་གི་ལུས་འདི་ནི་དོན་མེད་པར་བཟུང་ན། བདག་ཅག་གི་འགྲོ་བ་ནི་གང་ཡིན་བདག་གི ་རྟེན་དུ་ནི་སུ་ཞིག་འགྱུར། གང་དུ་སྐྱེ་ཞིང་གང་དུ་འཇིག་པར་འགྱུར་ཞིག་གུ་སྙམ་ནས་ཡོངས་སུ་སྐྲག་པར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས་གཞན་མུ་སྟེགས་ཅན་སྤྱོད་པ་པ་དང་། ་ཀུན་ཏུ་རྒྱུ་དང་གཅེར་བུ་པ་དེ་དག་ལ་བཀའ་སྩལ་པ། ཁྱེད་ཅག་རིན་པོ་ཆེའི་འཛམ་བུའི་གླིང་འདིར་ཡི་ཆད་པར་མ་བྱེད་ཅིག། ཁྱེད་ཆོས་དཀོན་མཆོག་ལ་ཕྱི་རོལ་དུ་མ་གྱུར་ཅིག། ཀྱེ ་གྲོགས་པོ་དག་ཁྱེད་དེ་བཞིན་གཤེགས་པ་ལ་ཅི་དང་ཅི་འདོད་པ་དྲིས་ཤིག་དང་། ངས་ཁྱེད་ཀྱི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱའོ།། དེ་ནས་བྲམ་ཟེ་དང་། གཞན་མུ ་སྟེགས་ཅན་སྤྱོད་པ་པ་དང་། ཀུན་ཏུ་རྒྱུ་དང་། གཅེར་བུ་པ་དེ་དག་ཐམས་ཅད་བསྟན་ལས་ལངས་ནས་བླ་གོས་ཕྲག་པ་ཅིག་ཏུ་བགོས་ཏེ། ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ ་ཞུས་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་བདུགས་མཚན་དུ་སེམས་ཅན་རྣམས་འཁོར་བ་ལས་ཡོངས་སུ་བཀྲོལ་ཡང་། སེམས་ཅན་གྱི་ཁམས་ལ་འབྲི་བ་འམ། ་གང་བར་ཡང་མི་གདའ་ན། བཅོམ་ལྡན་འདས་རྒྱུ་གང་དང་རྐྱེན་གང་གིས་སེམས་ཅན་དེ་དག་སྐྱེ་བ་དང་འགོག་པ་མཉམ་པར་བྱ་སྟེ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ་ལ་བཀའ་སྩལ་པ། མུ་སྟེགས་ཅན་དག་འགྱོད་པ་ཆེན་པོ་གསལ་བ་དང་། ཆོས ་ཀྱི་སྒྲོན་མ་ཆེན་པོ་འབར་བར་བྱ་བའི་ཕྱིར་གོ་ཆ་ཆེན་པོ་དགོས་ནས་འགྲོ་བའི་གླིང་བཞི་ཆེན་པོ་འདི་ལྟ་སྟེ། ཕྱི་མའི་དུས་ན་སེམས་ཅན་གཞོན་ནུ་དང་། རྒན་པོ་རྣམས་སྐྱེ་བ་དང་། འཇིག ་པ་ཤེས་པར་འགྱུར་རོ།། སྨན་གྱི་སྡེ་སེམས་ཅན་རྒན་པོ་དག་ཀྱང་གཞོན་ནུ་བཞིན་དུ་ཅི་ཡང་མི་ཤེས་པ་ཡོད་དོ།། སྨན་གྱི་སྡེ་འདི་ལྟ་སྟེ། དཔེར་ན་སྐྱེས་བུ་ལ་ལ་ཞིག་སྐྲ་ཀླུས་དང་། ་གོས་གསར་པ་བསྒོས་ཏེ། ཁྱིམ་གྱི་ཕྱི་རོལ་ཏུ་བྱུང་བ་དེ་ལ་སེམས་ཅན་རྣམས་ཀྱིས་གོས་གསར་པ་ལེགས་པར་བགོས་སོ་ཞེས་སྨྲས་པ་དང་། སེམས་ཅན་གཞན་ཞིག་ཀྱང་མགོ ་བཀྲུས་ནས། གོས་རྙིང་པ་ཡང་བཀྲུས་དེ་དགོས་པ་དང་། དེ་ཟེགས་པས་མི་དེ་སྐྲ་བཀྲུས་ཀྱང་མཛེས་པར་མ་གྱུར་ལ། དེའི་གོས་ཀྱང་མཛེས་པར་མ་གྱུར་པ་དེ་བཞིན་དུ་སྨན་གྱི་སྡེ ་འཛམ་བུའི་གླིང་ན་སེམས་ཅན་རྒད་པོ་ཡོད་པ་དག་ནི་མཛེས་པ་མ་ཡིན་ཏེ། སེམས་ཅན་གཞོན་ནུ་དག་སྐྱེ་བ་དང་། འགག་པ་སྟན་ཏོ།། དེ་ནས་བྲམ་ཟེ་དང་། གཞན་མུ་སྟེགས་ཅན ་སྤྱོད་པ་པ་དང་། ཀུན་ཏུ་རྒྱུ་དེ་དག་ཐམས་ཅད་སྟན་ལས་ལངས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས། བདག་ཅག་གི་ནང་ན་ནི་གཞོན་ནུ ་གང་ལགས། རྒད་པོ་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱེད་ཅག་ནི་ཡང་དང་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་རྣམས་སུ ་ཚོར་བ་མཐོང་ཡང་། ཁྱེད་ད་དང་དུ་ངོམས་མི་མྱོང་བས། ཁྱེད་ཅག་ནི་རྒན་པའོ།། དེ་ནས་བཅོམ་ལྡན་འདས་ལ་བྲམ་ཟེ་དེ་དག་ཐམས་ཅད་དང་། ཀླུའི་རྒྱལ་པོ་ཐམས་ཅད་ཀྱིས་འདི ་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སླན་ཆད་འཁོར་བར་སྡུག་བསྔལ་ཚོར་བ་མྱོང་ལ་མི་སྤྲོའོ།། གཞན་མུ་སྟེགས་ཅན་སྤྱོད་པ་པ་དང་། ཀུན་ཏུ་རྒྱུ་དང་། གཅེར་བུ་རྣམས་ཀྱིས ་འདི་སྐད་ཅེས་སྨྲས་སོ།། སེམས་ཅན་གཞོན་ནུ་རྣམས་ལས་ཀྱང་གང་ཆོས་ཉིད་མངོན་སུམ་དུ་བྱེད་ནུས་པ་མེད་དོ།། དེ་སྐད་ཅེས་སྨྲས་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཅིའི་སླད་དུ་སེམས་ཅན་རྣམས་མོས་པ་དཀའ་བ་ལ་གཟིགས་སུ་གསོལ། བཅོམ་ལྡན་འདས་ཀྱིས། ་བཀའ་སྩལ་པ། སྨན་གྱི་སྡེ་ཉོན་ཅིག། ད་དེ་བཞིན་གཤེགས་པས་ནི་འཇིག་རྟེན་ཐམས་ཅད་མངོན་སུམ་དུ་མཛད་དོ།། དེ་ནས་སེམས་ཅན་གཞོན་ནུ་བྱེ་བ་སྟོང་ཕྲག་དགུ་བཅུ་རྩ་བཞི ་དེ་བཞིན་གཤེགས་པའི་སྤྱན་སྔར་འདུག་སྟེ། དེ་བཞིན་གཤེགས་པ་ལ་ཕྱག་ཀྱང་མི་འཚལ་ཚིག་ཀྱང་མི་སྨྲའོ།། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ ་ཆེན་པོ་སྨན་གྱི་སྡེས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སེམས་ཅན་འདི་དག་བཅོམ་ལྡན་འདས་ལ་མི་སྨྲ། ཀུན་མི་སྨྲ་ཞིང་ཕྱག་ཀྱང་མི་ཚུལ། བཅོམ་ལྡན་འདས་ལ་ཞུ་བ ་ཡང་མི་བགྱིད་པའི་རྒྱུ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་ཉོན་ཅིག། སེམས་ཅན་གཞོན་རྣམས་ཀྱིས་ཆོས་ཉིད་མངོན་སུམ་དུ་བྱེད་མི་ནུས་སོ།། ་ཞེས་སེམས་ཅན་གང་དེ་སྐད་ཟེར་བ་ལ། སྨན་གྱི་སྡེ་འདི་དག་ནི་ཁྱེད་ཀྱིས་སེམས་ཅན་གཞོན་ནུ་ཡིན་པར་ལྟའོ།། སེམས་ཅན ་དེ་དག་གིས་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་བཅོམ་ལྡན་འདས་བདག་ཅག་ནི་སེམས་ཅན་གཞོན་ནུ་གང་ལགས་སོ།། བཙུན་པ་བདེ་བར་གཤེགས་པ་བདག་ཅག་ནི་སེམས་ཅན ་གཞོན་ནུ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀྱེ་སེམས་ཅན་འདི་དག་ནི་འཇིག་རྟེན་མངོན་སུམ་དུ་བྱེད་པ་ཡིན་གྱིས། ད་རང་གི་ལུས་ལས་འཇིག་རྟེན་གྱི་ཆད ་སྟོན་ཅིག། དེའི་ཚེ་དེའི་དུས་ན་སེམས་ཅན་གཞོན་ནུ་བྱེ་བ་སྟོང་ཕྲག་དགུ་བཅུ་རྩ་བཞི་ལུས་དང་བྲལ་བར་སྟེང་གི་ན་མཁའ་ལ་གནས་ཏེ། ས་བཅུ་ལ་རབ་ཏུ་ཐོབ་པར་གྱུར་ཏོ།། དེ་ནས ་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས་འདི་སྐད་ཅེས་གསོལ་ཏོ།། གང་དག་འཁོར་བར་ཡོངསུ་ཟད་པར་བགྱི་བ་དང་། ་ཡོངས་སུ་བྱང་བར་བགྱི་བའི་སླད་དུ། བརྩོན་འགྲུས་རྩོམ་པའི་སེམས་ཅན་དེ་ལྟ་བུ་རྙེད་པ་ལེགས་པར་རྙེད་དོ།། བཅོམ་ལྡན་འདས་སེམས་ཅན་འདི་དག་ནི་དེང་ཉིད་སྐྱེས་ལ། ་བཅོམ་ལྡན་འདས་སེམས་ཅན་འདི་དག་ནི། དེང་ཉིད་ཡོངས་སུ་གྲོལ་ཏེ་ཐམས་ཅ་དཀྱངས་པཅུ་རབ་ཐོབ་པར་མཐོང་། བས་པ་གསས་པ། ་དེ་ནས་བྲམ་ཟེ་དང་གཞན་མུ་སྟེགས་ཅན་སྤྱོད་པ་དང་། ཀུན་ཏུ་རྒྱུ་དང་། གཅེར་བུ་པ་དང་། ཀླུའི་རྒྱལ་པོ་དང་། བདུད་སྡིག་ཅན་འཁོར་དང་བཅས་པ་ཐམས་ཅད་ལྷགས་ནས། ་གཡོག་བྱ་བའི་ཕྱིར་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་འདིར་དེ་བཞིན་གཤེགས་པའི་གན་དུ་མཆིས་ཏེ། ཆོས་ཀྱི་རྣམ་གྲངས་འདི་ཐོས ་ནས་བདག་ཅག་གིས་སངས་རྒྱས་ཀྱིས་བདེ་བ་འདི་ལྟ་བུ་ཐོབ་པར་གྱུར་ཅིག། འཇིག་རྟེན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འདི་ལྟ ་བུར་གྱུར་ཅིག། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཞིན་བཟངས་དག་དེ་དེ་བཞིན་ཏེ། ཇི་ལྟར་ཁྱེད་དེ་བཞིན་གཤེགས་པའི་གན་དུ་ལྷགས་ནས། ཁྱེད་ཀྱིས་ཟུང་གི་ཆོས་ཀྱི ་རྣམ་གྲངས་འདི་ཐོས་པས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། དེས་ན་ཁྱེད་ཅག་ཐམས་ཅད་རིང་པོ་མི་ཐོགས་པར་བླ་ན ་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་ཚིག་འདི་གསུངས་མ་ཐག་དུ་དེ་ནས་གཞན་མུ་སྟེགས་ཅན་དེ་དག ་ཐམས་ཅད་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏེ། ཐམས་ཀྱང་ས་བཅུ་ལ་རབ་ཏུ་གནས་པའི་བྱང་ཆུབ་སེམས་དཔར་གྱུར་ནས། བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད ་སྟེང་གི་ན་མཁའ་བར་སྣང་ལ་ཤིང་ལ་བདུན་སྲིད་དུ་མངོན་པར་འཕགས་ནས། རིན་པོ་ཆེ་སྣ་བདུན་གྱི་ཁང་པརྩེགས་པ་དག། དེ་བཞིན་གཤེགས་པ་ལ་དབུལ་ཞིང་ཐམས་ཅད ་ཀྱང་རྣམ་པར་འཕྲུལ་པ་སྣ་ཚོགས་བྱིན་གྱིས་བརླབས་སྟེ། རྫུ་འཕྲལ་མངོན་པར་འདུ་བྱེད་དོ།། དེ་ནས་བཅོམ་ལྡན་འདས་ཀྱི་དབུའི་སྤྱི་གཙུག་གི་སྟེང་ལོགས་སུ་གནས་ཏེ། ་བཅོམ་ལྡན་འདས་ལ་མེ་ཏོག་སིལ་མ་སྣ་ཚོགས་མཐོར་ཞིང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིད་ལ་བྱེད་དེ། ་རང་གི་ལུས་ལ་ཡང་སངས་རྒྱས་སུ་འདུ་ཤེས་སྐྱེད་དོ།། ལྷའི་བུ་བྱེ་བ་བརྒྱ་སྟོང་ཕྲག་དུ་མ་ཡང་དེ་བཞིན་གཤེགས་པ་ལ་མངོན་པར་མཐོར་ཞིང་ཚིག་འདི་སྐད་དུ་དགེ་སྦྱོང་གོའུ་ཏ་མ ་ནི་རྙེད་པ་ཆེན་པོའོ།། ཞིང་ཆེན་པོའོ།། འཇིག་རྟེན་གྱི་མགོན་ནོ།། ཏིང་ངེ་འཛིན་གྱི་སྟོབས་སྐྱེད་པ་བསྙེས་སོ།། མཁས་པ་མཁས་པ་ཚོལ་བ་ལགས་ཏེ། གང་སེམས་ཅན་འདི་ལྟ ་བུ་དག་ཐམས་ཅད་ཐབས་མཁས་པས་མཐར་གྱིས་འཁོར་བ་ལས་ཡོངས་སུ་ཐར་པ་མཛད་དེ། ལེགས་པར་གསུངས་པ་ཅིག་ཙམ་གྱིས་ཀྱང་སེམས་ཅན་དེ་སྙེད་ཅིག་འཁོར་བ ་ལས་ཡོངསུ་གྲོལ་ལོ།། ཞེས་སྨྲས་སོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ་སྟན་ལས་ལངས་ནས། བླ་གོས་ཕྲག་པ་ཅིག་ཏུ་གཟར་ཏེ། པུས་མོ ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགསུ་ཐལ་མོ་སྦྱར་བ་བཏུད་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས ་རྒྱུ་གང་དང་རྐྱེན་གང་གིས་རིགས་ཀྱི་བུ་དེ་དག་ཚིག་འདི་སྐད་འབྱིན་ཅིང་། རྫུ་འཕྲུལ་མངོན་པར་འདུ་བགྱི་བ་མང་པོ་བགྱིད་དེ། དེ་བཞིན་གཤེགས་པའི་སྔགས་པ་མང་པོ་མངོན ་པར་འདུ་བགྱིད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཉོན་ཅིག། དེ་དག་ནི་ང་ལ་སྟོད་པ་མ་ཡིན་གྱིས། རང་གི་ལུས་ལ་བསྟོད་ཅིང་། ་རང་གི་ལུས་ཆོས་ཀྱི་བསྟན་དམ་པ་ལ་འཇོག་པར་འགྱུར། རང་གི་ལུས་ཀྱི་འོད་ཟེར་འབྱིན་པར་འགྱུར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས ་པར་སངས་རྒྱས་པར་བྱ་བའི་ཕྱིར་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་ཡོངས་སུ་བཟུང་བར་འགྱུར་རོ།། མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་ཆོས་སྟོན་པར ་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས་འདི་སྐད་གསོལ་ཏོ།། བཅོམ་ལྡན་འདས་བདེ་བར ་གཤེགས་པ་གདུགས་མཚན་དུ་སེམས་ཅན་མང་པོ་ཤིག་ཡོངས་སུ་གྲོལ་ཡང་ད་དུང་དུ་སེམས་ཅན་རྣམས་ཟད་པར་མ་གྱུར་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ ་སྩལ་པ། སྨན་གྱི་སྡེ་ཁྱེད་གང་དེ་བཞིན་གཤེགས་པ་ལ་དོན་འདི་འདྲི་བར་སེམས་དཔའ་ནི་ལེགས་སོ།། ལེགས་སོ།། སྨན་གྱི་སྡེ་འདི་ལྟ་སྟེ་དཔེར་ན། ་སྐྱེས་བུ་ལ་ལ་ཞིག་ཕྱུག་ཅིང་ནོར་ཆེ་ལ་ལོངས་སྤྱོད་ཆེ་སྟེ། ནོར་དང་། འབྲུ་དང་། མཇེད་དང་། བང་བ་མང་པོ་དང་ལྡན་པ། བྲན་པོ་དང་། བྲན་མོ་དང་། ལས་བྱེད ་པ་དང་། ཞོ་ཤས་འཚེ་བའི་མང་པོ་དང་ལྡན་སྟེ། དེ་ནོར་གྱི་ཕུང་པོ་མང་པོ་ཞིག་དང་ཀུན་དགའ་ར་བ་མང་དུ་འདོག་ཅིང་འདི་ལྟ་སྟེ། ནས་དང་གྲོ་དང་། འབྲས་དང་། ་བལ་སྲན་དང་། སྲན་ཆུང་ལ་སོགས་པའི་འབྲུ་མང་དུ་བདོག་པ་ཞིག་ཡོད་ལ། མི་དེས་དཔྱིད་ཀྱི་དུས་ལ་འབྲུ་ཐམས་ཅད་ཀྱི་ས་བོན་བཏབ་ནས་དུས་གཞན་ཞིག ་གི་ཚེ་ས་བོན་དེ་དག་ཐམས་ཅད་ཡོངས་སྨིན་པར་གྱུར་པ་དང་། མི་དེ་འབྲུ་དེ་དག་དེ་དག་སོ་སོར་འཇོག་སྟེ། ་གཞན་པ་ནས་ཀྱང་དཔྱོད་ཀྱི་དུས་ཀྱི་བར་དུ་ཟོས་ནས་ཡང་འདེབས་པ་དེ་བཞིན་སྨན་གྱི་སྡེ་སེམས་ཅན་རྣམས་ཀྱང་། སྔོན་ལས་བྱས་པའི་ལས་དེ་དག་ཐམས་ཅད་ཡོངས་སུ ་ཟད་པར་གྱུར་པ་དང་། དེ་ལ་བསོད་ནམས་ཀྱི་ཞིང་ཚོལ་ཏེ། དགེ་བའི་རྩ་བ་རྣམས་སྐྱེད་དོ།། བསྐྱེད་ནས་ཀྱང་དགེ་བའི་ཆོས་དེ་ལ་ནན་ཏན་གྱིས་སྒྲུབ་སྟེ། ཆོས་ཐམས་ཅད ་འཕེལ་བར་བྱས་ནས། དགའ་བ་དང་། འགུ་བསྐྱེད་དེ། སྨན་གྱི་སྡེ་དགའ་ཞིང་མགུ་བའི་སེམས་ཅན་དེས་བསྐལ་པ་བྱེ་བའི་བར་དུ་ཆུད་མི་ཟའོ།། སྨན་གྱི་སྡེ་དེ་བཞིན་དུ། ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་སྐྱེད་པ་ཡང་ཆུད་ཟ་བའི་ཆོས་ཅན་དུ་ནམ་ཡང་མི་འགྱུར་ཏེ། མདོར་ན་ཆོས་ཐམས་ཅད་རབ་ཏུ་ཤེས་སོ།། གསོལ ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསྐྱེད་པ་རྨི་ལམ་ཇི་ལྟ་བུ་མཐོང་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ ་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པའི་རྨི་ལམ་དུ་འཇིགས་པ་མང་པོ་མཐོང་བར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། ལས་ཐམས་ཅད་ཡོངས་སུ་སྦྱོང་བའི་ཕྱིར་རོ།། ་སེམས་ཅན་སྡིག་པའི་ལས་ཅན་གྱིས་ནི་སྡུག་བསྔལ་མི་བཟད་པ་སེལི་བར་མི་ནུས་སོ།། དེ་ནི་སྡིག་པའི་རྨི་ལམ་མཐོང་ཡང་འཇིགས་པ་མ་ཡིན་ནོ།། ་གསོལ་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དང་པོ་སྐྱེད་པའི་རྨི་ལམ་དུ་ཇི་ལྟར་འཇིགས་པ་མཐོང་བར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་སྨན་གྱི་སྡེ་མེ་རབ་ཏུ་འབར་བ་མཐོང་སྟེ། དེས་ན་བྱང་ཆུབ་སེམས་དཔའ་དེས་བདག་གི་ཉོན་མོངས་པ་ཐམས་ཅད་ཚིག་པར་རིག་པར་བྱའོ།། སྨན་གྱི་སྡེ་གཉིས་སུ་ནི་བྱང་ཆུབ ་སེམས་དཔའ་སེམས་དང་པོ་བསྐྱེད་པ་དེས། ཆུ་དྲག་ཅིང་རབ་ཏུ་འབྲུག་པ་མཐོང་ཡང་འཇིགས་པར་མི་བྱའོ།། དེ་ཅིའི་ཕྱིར་ཞེ་ན། སྨན་གྱི་སྡེ་དེ་བཞིན་དུ། གཏི་མུག་གི ་བཅིངས་པ་ཐམས་ཅད་ལས་བཟློག་ནས། སྡིག་པ་བྱང་བར་བྱས་པ་ཡིན་ནོ།། སྨན་གྱི་སྡེ་གསུམ་དུ་ན། བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པའི་རྨི་ལམ་ན། འཇིགས ་པ་ཆེན་པོ་མཐོང་ངོ་།། གསོལ་པ། བཅོམ་ལྡན་འདས་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བདག་གི་ལུས་ཀྱི་མགོ་བྲེགས་པ་མཐོང་ཡང་སྨན་གྱི་སྡེ་དེ ་ལ་དེས་འཇིགས་པར་མི་བྱའོ།། དེ་ཅིའི་ཕྱིར་ཞེ་ན། བདག་གི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་བྲེགས་པ་ཡིན་ཏེ། བདག་ནི་འགྲོ་དྲུག་དུ་འཁོར་བ་ལས་རྒྱབ་པ ་ཡིན་ནོ་སྙམ་མོ།། དེ་སེམས་ཅན་དམྱལ་བར་གནས་པའི་ཡང་མ་ཡིན། དུད་འགྲོ་དང་། ཡི་དགས་རྣམས་ཀྱི་ནང་དུ་མ་ཡིན། ལྷ་མ་ཡིན་རྣམས་ཀྱི་ནང་དུ་མ་ཡིན་ནོ།། ཀླུ་རྣམ ་ཀྱི་ནང་དུ་མ་ཡིན་ལྷ་རྣམས་ཀྱི་ནང་དུ་མ་ཡིན་ཏེ། སྨན་གྱི་སྡེ་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་ནི། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་རྣམས་སུ་སྐྱེ་བ་རབ་ཏུ ་འཛིན་ཏོ།། སྨན་གྱི་སྡེ་ཕྱི་མའི་དུས་ན། གལ་ཏེ་སེམས་ཅན་ལ་ལ་ཞིག་བྱང་ཆུབ་ཏུ་སེམས་ཡོངསུ་བསྔོ་བར ་འགྱུར་ན། དེས་ན་ཡིད་དམ་ཆེན་པོ་བཙས་པར་བལྟ་སྟེ། བརྙས་པར་གནས་པར་གྱུར་ཀྱང་སྨན་གྱི་སྡེ་དེ་ལ་དེས་སྐྱོ་བའི་སེམས་བསྐྱེད་པར་མི་བྱ་ཞུམ་པར་མི་བྱའོ།། སྨན་གྱི་སྡེ ་ངས་ཆོས་མང་དུ་བསྟན་ཏེ། སྨན་གྱི་སྡེ་ངས་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་ཞིག་གི་བར་དུ་དཀའ་བ་སྤྱོད་པ་སྤྱད་ཀྱང་། སྨན་གྱི་སྡེ་ངས་ལོངས་སྤྱོད་ཀྱི་ཕྱིར་རམ། འཚེ་བའི ་ལོངས་སྤྱོད་ཀྱི་ཕྱིར་རམ། དབང་ཕྱུག་གི་ལོངས་སྤྱོད་ཀྱི་ཕྱིར་དཀའ་བ་སྤྱོད་པ་སྤྱད་པ་མ་ཡིན་གྱི། སྨན་གྱི་སྡེ་ཆོས་ཀྱི་ངོ་བོ་ཉིད་ཁོང་དུ་ཆུད་པར་བྱ་བའི་ཕྱིར་ངས་དཀའ་བ་སྤྱོད་པ ་སྤྱད་ཀྱང་ངས་དེ་སྲིད་ཀྱི་བར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མ་ཐོས་ཀྱི། སྨན་གྱི་སྡེ་གང་གི་ཚེ་གང་གི་དེས་ན། ངས་ཟུང་གི་ཆོས་ཀྱི་རྣམ་གྲངས་འདི་ཐོས་པ། ་དེ་ཉིད་ཀྱི་ཉོན་མོ།། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། སྨན་གྱི་སྡེ་ཆོས་ཀྱི་རྣམ་གྲངས་འདི་ཟབ་བོ།། ཆོས་ཀྱི་རྣམ་གྲངས ་འདི་ཐོས་པ་སྙེད་པར་དཀའོ།། སྨན་གྱི་སྡེ་དེ་བཞིན་གཤེགས་པ་རྣམས་འབྱུང་བ་ཡང་མཆོག་ཏུ་སྙེད་པར་དཀའོ།། སྨན་གྱི་སྡེ་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་དག་མཆོག ་ཏུ་སྙེད་པར་དཀའོ།། གང་དག་ཆོས་ཀྱི་རྣམ་གྲངས་འདི་ཐོས་པ་དེ་དག་ཐམས་ཅད་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཆང་བརྒྱ་པར ་འགྱུར་རོ།། སྨན་གྱི་སྡེ་བསྐལ་པ་སྟོང་དུ་འཁོར་བ་བརྙིལ་བར་འགྱུར་རོ།། སངས་རྒྱས་ཀྱི་ཞིང་ཡོངསུ་དག་པ་རབ་ཏུ་སྙེད་པར་འགྱུར་རོ།། འགོག་པ་དང་ལེམ་ཡང་རབ་ཏུ་ཤེས ་པར་འགྱུར་རོ།། གནས་རབ་ཏུ་ཤེས་པའི་བསྐལ་པ་ཡོད་པར་འགྱུར་རོ།། དགེ་བའི་གནས་རབ་ཏུ་ཤེས་པའི་བསྐལ་པ་ཡོད་པར་འགྱུར་རོ།། མངོན་པར་ཤེས་པ་དང་དགེ་བའི ་གནས་རབ་ཏུ་ཤེས་པའི་བསྐལ་པར་འགྱུར་རོ།། དགེ་བའི་གནས་དང་འགོག་པ་རབ་ཏུ་ཤེས་པའི་བསྐལ་པ་ཡོད་པར་འགྱུར་རོ།། སྨན་གྱི་སྡེ་ཅིའི་ཕྱིར་འགོག་པ་ཞེས་བྱ།། ་གསོལ་པ། བཅོམ་ལྡན་འདས་ཆོས་ཀྱི་གནས་ནི་དོན་ཅེས་བགྱིའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་ཆོས་ཀྱི་གནས་གང་ཡིན། གསོལ་པ། བཅོམ་ལྡན ་འདས་ཆོས་ཤེས་བགྱི་བ་ནི་བརྩོན་འགྲུས་བརྩམས་པ་ཉིད་དང་། ཚུལ་ཁྲིམས་བརྩམས་པ་ཉིད་དང་། ཚུལ་ཁྲིམས་དང་ལྡན་པ་ལགས་ཏེ། ཆོས་ཀྱི་གཏེར་ཞེས་བགྱིའོ།། ་བཅོམ་ལྡན་འདས་འདི་ནི་ཆོས་ཀྱི་གཏེར་འབྱུང་བའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་དེ་བཞིན་གཤེགས་པ་ལ་དོན་འདི་ཡོངསུ་འདྲི་བར་སེམས་པ་ནི ་ལེགསོ།། ལེགས་སོ།། གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ། དེ་བཞིན་གཤེགས་པ་རྣམས་འཇིག་རྟེན་དུ་འབྱུང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་སྨན་གྱི་སྡེ་གང་དག་མང་དུ་ཐོས་པ་དང་ལྡན་པ། རབ་ཏུ་ཤེས་པ་དེ་དག་གིས་དེ་བཞིན་གཤེགས་པ་རྣམས་འབྱུང་བ་རབ་ཏུ་ཤེས་སོ།། དེ་བཞིན་གཤེགས་པ་རྣམས་ཀྱི་འབྱུང ་བཤེས་སོ།། དེ་བཞིན་གཤེགས་པ་རྣམས་འབྱུང་བ་བདེ་བའི་གནས་འདི་རབ་ཏུ་ཤེས་སོ།། ནས་དེ་བཞིན་གཤེགས་པ ་རྣམས་འཇིག་རྟེན་དུ་འབྱུང་བ་དེ་ན། སེམས་ཅན་རྣམས་ཀྱིས་ཆོས་ཐམས་ཅད་ཏུ་ཤེས་སོ།། ཐབས་མཁས་པས་ཆོས་རྣམས་རབ་ཏུ་ཤེས་སོ།། འཇིག་རྟེན་དང་འཇིག་རྟེན ་ལས་འདས་པའི་ཆོས་རྣམས་རབ་ཏུ་ཤེས་སོ།། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡེ་ཤེས་རྣམས་རབ་ཏུ་ཤེས་སོ།། གསོལ་པ། ཡེ་ཤེས་ཉིད་རྟོགས་ནས། ་མྱ་ངན་ལས་འདས་པ་གང་རབ་ཏུ་འཚལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་ཆོས་རབ་ཏུ་ཤེས་ནས། ཆོས་རབ་ཏུ་ཤེས་སོ།། སྨན་གྱི་སྡེ་དེ་བཞིན་དུ ་དམ་པའི་ཆོས་བསྡུ་བ་རབ་ཏུ་ཤེས་ནས་རྙེད་པ་དང་པོ་སྐྱེའོ།། ཆོས་ཇི་ལྟར་ཐོས་པ་བཞིན་དུ་བཟུང་ནས་ཆོས་དང་ལྡན་པ་ཉིད་རྙེད་པར་འགྱུར་རོ།། སྨན་གྱི་སྡེ་འདི་ལྟ་སྟེ་དཔེར ་ན་མི་ཚོང་པར་གྱུར་པ་ལ་ལ་ཞིག་མི་ཁུང་སྟོང་གསེར་ཁྱེར་ཏེ། དེ་ཁྱེ་སྤོགས་ཀྱི་ཕྱིར་སོང་བ་དང་། དེའི་ཕ་མས་འདི་སྐད་ཅེས་སྨྲས་ཏེ། བུ་ཉོན་ཁུར་སྟོང་ཁྱེར་ལ། གཞན་དང ་རང་གི་གསེར་ལེགས་པར་ཁྱེར་ཅིག། ཚོང་པ་དེས་གསེར་ཁྱེར་ཏེ། སོང་ནས་ཟླ་བ་གཅིག་ཙམ་ལོན་པ་དང་། གསེར་དེ་དག་ཐམས་ཅད་ཆུད་བཟོན་ཏེ། མེད་པར་བྱས་ཀྱི ་འོག་ཏུ་དེ་ནས་མ་དྲེས་བསམས་པ་དང་། ཤིན་ཏུ་མི་དགའ་ནས་སྙིང་ལ་མྱ་ངན་གྱི་ཟུག་རྔུས་ཟུག་ཏེ། དེ་གནོང་ཞིང་ངོ་ཚ་ན། རང་གི་ཁྱིམ་དུ་མ་སོང་བ་དང་། དེའི་ཕ་མོས ་ཐོས་ནས་ཡིད་ཆད་དེ་སྙིང་ལ་མྱ་ངན་གྱི་ཟུག་རྔུས་ཟུག་པ་དང་། གོས་དག་ཀྱང་བྲལ་ཏེ། བུ་ངན་པ་དེ་བདག་ཅག་གི་ཁྱིམ་དུ་བུའི་གཟུགས་སུ་སྐྱེས་ནས་ཁྱིམ་སོ་ཀུན་ཀྱང་བཤིག། ་སྟེ། བདག་ཅག་ལ་འཁོ་བ་མེད་ཅིང་སྡུག་བསྔལ་བར་བྱས་སོ།། བྲན་གྱི་ལས་བྱེད་དུ་བཅུག་གོ་ཞེས་དེ་སྐད་དེ་སྨྲེ་སྔགས་འདོན་ཏེ། དེའི་ཕ་མས་ཡི་ཆད་ནས་འཆི་བའི་དུས་བྱས ་པ་དང་། དེ་ནས་བུ་དེས་ཕ་མ་བདག་ལ་ཡི་ཆད་དེ་འཆི་བའི་དུས་བྱས་སོ་ཞེས་ཐོས་ནས་བུ་དེ་ཡང་ཡི་ཆད་དེ། འཆི་བའི་དུས་བྱས་པ་དེ་བཞིན་དུ། སྨན་གྱི་སྡེ་དེ་བཞིན་དུ་དེ ་བཞིན་གཤེགས་པས་དོན་འདི་བཤད་པ་ལ་ཡང་གང་དག་ངའི་བསྟན་པ་ལ་མི་དད་པ་དེ་དག་ནི་རེ་ཐག་ཆད་ནས་འཆི་བའི་དུས་ཀྱི་ཚེ། སྙིང་ལ་མྱ་ངན་གྱི་ཟུག་རྔས་ཟུག་སྟེ། ་འཆི་བའི་དུས་བྱེད་པར་འགྱུར་རོ།། ཇི་ལྟར་ཕ་མ་དེ་དག་ཡི་ཆད་དེ་གསེར་གྱི་ཕྱིར་མྱ་ངན་བྱེད་ཅིང་། སྙིང་ལ་མྱ་ངན་གྱི་ཟུག་རྔུས་ཟུག་ནས། གཞན་དང་རང་གི་གསེར་གྱི་ཕྱིར་མྱ ་ངན་གྱི་ཟུག་རྔུ་དང་ལྡན་པ་དེ་བཞིན་དུ། སྨན་གྱི་སྡེ་གང་དག་ངའི་བསྟན་པ་ལ་མ་དད་པ་དེ་དག་ནི། ཕྱིས་འཆི་བའི་དུས་ཀྱི་ཚེ་གདུངས་ཞིང་སྨྲེ་སྔགས་འདོན་པ་ལ། སྡུག་བསྔལ ་གྱི་ཚོར་བ་མྱོང་ངོ་།། སྔོན་ལས་བྱས་པའི་བསོད་ནམས་དག་ཐོས་ནས་ཕྱིན་ཆད་ཞིང་བཟང་པོ་དང་ལྡན་པའི་བསོད་ནམས་དག་མི་བྱེད་དེ། དེ་དག་གི་སྙིང་མྱ་ངན་གྱི་ཟུག་རྔུ ་དང་ལྡན་པས་དེའི་ཚེ་དེའི་དུས་ན་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་སྐྱེ་ཞིང་མི་ཟད་པ་དྲག་པོ་མཐོང་ནས། འཆི་བའི་དུས ་ཀྱི་ཚེ་འདི་སྙམ་དུ་སེམས་ཏེ། གང་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། ཡི་དགས་དང་། ་གཤིན་རྗེའི་འཇིག་རྟེན་མཐོང་བར་མི་འགྱུར་ཞིང་། སྡུག་བསྔལ་གྱི་ཚོར་བ་དེ་མྱོང་བར་མི་འགྱུར་བར། བདག་ལ་སུ་ཞིག་སྐྱབས་སུ་འགྱུར་སྙམ་པ་དང་། དེའི་ཕ་མས་འདི ་སྐད་ཅེས་སྨྲས་སོ།། བུ་གཅིག་ནད་ཀྱིས་འཇིགས་ཆེན་ནི། འབྱུང་བར་མི་ནུས་ཇི་ལྟར་བྱས། ན་བ་འཆི་བའི་འཇིགས་མོད་ཀྱི།། བུ་ཁྱོད་འཆི་བ་ཡོད་མ་ཡིན།། ནད་ཀྱི། ་འཇིགས་དང་སྐྲག་པ་ལས།། ཁྱོད་ནི་ཐར་པར་འགྱུར་བ་ཡིན། བདག་གི་རྣམ་པར་ཤེས་པ་འགག། བདག་གི་ལུས་ལ་རབ་ཏུ་གནོད།། ཡན་ལག་ཐམས་ཅད་སྡུག་བསྔལ ་ཏེ།། བདག་གིས་འཆི་བ་མཐོང་བར་འགྱུར།། བདག་གི་མིག་ནི་མི་མཐོང་ཞིང་།། བདག་གི་རྣ་ཡང་མི་ཐོས་སོ།། རྣ་བ་ཡང་ནི་ཐོབ་མི་འགྱུར།། ལུས་ཀྱང་ཟོ་བདོག་བདེ ་མ་ཡིན།། ཡན་ལག་ཉིད་ལག་སྡུག་སྡུག་སྟེ།། ཤིང་དང་འདྲ་བར་སེམས་པ་མེད།། བདག་གི་འཆི་བ་འོང་མེད་ཅེས།། ཡུལ་གྱིས་བདག་གི་སྒྲོ་སྲིད་ཟད། མས་སྨྲས་པ། ་བུ་ཁྱོད་དེ་སྐད་སྨྲ་མི་རིགས། ང་ལ་མཆོག་ཏུ་འཇིགས་མ་བྱེད། ཁྱོད་ཀྱི་ལུས་ལ་རིམས་བཏབ་པས། རྣམ་པ་སྣ་ཚོགས་མཐོང་བར་གྱུར། བུས་སྨྲས་པ། ལུས་ལ་རིམ ་ཀྱང་མ་མཐོང་སྟེ།། ན་བ་མེད་ཅིང་སྡུག་བསྔལ་མེད། འཆི་བ་ཤིན་ཏུ་མི་བཟད་མཐོང་། བདག་གི་ལུས་སྡུག་བཅོམ་པར་གྱུར།། བདག་གི་ལུས་ཀུན་སྡུག་བསྔལ་གྱིས། ་རབ་ཏུ་བཟིར་བར་མཐོང་གྱུར་ན། སུ་ལ་སྐྱབས་སུ་འགྲོ་བར་བྱ།། བདག་གིས་སྐྱོབ་པར་སུ་ཞིག་ནུས།། ཕ་མས་སྨྲས་པ་བུ་ཁྱོད་ལ།། ལྷ་ཡང་རབ་ཏུ་བཀྱོན་གྱུར་གྱིས།། ་ལྷ་རྣམས་ལ་ནི་མཆོད་བྱས་ན། དེའི་འོག་ཏུ་འཚེ་བར་འགྱུར། བུས་སྨྲས་པ། གང་གིས་བདག་ནི་འཚེ་འགྱུར་བ། ཁྱོད་ཀྱིས་དེ་ལྟར་མཛད་དུ་གསོལ། རིངས་ཤིང་རབ་ཏུ ་མྱུར་བཞུད་ལ། ལྷ་བོན་པོ་ལ་དྲི་བར་གསོལ། དེ་ནས་དེའི་ཕ་མ་ལྷའི་རྟེན་གྱི་དྲང་དུ་སོང་ནས།། ལྷ་ལ་བདུག་པ་ཕུལ་བ་དང་། དེ་ནས་ལྷའི་བོན་པོས་ལྷ་ལ་བདུག་པ་ཕུལ ་ནས། ཚིག་འདི་སྐད་ཅེས་སྨྲས་སོ།། ཁྱོད་ལ་ལྷ་བསྐྱོན་གྱིས་རྗེད་ཅིག། མཆོད་སྦྱིན་བགྱིས་ཤིག། དེ་ལ་ཕྱག་གསོད་ཅིག། ཡང་གསོད་ཅིག་དང་། དེ་ནས་ཁྱོད་ཀྱི ་བུ་ནད་ལས་ཡོངས་སུ་ཐར་གྱུར་ཏོ།། དེ་ནས་ཕ་མ་དེ་དག་གི་བསམས་པ་དང་། བདག་ཅག་གི་ནི་དབུལ་ན་ཇི་ལྟར་བྱ། གལ་ཏེ་ལྷ་མ་མཉེས་ན་ནི་བུ་དེ་ཡང་འཆི་བའི་དུས ་བྱེད་པར་འགྱུར། ཇི་སྟེ་མཉེས་པར་བྱ་ན་བདག་ཅག་ནི་དབུལ་བས་མི་དང་། ཕྱུགས་གང་ནས་བླང་སྙམ་ནས། དེ་དག་རིངས་ཤིང་མྱུར་བར་ཁྱིམ་དུ་དོང་སྟེ། ཁྱིམ་རྫས་དང ་ཟས་ཅི་བདོག་པ་དེ་ཐམས་ཅད་ཕྱུགས་ཉོ་བའི་ཕྱིར་འཆང་དུ་དོང་ངོ་།། དེ་ནས་མི་གཞན་ཞིག་གི་གམ་དུ་ཕྱིན་ནས། ཀྱེ་སྐྱེས་བུ་གསེར་ཞིག་བསྐྱི་བྱ་ན། བསྦྱིན་པ་ནི་ཞག ་བཅུ་སླར་འབུལ་ནུས་ན་ནི་ལེགས། ཇི་སྟེ་དབུལ་མ་ནུས་ཡང་ངེད་ཁྱེད་ཀྱི་བྲན་དུ་ཁས་བླངས་ཏེ། ལས་བྱའོ།། ཞེས་དེ་སྐད་སྨྲས་ནས། དེ་གཉིས་གསེར་དེ་ཁྱེར ་ཏེ་མི་དོང་ངོ་།། དེ་གཉིས་ཀྱིས་མིཉེས་ནས་མི་དེས་ཀྱང་བདག་གསད་པར་ནི་མ་ཤེས་སོ།། དེ་ནས་པ་མ་རྨོངས་པར་གྱུར་པ་དེ ་གཉིས་སླར་རང་གིས་ཁྱིམ་དུ་མ་དོང་གི་ལྷ་རྟེན་གྱི་དྲུང་དུ་སོང་སྟེ། ལྷ་བོན་པོ་ལ་དམྱུར་དུ་མཆོད་སྦྱིན་མཛོད་ཅིག་ཅེས་སྨྲས་སོ།། དེ་ནས་ཕ་མ་དེ་གཉིས་བདག་ཉིད་ཀྱིས་ཕྱུག ་ཀྱང་གསད། མི་དེ་ཡང་གསད་དོ།། དེ་ནས་ལྷ་བོན་པོ་དེས་མཆོད་སྦྱིན་བྱ་བར་བསམས་ཏེ་མེ་བུས་པ་དང་། དེ་ནས་ལྷ་དེ་བབས་ཏེ་ཁྱོད་ཀྱི་བུ་ནི་ངས་ཁྱེར་རེ་ཞེས་སྨྲས་སོ།། ་དེ་ནས་ཕ་མ་དེ་གཉིས་དགའ་ཞིང་མགུ་བས་ཁྱབ་ནས། བུ་འདི་སོས་ན་བདག་ཅག་བྲན་དུ་གྱུར་ཀྱང་བླ་ཞེས་སྨྲས་ཏེ། ཕ་མས་ལྷ་ལ་མཆོད་སྦྱིན་བྱས་ནས། སླར་ལོག་སྟེ་རང་གི ་ཁྱིམ་དུ་ཕྱིན་ན་བུ་འཆི་བའི་དུས་བྱས་པ་མཐོང་ངོ་།། དེ་ནས་ཕ་མ་དེ་གཉིས་སྡུག་བསྔལ་ཞིང་ཡི་མུག་པ་ཆེན་པོས་སྙིང་ལ་མྱ་ངན་གྱི་ཟུག་རྔུ་ཟུག་སྟེ། ཡི་ཆད་པར་གྱུར་ནས། ་དེ་ཉིད་དུ་འཆི་བའི་དུས་བྱས་པ་དེ་བཞིན་དུ་སྨན་གྱི་སྡེ་མི་དགེ་བའི་གྲོགས་པོ་དག་བསྟེན་པར་མི་ལྟའོ།། གསོལ་པ་བཅོམ་ལྡན་འདས་སེམས་ཅན་དེ་དག་གང་དུ་སྐྱེ་བ་ཞུའོ།། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་ཁ་རོག་ང་ལ་མ་དྲི་ཤིག། གསོལ་པ། བཅོམ་ལྡན་འདས་ཞུའོ།། བདེ་བར་གཤེགས་པ་ཞུའོ།། བཅོམ་ལྡན་འདས་ཀྱིས ་བཀའ་སྩལ་པ། སྨན་གྱི་སྡེ་དེ་ལ་མ་ནི་སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་དུ་སྐྱེས་སོ།། པ་ནི་སེམས་ཅན་དམྱལ་བ་ཆེན་པོ་བསྡུས་འཇོམ་དུ་སྐྱེས་སོ།། བཱ་ནི་སེམས་ཅན ་དམྱལ་བ་ཆེན་པོ་ཆེ་བར་སྐྱེས་སོ།། ལྷ་བོན་དེ་ནི་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་སྐྱེས་སོ།། གསོལ་པ། བཅོམ་ལྡན་འདས་མི་མནོངས་པ་དེ་གང་དུ་སྐྱེས་དེའི་ཚེ་སྲང ་མ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་འདི་ལ་མི་གཉིས་པ་དེ་ནི་སུམ་བཅུ་རྩ་སུམ་གྱི་ལྷ་རྣམས་ཀྱི་ནང་དུ་སྐྱེས་སོ།། གསོལ་པ། བཅོམ ་ལྡན་འདས་རྒྱུ་གང་དང་རྐྱེན་གྱིས་མི་དེ་སུམ་བཅུ་རྩ་གསུམ་ལྷ་རྣམས་དང་བསྐལ་པ་མཉམ་པར་སྐྱེས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་ཉོན་ཅིག། མི་དེ་འཆི ་བའི་དུས་ཀྱི་ཚེ་དེ་བཞིན་གཤེགས་པ་ལ་སེམས་དད་པས་སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་ལན་ཅིག་སྨྲས་ཏེ། སྨན་གྱི་སྡེ་དགེ་བའི་རྩ་བ་དེས་བསྐལ་པ་དྲུག་བཅུའི་བར་དུ་སུམ ་བཅུ་རྩ་གསུམ་ལྷ་རྣམས་ཀྱི་བདེ་བ་མྱོང་བར་འགྱུར། བསྐལ་པ་བརྒྱད་བཅུའི་བར་དུ། སྐྱེ་བར་ཚེ་རབས་དྲན་པར་འགྱུར་རོ།། སྐྱེ་བ་དང་སྐྱེ་བར་མྱ་ངན་གྱི་ཟུག་རྔུ་བྲལ་བར་འགྱུརརོ།། ་སྐྱེས་མ་ཐག་ཏུ་སྡུག་བསྔལ་ཐམས་ཅད་ཟློག་པར་བྱེད་དོ།། སེམས་ཅན་དེ་དག་ཐམས་ཅད་ཡོངསུ་མྱ་ངན་ལས་ཟླ་བར་ནི་མི་ནུས་སོ།། གསོལ་པ། བཅོམ་ལྡན་འདས་ཇི་ལྟར། ་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླ་བར་ངོ་ཐོག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་བརྩོན་འགྲུས་བརྩམ་པར་བྱའོ།། གསོལ་པ། ་བཅོམ་ལྡན་འདས་བརྩོན་འགྲུས་བརྩམ་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་ཉོན་ཅིག། བརྩོན་འགྲུས་ཤེས་བྱ་བ་ནི་འབྲས་བུ་རྣམས ་སྟོན་པའོ།། འདི་ལྟ་སྟེ། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཞེས་བྱ་བ་ནི་བརྩོན་འགྲུས་ཀྱི་གནས་སོ།། ལན་ཅིག་ཕྱིར་འོད ་བའི་འབྲས་བུ་ཞེས་བྱ་བ་ནི་བརྩོན་འགྲུས་ཀྱི་གནས་སོ།། ཕྱིར་མི་འོང་བའི་འབྲས་བུ་ཞེས་བྱ་བ་ནི་བརྩོན་འགྲུས་ཀྱི་གནས་སོ།། དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་དང་། དགྲ་བཅོ ་པའི་འབྲས་བུ་འགག་པ་ཞེས་བྱ་བ་ནི་བརྩོན་འགྲུས་ཀྱི་གནས་སོ།། རང་སངས་རྒྱས་ཀྱི་འབྲས་བུ་དང་། རང་སངས་རྒྱས་ཀྱི་འབྲས་བུའི་ཤེས་པ་ཞེས་བྱ་བ་ནི་བརྩོན་འགྲུས ་ཀྱི་གནས་སོ།། བྱང་ཆུབ་སེམས་དཔའི་འབྲས་བུ་དང་། བྱང་ཆུབ་ཀྱི་གནས་ཤེས་བྱ་བ་ནི་བརྩོན་འགྲུས་ཀྱི་གནས་ཏེ། སྨན་གྱི་སྡེ་འདི་དག་ནི་བརྩོན་འགྲུས་ཀྱི་གནས་ཤེས་བྱའོ།། ་གསོལ་པ། བཅོམ་ལྡན་འདས་རྒྱུན་དུ་ཞུགས་པ་དང་། རྒྱུན་ཏུ་ཞུགས་པའི་འབྲས་བུའི་ཇི་ལྟར་སྙན་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ལྟ་སྟེ། ་དཔེར་ན་མི་ལ་ལ་ཞིག་གིས་ཤིང་ཞིག་བསྐྱེད་ན། དེ་ཉིད་ཀྱི་ཉིན་མོ་ཤིང་དེའི་རྩ་བ་ཟུག་ནས་དེ་ཉིད་ཀྱི་ཉིན་མོ་རྩ་བ་དེའི་དཔག་ཚད་ཙམ་གྱི་འོག་ཏུ་སོང་ངོ་།། མི་གཞན་ཞིག་གི ་ཀྱང་དེ་བཞིན་ཤིང་སྐྱེད་པ་དང་། དེ་ཉིད་ཀྱི་ཉིན་མོ་རླུང་གིས་བསྐྱོད་དེ་ཤིང་དེ་རྩ་བ་མ་ཟུག་ནས། དེ་ནས་མི་དེས་ཤིང་དེ་ཕྱུང་བ་དང་། མི་གཅིག་ཤོས་ཀྱིས་ཀྱང་ཅིའི ་ཕྱིར་ངའི་ས་བསྐོས་ཤེས་འཐབ་འབྲེག་བརྩོད་པར་གྱུར་ནས། དེའི་ཚེ་རྒྱལ་པོས་མི་དེ་གཉིས་འཐབ་འབྲེག་བརྩོད་པར་གྱུར་ཏོ་ཞེས་ཐོས་ནས། རྒྱལ་པོ་དེས་ཕོ་ཉ་བཏང ་སྟེ། སོང་ལ་མི་དེ་གཉིས་ཁྲིད་དེ་ཤོག་ཤིག། ལྷ་དེ་ལྟར་འཚལ་ལོ་ཞེས་མི་དེ་རིངས་པའི་གཟུགས་ས་རྒྱུགས་ནས་མི་དེ་གཉིས་ལ་འདི་སྐད་ཅེས་ཁྱེད་ལ་རྒྱལ་པོ་འབོད་དོ ་ཞེས་སྨྲས་པ། དེ་ནས་མི་གཅིག་ནི་འཇིགས་ཤིང་སྐྲག་པ་མེད་པར་རྒྱལ་པོ་ག་ལ་བ་དེར་ཁྲིད་དོ།། ཁྲིད་ནས་རྒྱལ་པོའི་མདུན་དུ་འཁོད་དོ།། དེ་ནས་རྒྱལ་པོས་མི་དེ་གཉིས་ལ ་འདི་སྐད་ཅེས་སྨྲས་སོ།། ཀྱེ་ཁྱེད་ཅིའི་ཕྱིར་འཐབ་ཅིང་རྩོད་པར་འགྱུར། དེ་ནས་མི་དེ་གཉིས་ལངས་ཏེ། རྒྱལ་པོ་ལ་འདི་སྐད་ཅེས་སྨྲས་སོ།། རྒྱལ་པོ་ཆེན་པོ་གསན་དུ་གསོལ། ་བདག་ཅག་ལ་ནི་ས་ཕྱོགས་ཅུང་ཟད་ཀྱང་མ་འཆིས་ཀྱི་ས་གཡར་པོ་ཞིག་ལ་ཤིང་བསྐྱེད་པ་ལས་རླུང་གིས་བསྐྱོད་ནས། རྩ་བ་ཡང་མ་ཟུག། ལོ་མ་དང་མེ་ཏོག་དང་། འབྲས ་བུ་ཡང་མ་བྱུང་སྟེ། རྒྱལ་པོ་ཆེན་པོ་དེའི་རྩ་བ་དཔག་ཚད་ཙམ་གྱི་འོག་ཏུ་ཡང་མཆིས་པ་དང་། ཁྱོད་ཀྱིས་ཉེས་སོ་ཞེས་མི་འདིས་བདག་ལ་འཐབ་མོ་རྒལ་དྲ་བས་ཀྱི་བདག་མ ་ནོངས་ན། ལྷ་དེ་ལ་བདག་གིས་ཆུང་ཟད་ཀྱང་མ་ནོངས་པར་མཁྱེན་པར་མཛད་དུ་གསོལ། དེ་ནས་རྒྱལ་པོ་དེས་བློན་པོ་བྱེ་བ་སུམ་བཅུ་བཀུག་སྟེ། བསོགས་ནས་འདི་སྐད ་ཅེས་བསྒོའོ།། ཁྱེད་ཅག་སྤྲོས་ཤིག། བློན་པོ་རྣམས་ཀྱིས་གསོལ་པ། ཇི་སྐད་སྨྲ་བར་བགྱི། གང་གི་ཉིན་མོ་ཤིང་བསྐྱེད་པ་དེ་ཉིད་ཀྱི་ཉིན་མོ་རྩ་བ་ཟུག་ནས་ལོ་མ་དང་། ་མེ་ཏོག་དང་འབྲས་བུ་འབྱུང་བ་ཁྱེད་ཀྱི་གང་ན་ཡང་མཐོང་ངམ། ཐོས་སམ་ཁྱེད་ཀྱིས་ཞག་བདུན་ནམ་ཟླ་བ་ཕྱེད་ཀྱིས་འདི་བྱེ་བྲག་བྱེད་པར་གྱིས་ཤིག། དེ་ནས་བློན་པོ ་དེ་དག་སྟན་ལས་ལངས་ཏེ། རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ།། རྒྱལ་པོ་ཆེན་པོ་བདག་ཅག་གིས ་འདིས་བྱེ་བྲག་ཕྱེད་པར་བགྱིར་མི་རུང་ངོ་།། འདི་བྱེ་བྲག་ཕྱེད་པར་རྔོ་མི་ཐོག་གོ། རྒྱལ་པོ་འདི་ནི་ངོ་མཚར་ཏེ། རེ་ཤིག་མི་འདི་ཉིད་ལ་རྨ་བར་བགྱིའོ།། ཀྱེ་སྐྱེས་བུ་གང་སྨྲས ་པའི་དོན་དེ་བདེན་ནམ་སྨྲོས་ཤིག། སྨྲས་པ། རྒྱལ་པོ་ཆེན་པོ་དོན་དེ་མེད་དོ།། རྒྱལ་པོས་སྨྲས་པ། གང་གི་ཉིན་མོ་ཤིང་བསྐྱེད་པ། དེའི་ཉིན་མོ་རྩ་བ་ཟུག་ཅིང་མེ་ཏོག ་འབྲས་འབྱུང་ཞེས། དེ་ཉིད་ཉིན་མོ་སྨྲ་བ་ནི། ཁྱོད་ཀྱི་ཚིག་འདི་སྙེད་པ་དཀའ། འདི་འདྲ་མཐོང་བ་འམ་ཐོས་པ་མེད། དེ་ནས་མི་དེས་ཐལ་མོ་སྦྱར་ཏེ། རྒྱལ་པོ་ལ་འདི་སྐད ་ཅེས། གཤེགས་པ་ཉིད་ཀྱི་ཤིང་བསྐྱེད་དེ། རྩ་བ་ཟུག་ལ་གཟིགས་སུ་གསོལ། དེ་ནས་རྒྱལ་པོ་བྱེ་བ་ཕྲག་སུམ་བཅུ་དང་། ལྷན་ཅིག་ཕྱི་རོལ་ཏུ་བྱུང་ནས་མི་དེ་གཉིས ་ཀྱང་བཙོན་རར་བཅུག་གོ།། དེ་ནས་རྒྱལ་པོ་དེ་གཉིས་ཀྱིས་ཤིང་བསྐྱེད་པ་དང་། ཤིང་དེ་རྩ་བ་ཡང་མ་ཟུག། ལོ་མ་དང་། མེ་ཏོག་དང་། འབྲས་བུ་ཡང་མ་བྱུང་།། ་དེ་ནས་རྒྱལ་པོ་དེ་ཁྲོས་ཏེ། འདི་སྐད་ཅེས་ཁྱེད་མྱུར་དུ་དེང་ལ་ཤིང་གཤོག་པའི་སྟ་རི་རྣམས་ལོང་ཤིག་ཅེས་སྨྲས་ནས་སླར་བླངས་པ་དང་། དེ་ནས་གང་མི་དེས་སྐྱེད་པའི ་ཤིང་དེ་ལ་ཁྲོས་ནས། ཤིང་དེའི་ལོ་མ་དང་། མེ་ཏོག་དང་འབྲས་བུ་བྱུང་བ་རྣམས་གཅད་དེ། ཤིང་གཅིག་པོ་དེ་གཅད་པ་དང་། ཤིང་བཅུ་གཉིས་བྱུང་ངོ་།། ་ཤིང་བཅུ་གཉིས་པོ་བཅད་པ་དང་། རིན་པོ་ཆེ་སྣ་བདུན་གྱི་ཤིང་རྩ་བ་དང་བཅས། ལོ་མ་དང་བཅས། མྱུ་གུ་དང་བཅས་པ་ཉི་ཤུ་རྩ་བཞི་བྱུང་ངོ་།། དེ་ནས་ཤིང་ཉི་ཤུ་རྩ ་བཞི་པོ་དེ་དག་ལས་བྱ་གསེར་གྱི་ཟེ་བ་ཅན། གསེར་གྱི་མཆུ་ཅན། རིན་པོ་ཆེ་སྣ་བདུན་གྱི་འདབ་མ་ཅན་ཉི་ཤུ་རྩ་བཞི་བྱུང་ངོ་།། དེ་ནས་རྒྱལ་པོ་དེ་ཁྲོ་བའི་ཟིལ་གྱིས་ནོན་ནས ་རང་གི་ལག་གིས་སྟ་རིས་བླངས་ཏེ་ཤིང་དེ་ལ་བརྩམས་པ་དང་། ཤིང་བརྩེ་བ་དེ་ལས་བདུད་རྩིའི་ཆུ་བྱུང་ངོ་།། དེ་ནས་རྒྱལ་པོ་དེ་ཡིད་མི་བདེ་ནས་སོང་ལ་མི་དེ་གཉིས ་གཙེན་ར་ནས་ཕྱུང་ཤིང་། ཅེས་སྒོ་བ་དང་། ལྷ་དེ་ལྟར་འཚལ་ལོ་ཞེས་དེའི་མོད་ལ་རབ་ཏུ་བརྒྱུགས་ཏེ། མི་དེ་གཉིས་བཙོན་ར་ནས་ཤིང་ག་ལ་བ་དེར་ཁྲིད་པ་དང་། ་རྒྱལ་པོས་སྨྲས་པ་དང་། ཤིང་ཅིག་གཅད་པ་གཉིས་སུ་འཕེལ་ཏེ། ཉི་ཤུ་རྩ་བཞི་གྱུར་པ་དེ་ཁྱེད་ཀྱིས་བསྐྱེད་དམ། ངས་བསྐྱེད་པའི་ཤིང་ནི་རྩ་བ་དང་། ལོ་མ་དང་། ་མེ་ཏོག་དང་། འབྲས་བུ་ཡང་མ་སྐྱེས་སོ།། དེ་ནས་མི་དེས་གསོལ་པ། རྒྱལ་པོ་ཆེན་པོ་བདག་གི་བསོད་ནམས་ཅི་འདྲ་བའི་བསོད་ནམས་ཁྱོད་ལ་མི་མངའོ།། དེ་ནས ་བློན་པོ་བྱེ་བ་ཕྲག་སུམ་བཅུས་པུས་མོའི་ལྷང་གཉིས་ས་ལ་བཙུགས་ནས་མི་དེ་ལ་འདི་སྐད་ཅེས་སྨྲས་སོ།། རྒྱལ་པོ་སྔ་མ་འདི་ནི་མི་རུང་གིས་ཁྱེད་ཀྱིས་རྒྱལ་པོ་བྱ་དགོས ་དེ་ནས་མི་དེས་བློན་པོ་དེ་དག་ལ་ཚིག་སུ་གཅད་པ་འདི་དག་སྨྲས་པ། ལོངས་སྤྱོད་རྣམས་ནི་བདག་མི་དགོས།། ནོར་དང་འབྲུ་ཡང་དགོས་པ་མེད།། སངས་རྒྱས ་རྣམས་ལ་བདག་དད་པས།། རྐང་གཉིས་བདག་གི་མཆོག་ཏུ་ཤོག། ཞིབ་མྱ་ངན་འདས་པའི་དབྱིངས།། ་གང་ན་དེ་བཞིན་གཤེགས་པར་འགྲོ།། མྱ་ངན་འདས་ཁྱིམ་འགྲོ་འགྱུར་བ།། ཆོས་འདི་ཁྱེད་ལ་བཤད་པར་བྱ།། དཀྱིལ་མོ་དཀྲུང་ནི་བཅས་ནས་སུ།། དེ་ནས་ཡི་དམ་རབ་བཅསོ།། ་བདག་གིས་སྔོན་བྱས་ལས་རྣམས་ཀྱི།། རྒྱལ་པོའི་བཙོན་རར་ཕྱིན་པར་འགྱུར།། སྨོན་ལམ་འདི་ནི་བཏབ་པས་ན། བདག་གི་ལས་ནི་ཟད་པར་འགྱུར།། དེ་ནས་བྱེ་བ་ཕྲག་ཉི་ཤུ ་རྩ་བཞིས་རྡོ་རྗེའི་མཆུས་སིལ་སྙན་རྣམས་དཀྲོལ་ཏོ།། དེ་ནས་དེའི་ཚེ་དེའི་དུས་ན་ཁང་པ་བརྩེགས་པ་སུམ་ཁྲི་ཉི་སྟོང་བྱུང་སྟེ། ཁང་པ་རྩེགས་པ་རེ་རེའི་ཚད་ཉི་ཤུ་རྩ་ལྔ་པར་གྱུར་ཏོ།། ་ཁང་པ་རེ་རེ་ལས་ཀྱང་བྱ་གསེར་གྱི་ཟེ་བ་ཅན་དང་། གསེར་གྱི་མདོག་བྱེ་བ་ཕྲག་ཉི་ཤུ་ལྔ་ལྔ་བྱུང་སྟེ། དེ་དག་གིས་མིའི་སྐད་དུ། སྨྲས་པ། རྒྱལ་པོ་ཁྱོད་ཀྱིས་ལེགས ་མ་བྱས།། ཁྱོད་ཀྱིས་ཤིང་དེ་གཅད་པས་ན།། བྱེ་བ་བརྒྱའི་ཤིང་རྣམས་ལས།། ཉི་ཤུ་རྩ་བཞིར་གནས་པར་གྱུར།། སེམས་ཅན་གང་གིས་ཤིང་བསྐྱེད་འདི།། ཅི་འདྲ་ཤེས་པ་མ ་ཡིན་པ།། སྡིག་པའི་ལས་ཀྱིས་ཕྱིན་ཅད་ཀྱང་།། མི་སྡུག་འབྲས་བུ་མྱོང་བར་འགྱུར།། རྒྱལ་པོས་སྨྲས་པ། བདག་གིས་དོན་འདི་མི་ཤེས་ཀྱིས། དཀའ་ཐུབ་ཆེན་པོ་ལུང ་སྟོན་ཅིག། བྱ་རྣམས་ཀྱིས་སྨྲས་པ།། འདི་ནི་འཇིག་རྟེན་སྣང་བྱེད་དེ།། རྣམ་པར་འདྲེན་པར་འགྱུར་བ་ཡིན།། འཁོར་བའི་སྲིད་པའི་བརྩོན་ར་ལས།། སེམས་ཅན་ཐམས་ཅད་ཐར ་བྱེད་པའོ།། རྒྱལ་པོས་སྨྲས་པ། གང་གིས་ཤིང་ནི་མ་སྐྱེས་པ། སྐྱེས་བུ་གཉིས་པ་དེ་གང་ཡིན། དེས་ནི་སྡིག་པའི་ལས་གང་བྱས། གཉིས་སྐྱེས་རྣམས་ནི་སྨན་པར་བྱོས། ་བྱ་རྣམས་ཀྱིས་སྨྲས་པ། གང་གིས་ཤིང་ནི་མ་སྐྱེས་པ། དེ་ནི་ལྷས་བྱིན་གླེན་པ་སྟེ།། དགེ་བ་ཅུང་ཟད་མ་བྱས་ན། དེའི་ཤིང་ནི་ཇི་ལྟར་སྐྱེ།། དེའི་ཚེ་དེའི་དུས་ན། བློན་པོ་བྱེ་བ་ཕྲག་སུམ ་བཅུ་པོ།། རྣམས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་ཐམས་ཅད་ཀྱང་ས་བཅུ་ལ་རབ་ཏུ་གནས་ཏེ། མངོན་པར་ཤེས་པ་སོ་སོར་ཐོབ་པར་འགྱུར་ཏོ།། རྒྱལ་པོ་དེ་ཡང་ས་བཅུ་ལ ་རབ་ཏུ་གནས་ནས་དགེ་བའི་ཆོས་མངོན་པར་རྟོགས་པ་རྗེས་སུ་ཐོབ་པོ།། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས་འདི་སྐད་ཅེས་གསོལ ་ཏོ།། བཅོམ་ལྡན་འདས་རྒྱུ་གང་དང་། རྐྱེན་གང་གིས་བློན་པོ་བྱེ་བ་ཕྲག་སུམ་བཅུ་རྩ་གསུམ་པོ་རྣམས་ས་བཅུ་ལ་གནས་ཏེ། མངོན་པར་ཤེས་པ་སོ་སོར་ཐོབ་པར་གྱུར། བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་ཉོན་ཅིག་དང་། ལུང་བསྟན་པར་བྱའོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་འཇུམ་པ་མཛད་དོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས ་ཀྱི་ཞལ་གྱི་སྒོ་ནས། འོད་ཟེར་ཁ་དོག་དུ་མ། ཁ་དོག་སྣ་ཚོགས་ཁ་དོག་བརྒྱ་སྟོང་ཕྲག་དུ་མ། འདི་ལྟ་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ་ལེག་ནན་དང་། ཤོལ་དང་། དངུལ་གྱི་ཁ་དོག་ལྟ་བ་བརྒྱད་ཁྲི་བཞི་སྟོང་བྱུང་ནས་དེ་དག་གིས་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་མུ་མེད་པ་སྣང་བར་བྱས་ཏེ། ་སླར་ལོག་ནས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་སྟེ། བཅོམ་ལྡན་འདས་ཀྱི་དབུའ ་གཙུག་ཏུ་ནུབ་པོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ་སྟན་ལས་ལངས་ནས། བླ་གོས་ཕྲག་པ་ཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ངུ་ལ ་བཙུགས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བར་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས ་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་རྒྱུ་མ་མཆིས་རྐྱེན་མ་མཆིས་པར་འཛུམ་པ་མི་མཛད་ན། འཛུམ་པ་མཛད་པའི་རྒྱུ་གང་ལགས། རྐྱེན་གང ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་ཕྱོགས་བཞིའི་འཇིག་རྟེན་གྱི་ཁམས་ཀུན་ནས་སྐྱེ་བོའི་ཚོགས་ངའི་ནང་དུ་འོངས་པ་མཐོང་ངམ། གསོལ ་པ་ཏ་བཅོམ་ལྡན་འདས་མཐོང་ངོ་།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་དེའི་ཕྱིར་སྐྱེ་བོའི་ཚོགས་ལ་རྣམ་པར་རྟོགས་ཏེ་ལྟོས་ཤིག། དེ་ནས་བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས་རྣམ་པར་བལྟས་པ་དང་། ཤར་ཕྱོགས་ནས་ཤིང་དཔག་ཚད་བདུན་སྟོང་པ་ཅིག་བྱུང་ན། དེའི་ཕྱོགས་ཅིག་ན་བྱུང་ན། ་སྐྱེ་བོའི་ཚོགས་བྱེ་བ་སྟོང་ཕྲག་ཉི་ཤུ་རྩ་ལྔ་འདུས་ཏེ། དེ་དག་ཀྱང་མི་སྨྲ་མི་ཟེར་མི་བརྗོད། མི་ཟ་མི་ལྡང་མི་འཆག་སྟེ། ཅང་མི་སྨྲ་བར་འཁོད་པ་དང་། ལྷོ་ཕྱོགས་ནས ་ཤིང་དཔག་ཚད་བདུན་སྟོང་པ་གཅིག་བྱུང་ནས། དེ་ལ་སྐྱེ་བོའི་ཚོགས་སྟོང་ཕྲག་ཉི་ཤུ་རྩ་ལྔ་འདུས་ཏེ། དེ་དག་ཀྱང་མི་ཟེར། མི་སྨྲ། ཀུན་ཏུ་མི་སྨྲ་ཡོངས་སུ་མི་བརྗོད། ་མི་རཾ་ལྡང་མི་འཆག་སྟེ། ཅང་མི་སྨྲ་བར་འཁོད་པ་དང་། ནུབ་ཕྱོགས་ནས་ཤིང་དཔག་ཚད་བདུན་སྟོང་པ་གཅིག་བྱུང་ནས། དེ་ལ་སྐྱེ་བོ་བྱེ་བ་སྟོང་ཕྲག་ཉི་ཤུ་རྩ་ལྔ་འདས ་ཏེ། དེ་དག་ཀྱང་མི་ཟེར་མི་སྨྲ་ཀུན་ཏུ་མི་སྨྲ། མི་བརྗོད་མི་ལྡང་མི་འཆག་སྟེ། ཅང་མི་སྨྲ་བར་འཁོད་པ་དང་། བྱང་ཕྱོགས་ནས་ཤིང་དཔག་ཚད་བདུན་སྟོང་པ་གཅིག ་བྱུང་ནས། དེ་ལ་སྐྱེ་བོའི་ཚོགས་བྱེ་བ་སྟོང་ཕྲག་ཉི་ཤུ་རྩ་ལྔ་འདུས་ཏེ། དེ་དག་ཀྱང་མི་ཟེར་མི་སྨྲ་ཀུན་ཏུ་མི་སྨྲ་ཡོངསུ་མི་བརྗོད། མི་ལྡང་མི་འཆག་སྟེ། ཅང་མི་སྨྲ་བར ་འཁོད་པ་དང་། འོག་གི་ཕྱོགས་ནས་ཤིང་དཔག་ཚད་བདུན་སྟོང་པ་ཅིག་བྱུང་ནས། དེ་ལ་སྐྱེ་བོའི་ཚོགས་བྱེ་བ་སྟོང་ཕྲག་ཉི་ཤུ་རྩ་ལྔ་འདུས་ཏེ། དེ་དག་ཀྱང་མི་ཟེར། ་མི་སྨྲ་ཀུན་ཏུ་མི་སྨྲ། ཡོངས་སུ་མི་བརྗོད། མི་ལྡང་མི་འཆག་ཅིང་། མི་སྨྲ་བར་འཁོད་པ་དང་། སྟེང་གི་ཕྱོགས་ནས། ཤིང་དཔད་ཚད་སྟོང་པ་གཅིག་བྱུང་ནས། ་དེ་ལ་སྐྱེ་བའི་ཚོགས་བྱེ་བ་སྟོང་ཕྲག་ཉི་ཤུ་རྩ་ལྔ་འདུས་ཏེ། དེ་དག་ཀྱང་མི་ཟེར་མི་སླ། ཀུན་ཏུ་མི་སྨྲ། ཡོངསུ་མི་བརྗོད། མི་ལྡང་མི་འཆག་སྟེ། ཅང་མི་སྨྲ་བར ་འཁོད་པ་མཐོང་ངོ་།། དེ་ནས་བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས་འདི་སྐད་ཅེས་གསོལ་ཏོ།། གལ་ཏེ་ཞུས་ནས་ཞུ་བ ་ལུང་བསྟན་པའི་སླད་དུ། བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་བྱེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་ཕྱོགས་འགའ་ཞིག་ཞུའོ།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔ ་ཆེན་པོ་སྨན་གྱི་སྡེ་ལ། འདི་སྐད་ཅེས་བཀའ་སྩལ་ཏོ།། སྨན་གྱི་སྡེ་ཅི་དང་ཅི་འདོད་པ་དྲིས་ཤིག་དང་། དྲིས་པ་དེ་དང་དེའི་ལུང་བསྟན་པས་ངས་ཁྱོད་ཀྱི་སེམས ་རངས་པར་བྱའོ།། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས་འདི་སྐད་ཅེས་གསོལ་ཏོ།། ། ་བཅོམ་ལྡན་འདས་ཅི་སླད་དུ་ཕྱོགས་བཞིའི་འཇིག་རྟེན་ནས་སྐྱེ་བོའི་ཚོགས་མང་པོ་ལྷགས་ཤིང་གནས་པ་ནས། འོག་དང་སྟེང་གི་ཕྱོགས་ཀྱི་རབ་ནས། སྐྱེ་བོའི ་ཚོགས་བྱེ་བ་སྟོང་ཕྲག་ལྔ་བཅུ་ལྷགས་ཤིང་གནས་པར་གྱུར་པའི་རྒྱུ་གང་ལགས། རྐྱེན་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་ཁྱོད་སོང ་ལ་འདི་དག་ལ་འཇིག་རྟེན་གྱི་ཁམས་གང་ནས་ལྷགས་པའི་དེ་བཞིན་གཤེགས་པ་དག་ལ་ཁྱོད་ཉིད་ཀྱིས་ཞུས་ཤིག། གསོལ་པ། སུའི་རྫུ་འཕྲུལ་གྱི་སྟོབས་བསྐྱེད ་བས་འཆི་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་རང་གི་རྫུ་འཕྲུལ་གྱི་སྟོབས་བསྐྱེད་པས་སོང་ཤིག། དེ་ནས་བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་སྨན་གྱི་སྡེས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། དེ་ཉིད་དུ་མི་སྣང་བར་གྱུར་ནས། འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་འདས་ཏེ། ་འཇིག་རྟེན་གྱི་ཁམས་ཟླ་བའི་སྒྲོན་མ་ཞེས་བྱ་བ་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཟླ་བ་ཅན་གྱི་ཞིང་ཞེས་བྱ་བ། བྱང་ཆུབ་སེམས ་དཔའ་བྱེ་བ་སྟོང་ཕྲག་བརྒྱད་བཅུས་ཡོངསུ་བསྐོར་ཅིང་མདུན་གྱིས་ལྟས་ནས། ཆོས་སྟོན་པའི་འཇིག་རྟེན་གྱི་ཁམས་དེར་ཕྱིན་ཏོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་སྨན་གྱི་སྡེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཟླ་བ་ཅན་གྱི་ཞིང་དེའི་བྱིན་སྔར་འདུག་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོག་སུ་ཐལ་མོ་སྦྱར་བ་ཏུ་དེ། ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་རྒྱུ་གང་གིས་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམསུ་ཤཱཀྱ་ཐུབ་པ་དེ་བཞིན་གཤེགས་པའི་སྤྱན་སྔར་སྐྱེ་བོའི ་ཚོགས་ཕྱོག་བཅུ་ནས་འདས་ཤིང་ལྷགས་པ་དེ་དག་ཐ་ན་མཆིས་པའི་ཚེ་ནི་མཐོང་ལ། འདི་ན་མཚ་བའི་ཚེ་མི་མཐོང་བར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ ་སྩལ་པ། སྨན་གྱི་སྡེ་དེ་ཉིད་རྒྱུ་ཞིང་གནས་སོ།། གསོལ་པ། བཅོམ་ལྡན་འདས་ཡང་ཇི་ལྟ་བུ་ལགས། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ ་སྲན་གྱི་སྡེས་དེ་བཞིན་གཤེགས་པ་ཟླ་བ་ཅན་གྱི་ཞིང་ག་ལ་བ་དེར་སོང་སྟེ། ཕྱིན་ནས། དེ་བཞིན་གཤེགས་པ་དེའི་སྤྱན་སྔར་འདུག་སྟེ། བཅོམ་ལྡན་འདས་ལ ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་འཇིག་རྟེན་གྱི་ཁམས་བྱེ་བ་སྟོང་ཕྲག་དགུ་བཅུ་རྩ ་དྲུག་འདས་ཏེ། མཆིས་པ་ན། བཅོམ་ལྡན་འདས་བདག་གིས་དེ་དག་ཏུ་སེམས་ཅན་ཇི་སྙེད་མཐོང་བ་དེ་སྙེད་ནི་གང་ན་ཡང་མཐོང་ངོ་།། བཅོམ་ལྡན་འདས་ཀྱིས་བཀའ ་སྩལ་པ། སེམས་ཅན་དེ་དག་ནི་སེམས་པ་མེད་པའི་ཤིང་ལས་བྱུང་ངོ་།། གསོལ་པ། བཅོམ་ལྡན་འདས་གང་སེམས་པ་མ་མཆིས་པའི་ཤིང་ལས་མི་འབྱུང་བ་སུ ་མཐོང་སུས་ཐོས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་གང་སེམས་དཔའ་མེད་པའི་ཤིང་ལས་མི་འབྱུང་བ་ཁྱོད་ཀྱིས་མ་མཐོང་མ་ཐོས་སམ། ་གསོལ་པ། བཅོམ་ལྡན་འདས་བདག་གིས་མ་མཐོང་མ་ཐོས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་ཁྱོད་མཐོང་བར་འདོད་ན་དེ་ངས་བསྟན ་པར་བྱའོ།། གསོལ་པ། བཅོམ་ལྡན་འདས་འཚལ་ལོ།། བདེ་བར་གཤེགས་པ་འཚལ་ལོ།། དེ་ནས་དེ་བཞིན་གཤེགས་པ་ཟླ་བ་ཅན་གྱི་ཞིང་ནས་སྨྲ་བརྐྱངས ་བ་དང་། ཕྱག་དེ་ལས་སྐྱེ་བོའི་ཚོགས་བྱེ་བ་སྟོང་ཕྲག་བརྒྱད་བྱུང་སྟེ། སྐྱེ་བོའི་ཚོགས་རེ་རེས་ཀྱང་ལག་པ་བརྒྱ་བརྒྱ་བརྐྱངས་ནས། སྤོས་དང་། ཕྲེང་བ་དང་། ་བྱུག་པ་སྣ་ཚོགས་དེ་བཞིན་གཤེགས་པ་ལ་སྟོད་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་ཁྱོད་ཀྱིས་སྐྱེ་བོའི་ཚོགས་འདིས།། ་དེ་བཞིན་གཤེགས་པ་ལ་སྤོས་དང་། ཕྲེང་བ་དང་། བྱུག་པ་བཏོད་པ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ལག་སོ།། བདེ་བར་གཤེགས་པ ་མཐོང་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེ་བོའི་ཚོགས་བྱུང་བ་འདི་དག་སེམས་དཔའ་མེད་པའོ།། མི་འདི་དག་ནི་སེམས་དཔའ་མེད་པའོ།། ། ་དེ་ནས་བྱེ་བ་སྟོང་ཕྲག་བརྒྱ་པོ་དེ་དག་རེ་རེ་ཞིང་ཡང་གང་ལག་པ་བརྒྱ་བརྒྱ་ཡོད་པ་དེ་དག་ཐམས་ཅད་ལྷུང་ངོ་།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན ་གྱི་སྡེས་དེ་མཐོང་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འདི་ཅི་ཞིག་ལགས། བདེ་བར་གཤེགས་པ་འདི་ཅི་ཞིག་ལགས། ་གང་མི་རྣམས་ཀྱི་ལག་པ་བརྒྱད་པོ་ཡང་ཡུད་ཙམ་གྱིས་ལྷུང་སྟེ། བཅོམ་ལྡན་འདས་གལ་ཏེ་ལག་པ་བརྒྱད་པོ་ཡང་གྲོལ་བར་མི་འགྱུར་ན། ལག་པ་གཉིས་པའི ་མི་ལྟ་སྨོས་ཀྱང་ཅི་འཚལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་དེ་བཞིན་དུ་སེམས་ཅན་རྣམས་ནི་སེམས་པ་མེད་པར་སྐྱེ་བོ།། སེམས་ཅན་མེད ་པར་འགག་གོ། སྨན་གྱི་སྡེ་དེའི་ལུས་ཀྱང་སེམས་པ་མེད་པར་གྱུར་པར་ཤེས་པར་བྱའོ།། གསོལ་པ། བཅོམ་ལྡན་འདས་གང་སེམས་ཅན་དེ་དག་ལ་གཞོན་པ ་གང་ལགས། རྒན་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་སེམས་ཅན་གཞོན་པོ་ཡང་ཡོད། རྒན་པ་ཡང་ཡོད་དོ།། གསོལ་པ། ་བཅོམ་ལྡན་འདས་གཞོན་པ་གང་ལགས། རྒན་པ་གང་ལགས། བཀའ་སྩལ་པ། གང་དག་ད་ལྟར་ལྟུང་བ་དེ་དག ་ནི་རྒན་པའོ།། གང་དག་ཤིང་རྣམས་ལས་སྐྱེས་པ་དེ་དག་ནི་གཞོན་པའོ།། གསོལ་པ། བཅོམ་ལྡན་འདས་སེམས་ཅན་གཞོན་ནུ་རྣམས་མཐོང་བར་འཚལ་ལོ།། དེ་བཞིན་གཤེས ་པ་ཟླ་བ་ཅན་གྱིས་ཞིང་གིས་ཕྱག་གཡས་པའི་འཐིལ་བརྐྱངས་པ་དང་། དེ་ནས་ཕྱོགས་བཅུ་ནས་སྐྱེ་བོའི་ཚོགས་བྱེ་བ་སྟོང་ཕྲག་བརྒྱ་བརྒྱ་ཡོད་དོ།། འོག་དང་། སྟེང་གི་ཕྱོགས་ནས ་སྐྱེ་བོའི་ཚོགས་བྱེ་བ་ཕྲག་ལྔ་བཅུ་འོང་སྟེ། སྐྱེ་བོའི་ཚོགས་དེ་དག་ལྷགས་ནས་ཀྱང་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། དེ་བཞིན་གཤེགས་པ་ལ་མི་སྨྲ། ་ཀུན་མི་སྨྲ་ཞིང་ཅང་མི་ཟེར་བར་འཁོད་དོ།། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས ་ཅིའི་སླད་དུ་སེམས་ཅན་དེ་བཞིན་གཤེགས་པ་ལ་མི་སྨྲ། ཀུན་མི་སྨྲ་བར་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་ཁྱོད་ཀྱིས་མི་ཤེས་སམ་ས་ཕྱོགས ་ན་སེམས་དཔའ་མེད་དེ། མི་སྨྲ། ཀུན་མི་སྨྲ་ཞིང་ཆོས་ཀྱི་ཕུང་པོ་ཡང་མི་ཤེས་སོ།། དེ་ཅིའི་ཕྱིར་ཞེ་ན། སྨན་གྱི་སྡེ་འདི་ལ་སེམས་ཅན་གཞོན་ནུ་ཁ་ཅིག་ནི་མཐོང་ཡང་སྐྱེ་བ་མི ་ཤེས། འགག་པ་དང་། རྒ་བ་དང་། ནད་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་པ་དང་བྲལ་བ་དང་། མི་སྡུག་པ་དང་འཕྲད་པ་དང་། འཇའ་བ་དང་། བྱེ་བ་དང ་འཆི་བ་དང་། དུས་མ་ཡིན་པར་འཆི་བ་དང་། སྡུག་བསྔལ་མི་ཟད་པ་དེ་དག་ཐམས་ཅད་མི་ཤེས་ཏེ། མཐོང་ཡང་ཡིད་འབྱུང་བར་མི་འགྱུར་བ་ན། ཤེས་པར་ལྟ་བ་ག་ལ་འགྱུར་ཏེ། ་སྨན་གྱི་སྡེ་དེ་དག་ཡང་དང་ཡང་བརླབ་པར་བྱའོ།། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན ་འདས་གང་ཆོས་མ་འཚལ་བའི་སེམས་ཅན་གཞོན་ནུ་དེ་དག་གང་ནས་འཆི་གང་ནས་ཤི་འཕོས་ཞིང་གང་དུ་སྐྱེས་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི ་སྡེ་ཉོན་ཅིག། མིའི་ལུས་ཡོངསུ་འཛིན་པ་དེ་དག་ནི་དངུལ་མགར་གྱིས་ཀྱང་མ་བྱས། ཟངས་མཁན་གྱིས་ཀྱང་མ་བྱས། ཤིང་མཁན་གྱིས་ཀྱང་མ་བྱས། རྫ་མཁན་གྱིས་ཀྱང་མ ་བྱས་ཏེ། རྒྱལ་པོའི་འཇིགས་པས་ཀྱང་མ་སྐྱེས་ཀྱི། གཞན་དུ་ན་སྐྱེས་པ་དང་། བུད་མེད་འདས་པ་དང་། སྡིག་པའི་ལས་དང་། ལྡན་པ་ལས་བྱུང་ངོ་།། སེམས་ཅན་དེ་དག ་ཀྱང་ཡང་དང་ཡང་བཟོའ་ལས་རྣམས་སློབ་པས་དེ་དག་གི་སྡུག་བསྔལ་མི་ཟད་པ་མཐའ་ཡས་པ་དང་། ཚོར་བ་མི་ཟད་པ་འབྱུང་སྟེ། དེར་དེ་དག་སྔོན་སྡིག་པ་མི་དགེ་བའི་ལཱ ་བྱས་པའི་རྣམ་པར་སྨིན་པ་མྱོང་ངོ་།། སྨན་གྱི་སྡེ་འདི་ཉིད་དུ་གང་སེམས་ཅན་གཞོན་ནུ་ལྷག་པ་མི་ལྡང་བ་འདི་དག་ནི་འདྲ་བའི་སྡུག་བསྔལ་གྱི་ཚོར་བ་མྱོང་བར་འགྱུར་ཏེ། ་སྨན་གྱི་སྡེ་དེའི་ཕྱིར་མི་སྒྲ་ཀུན་མི་སྨྲའོ།། སྨན་གྱི་སྡེ་དེ་ལྟར་ན་སེམས་ཅན་གཞོན་ནུ་དེ་དག་ནི་དགེ་བ་ཡང་མི་ཤེས། འགག་པར་ཡང་མི་ཤེས་ཏེ། དེ་དག་མི་ལུས་ཀྱང་ཐོབ ་པར་མི་འགྱུར་བ་འདི་དག་ཀྱང་སྨན་གྱི་སྡེ་སེམས་ཅན་གཞོན་ནུ་རྣམས་ཞེས་བྱའོ།། གསོལ་པ། བཅོམ་ལྡན་འདས ་སེམས་ཅན་གཞོན་ནུ་རྣམས་ཇི་ལྟར་སྐྱེ། ཇི་ལྟར་འགག། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་འདི་ལྟ་སྟེ། དཔེར་ན། མི་ལ་ལ་ཞིག་གིས་རེག་པས ་བྱས་པ་དང་། ཤིང་དེ་ལ་མཐར་གྱིས་མེ་འབར་བ་དེ་བཞིན་སྨན་གྱི་སྡེ། ཐོག་མ་མིའི་ལུས་སུ་སྐྱེའོ།། སྐྱེས་ནས་གདོད་ཚོར་བ་མྱེ་།། གསོལ་པ། བཅོམ་ལྡན་འདས ་སུ་ཞིག་འདིར་མངོན་པར་སྐྱེས་ནས་སུ་ཞིག་ཡོངས་སུ་མྱ་ངན་ལས་འདས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་སངས་རྒྱས་ཉིད་སྐྱེས་སོ།། དེ་བཞིན ་གཤེགས་པ་ཉིད་ཡོངས་སུ་མྱ་ངན་ལས་འདས་སོ།། འདི་ལྟ་སྟེ་དཔེར་ན། རྒྱལ་པོས་མི་ལ་ལ་ཞིག་བཅིངས་ཏེ། ཁང་པ་མུན་པ་མུན་ནག་གི་ནང་དུ་གཅོན་རར་བཅུག ་པ་དང་། མི་དེ་ཁང་པ་མུན་ནག་དེར་ཞུགས་ནས། ཁང་པ་མུན་ནག་ལ་ཁང་པ་མུན་ནག་དུ་མཐོང་ངོ་།། དེ་ནས་མི་གཞན་སྡུག་བསྔལ་གྱི་ཚོར་བས་རེག་པ་ཞིག་གིས་མཐོང་ནས། ་མི་དེ་ནི་མི་རུང་བར་གྱུར་ཏོ།། སྔོན་སྡུག་བསྔལ་མ་མྱོང་བས་ཚེར་བ་སྲོག་ཆད་པར་འགྱུར་རོ།། སྙམ་བསམས་ནས་དེས་དར་མེ་ཁྱེར་ཏེ། འོངས་ནས་ཁྱིམ་དེའི་ནང་དུ་མེ་ཆུང ་ཟད་ཅིག་བོར་བ་དང་། མི་གཅོན་རར་བཅུག་པ་དེས་མི་དེ་མཐོང་ངོ་།། མཐོང་ནས་ཀྱང་དེ་དབུགས་ཕྱིན་པར་གྱུར་ཏེ་སྤྲོ་བ་སྐྱེས་སོ།། མི་དེ་ཡང་རྒྱུ་གང་གིས་འབར་བའི ་མེ་འབར་བ་དེས་ཁྱིམ་དེ་ཀུན་ཏུ་འབར་བར་གྱུར་ནས། མི་དེ་ཡང་དེ་ཉིད་དུ་ཚིག་པ་དང་། དེ་ཚིག་གོ་ཞེས་རྒྱལ་པོས་ཐོས་ནས། མི་དགའ་སྟེ་དེ་འདི་སྙམ་དུ་ཕྱིན་ཅད་ནི ་བདག་གི་ཡུལ་དུ་སེམས་ཅན་གང་ཡང་བཙོན་རར་མི་བཞག་གོ། སྙམ་དུ་སེམས་སོ།། དེ་ནས་རྒྱལ་པོ་དེས་རང་གི་ཡུལ་ན་གནས་པའི་སེམས་ཅན་རྣམས་ལ། ཀྱེ་སེམས ་ཅན་ཁྱེད་ཅག་མ་འཇིགས་ཤིག། མ་སྐྲག་ཅིག། ཁྱེད་ཅག་འཇིགས་པར་མ་གྱུར་ཅིག། ཕྱིན་ཆད་ངའི་ཡུལ་དུ་ཆད་པས་གཅད་པ་འམ། གཅོན་རར་བཞུག་པར་མི་བྱའོ།། ་སེམས་ཅན་གང་ཡང་སྲོག་དང་བྲལ་བར་མ་བྱས། ཀྱེ་སེམས་ཅན་ཁྱེད་རྣམས་མ་འཇིགས་ཤིག་ཅེས་དེ་ལྟར་དབུགས་ཕྱུང་བ་དེ་བཞིན་དུ་སྨན་གྱི་སྡེ་དེ་བཞིན་གཤེགས་པ ་ནི་ཉོན་མོངས་པ་ཐམས་ཅད་བསྲེགས་པ། ནད་ཐམས་ཅད་རབ་ཏུ་ཞི་བའོ།། ཇི་ལྟར་ཁྱིམ་ཚིག་ནས་མི་དེ་ཉིད་ཀྱི་ལུས་ཀྱང་ཚིག་སྟེ། སེམས་ཅན་རྣམས་ཀྱི་དོན་དང་། ་ཕན་པ་བདེ་བའི་ཕྱིར་ཞུགས་ནས། སེམས་ཅན་བཅིངས་པ་ཡང་བཅིངས་ལས་ཡོངསུ་ཐར་བར་བྱེད་པ་དེ་བཞིན་གཤེགས་པ་ཡང་འདོད་ཆགས་དང་ཞེ་སྡང་དང་། གཏི་མུག ་དྲི་མ་སྤངས་ཏེ། སེམས་ཅན་ཐམས་ཅན་ལ་སྒྲོན་མ་བཞིན་དུ་འཇིག་རྟེན་དུ་བྱུང་ནས། སེམས་ཅན་རྣམས་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡིད་དགས་དང་། ་ལྷ་མ་ཡིན་གྱི་ལུས་རྣམས་ལས་ཡོངསུ་ཐར་བར་མཛད་ཅིང་། སེམས་ཅན་གཞོན་ནུ་དང་། རྒན་པོ་རྣམས་ཀྱང་ཡོངསུ་ཐར་བར་མཛད་དོ།། དེ་ནས་སྟེང་གི་བར་སྣང་ལས ་ཚིགས་གཅད་པ་འདི་དག་བྱུང་ངོ་།། རྒྱལ་བའི་ཞིང་ནི་ངོ་མཚར་ཞིང་།། ཞིང་བཟང་མངོན་པར་འདུས་བྱས་པ།། དེ་ལ་ས་བོན་བཏབ ་པ་ནི། རྣམ་པར་ཆུང་ཟད་མི་འགྱུར་རོ།། རྒྱལ་བའི་ཞིང་ནི་དག་པའི་ཞིང་།། སངས་རྒྱས་བསྟན་པ་སྔགས་པ་སྟེ།། སེམས་ཅན་ཐམས་ཅད་བཟུང་བའི་ཕྱིར།། སྟོན་པས་ཀྱང་ནི་ཐབས ་མཛད་དོ།། མྱ་ངན་འདས་པའི་དབྱིངས་ཉིད་ཀྱང་།། སའི་སྟེང་ན་ཀུན་ཏུ་སྣང་། རྟག་ཏུ་འཇིག་རྟེན་ཞི་བྱས་ནས།། སངས་རྒྱས་སྦྱིན་པའི་གནས་རྣམས་སྦྱོང་།། སེམས་ཅན་གཞོན ་ནུ་ཐར་བར་བྱེད།། རྒན་པོ་རྣམས་ཀྱང་ཐར་བར་བྱེད།། སེམས་ཅན་ཐམས་ཅད་ཁམས་གསུམ་ལས།། མཐར་གྱིས་ཡོངསུ་ཐར་བར་བྱེད།། སེམས་ཅན་དམྱལ་བའི་སྒོ་བཅད་དེ། ་དུད་འགྲོ་ཡི་དགས་ཐར་བར་བྱ།། འཇིག་རྟེན་འདི་ཡང་ཞི་བྱས་ནས།། འཇིག་རྟེན་ཕ་རོལ་བདེ་བར་བྱེད།། དེ་ནས་བཅོམ་ལྡན་འདས་ཀྱིས་འཛུམ་པ་མཛད་ནས་བཀའ་སྩལ་པ། ་ལེགས་པ་རྣམས་ནི་མཐོང་ན་ལེགས།། སངས་རྒྱས་རྣམས་ཀྱང་མཐོང་ན་ལེགས།། དམ་ཆོས་ཡོན་ཏན་ཞིང་ཡང་ལེགས།། དགེ་འདུན་འདས་པ་མཐོང་ན་ལེགས།། གཟུང་བསྟན ་པ་ཡང་ལེགས་པ་སྟེ།། སྡིག་པ་རྣམ་པར་འཇིག་པ་ལེགས།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ་བཅོམ་ལྡན་འདས་གོ་ལ་བ་དེར་ལོགསུ་ཐལ་མོ་སྦྱར ་བ་བཏུད་ན། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འཛུམ་པ་མཛད་པའི་རྒྱུ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་རིགས་ཀྱི་བུ་ཁྱོད་ཀྱིས་སེམས་ཅན་གཞོན་ནུ་འདི་དག་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ།། བདེ་བར་གཤེགས་པ་མཐོང་ལགས་སོ།། བཅོམ་ལྡན་འདས ་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་འདི་དག་ཐམས་ཅད་ནི་དེང་ཉིད་དེ་ས་བཅུ་ལ་རབ་ཏུ་གནས་པར་འགྱུར་རོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ་དཔག ་ཚད་བརྒྱད་ཁྲི་སྲིད་ཀྱི་སྙིང་གི་ནམ་མཁའ་ལ་གནས་པ་དང་། ལྷ་བྱེ་བ་སྟོང་ཕྲག་བརྒྱད་བཅུ་བཅོམ་ལྡན་འདས་ལ་མེ་ཏོག་གི་ཆ་རབ་ཏུ་འབེབས་སོ།། སེམས་ཅན་གཞོན་ནུ་དེ་དག་ཀྱང ་ཐལ་མོ་སྦྱར་ནས་ཕྱག་འཚལ་ལོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས་པར་སྣང་ལ་གནས་བཞིན་དུ་ཚིག་འདི་སྨྲས་སྟེ། དེས་སྟོང་གསུམ་གྱི་སྟོང་ཆེན ་པོའི་འཇིག་རྟེན་གྱི་ཁམས་སྒྲས་གང་བར་གྱུར་པ་དང་། སེམས་ཅན་དམྱལ་བ་ཆེན་པོ་ནས། སུམ་བཅུ་རྩ་གཉིས་སྐྱེས་པའི་སེམས་ཅན་རྣམས་སྒྲ་དེ་ཉན་ཏོ།། ལྷ་རིས་སུམ ་བཅུ་རྩ་གཉིས་ཀྱང་སྒྲ་དེ་ལ་ཉན་ཏོ།། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱང་རྣམ་པ་དྲུག་ཏུ་གཡོས་སོ།། རྒྱ་མཚོ་ཆེན་པོའི་ནང་གི་ཀླུ་བརྒྱད་ཁྲི་བཞི་སྟོང་ཡང ་འཁྲུགས་སོ།། སྲིན་པོ་བྱེ་བ་སྟོང་ཕྲག་སུམ་བཅུ་ཡང་འཇམ་བུའི་གླིང་འདིར་ལྷགས་སོ།། ཡིད་དགས་དང་། གནོད་སྦྱིན་དང་སྲིན་པོ་བྱེ་བ་སྟོང་ཕྲག་ཉི་ཤུ་རྩ་ལྔ་ཡང་ལྷུང་ལོ་ཅན ་ཀྱི་ཕོ་བྲང་འཁོར་ནས་ལྷགས་ཏེ། བཅོམ་ལྡན་འདས་ཀྱིས་སྤྱན་སྔར་འདུས་པ་ཆེན་པོ་ཀུན་ཏུ་གནས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་སེམས་ཅན་གཞོན་ནུ་དེ་དག་ལ་ཆོས ་བསྟན་པ་དང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱེ་བ་སྟོང་ཕྲག་བརྒྱ ་རང་རང་རྫུ་འཕྲུལ་གྱིས་ལྷགས་སོ།། ། བམ་པོ་བཞི་པ།། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས ་བཅོམ་ལྡན་འདས་ག་ལ་བ་དེར་ལོག་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་འདུས་ཤིང་མཆིས ་པ་མང་ངོ་།། བདེ་བར་གཤེགས་པ་མང་ངོ་།། བཅོམ་ལྡན་འདས་ལྷ་དང་ཀླུ་འདུས་ཤིང་། མཆིས་པ་ཡང་མང་ངོ་།། སྲིན་པོ་བྱེ་བ་ཕྲག་དུ་མ་ཞིག་ཀྱང་ལྕང་ལོ་ཅན་གྱི་ཕོ་བྲང་འཁོར ་ནས་ལྷགས་སྟེ་འདུས་ནས་མཆིས་པར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ་ལ་བཀའ་སྩལ་པ། རིགས་ཀྱི་བུ་མར ་ཤོག། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ་རྫུ་འཕྲུལ་གྱི་སྟོབས་ལས་བབས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགསུ་ཐལ་མོ་སྦྱར་བ་བཏུདདེ ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཇི་ཙམ་གྱིས་ན་ཆོས་ཀྱི་ཕུང་པོ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ ་ཆོས་ཀྱི་ཕུང་པོ་ཞེས་བྱ་བ་ནི་གང་ཚངས་པར་སྤྱོད་པ་ཡོངས་སུ་ཚོལ་ཞིང་། གང་ཚངས་པར་སྤྱོད་པ་ཡོངས་སུ་བརྩལ་ནས་ཀྱང་སྡིག་པ་ཐམས་ཅད་སྤོང་བའོ།། ་རིགས་ཀྱི་བུ་སེམས་ཅན་གཞོན་ནུ་མི་ཚངས་པར་སྤྱོད་པ་སྤངས་ནས་གདོན་མི་ཟ་བར་བཟུངས་རབ་ཏུ་འཐོབ་པར་འགྱུར་ཞིང་ཆོས་ཐམས་ཅད་དང་ཡང་ལྡན་པར་འགྱུར་དེ་དག་མཐོང་ངམ། ་གསོལ་པ། བཅོམ་ལྡན་འདས་ཐབས་གང་གིས་སེམས་ཅན་མང་པོ་ཞིག་འདུས་ཤིང་ཆོས་ཀྱི་ཕུང་པོ་ཉན། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན ་པོ་སྨན་གྱི་སྡེ་ལ་བཀའ་སྩལ་པ། སྨན་གྱི་སྡེ་དག་སྐྱེ་བ་ཉིད་སྡུག་བསྔལ་དུ་མི་ཉན། རྒ་ཤི་ཉིད་སྡུག་བསྔལ་དུ་མི་ཉན་ནད་ཉིད་སྡུག་བསྔལ། མྱ་ངན་སྡུག་བསྔལ་དང་།། ་སྨྲེ་སྔགས་འདོན་པ་སྡུག་བསྔལ་དང་། སྡུག་བསྔལ་དང་བྲལ་བ་སྡུག་བསྔལ་དང་། མི་སྡུག་པ་དང་ཕྲད་སྡུག་བསྔལ་དུ་མི་ཉན་པའི་སེམས་ཅན་ཡང་ཕར་ཆེར་ཡོད་དེ། འཆི་བ ་ནི་སྡུག་བསྔལ་ཐམས་ཅད་ཀྱི་ཕྱིར་ལུས་དང་སྲོག་འཕྲོག་པ་ཡིན་ཏེ། སྨན་གྱི་སྡེ་འདི་ནི་སྡུག་བསྔལ་ཐམས་ཅད་ཅེས་བྱའོ།། དེ་ནས་སེམས་ཅན་གཞོན་ནུ་དེ་དག་གིས་བསྟན་པ་འདི ་ཐོས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོག་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་ཀྱང་འགུམ་པར ་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱེད་དང་སེམས་ཅན་ཐམས་ཅད་ཀྱང་འཆིའོ།། དེ་དག་གིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་འཆི་བའི་དུས་ཀྱི ་ནོན་པར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དག་འཆི་བའི་དུས་ན་རྣ་བར་ཤེས་པ་ཐ་མ་ལ། རྣམ་པར་ཤེས་པ་འགག་པའི་བྱེད་པ་ཞེས་བྱ་བ ་རླུང་དང་། རྣམ་པར་ཤེས་པ་འཕྲུལ་བར་བྱེད་པ་ཞེས་བྱ་བའི་རླུང་དང་། རྣམ་པར་ཤེས་པ་འཁྲུགས་པར ་བྱེད་པ་ཞེས་བྱ་བའི་རླུང་དང་། རིགས་ཀྱི་བུ་རླུང་གསུམ་པོ་འདི་དག་གིས་འཆི་བའི་དུས་ཀྱི་ཚེ་རྣམ་པར་ཤེས་པ་ཐ་མ་ལ་གློང་བར་འགྱུར། འཁྲུལ་པར་འགྱུར། འཁྲུག་པ ་སྐྱེད་པར་འགྱུར་རོ།། དེ་དག་གིས་གསོལ་པ། བཅོམ་ལྡན་འདས་འཆི་བའི་དུས་ཀྱི་ཚེ། རྣམ་པར་ཤེས་པ་འགག་པ་ན་ལུས་འཇོམ་པར་བགྱིད་པའི་རླུང་གསུམ་པོ་གང་ལག། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གྲོགས་པོ་དག་མཚོན་ཅེས་བྱ་བ་དང་། བསྐུལ་བ་ཞེས་བྱ་བ་དང་། ཟེད་པ་ཞེས་བྱ་བས་ལུས་འཇོམ་པར་བྱེད་དོ།། གསོལ་པ་བཅོམ ་ལྡན་འདས་ལུས་ཤེས་བགྱི་བ་ཇི་ལྟར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གྲོགས་པོ་དག་ཀུན་ཏུ་འབར་བ་ཞེས་བྱི། ཚིག་པ་ཞེས་ཀྱང་བྱ་ངར་སྣབས ་ཞེས་ཀྱང་བྱ་སྲེག་པ་ཞེས་ཀྱང་བྱ། དུད་ཁྲོད་པ་ཞེས་ཀྱང་བྱ། ངན་པ་པའི་བློ་ཞེས་ཀྱང་བྱ། ཁུར་ལྕི་བ་ཞེས་ཀྱང་བྱ། སྐྱེས་པས་ཡོངས་སུ་གཟིར་བ་ཞེས་ཀྱང་བྱ། ་སྐྱེས་པས་ཀུན་ཏུ་དཀྲུགས་པ་ཞེས་ཀྱང་བྱ། སྲོག་ཡོངས་སུ་བདུང་བ་ཞེས་ཀྱང་བྱ། འཆི་བའི་དང་སྡུག་པ་དང་། བྲལ་བར་བྱེད་པ་ཞེས་ཀྱང་བྱ་སྟེ། གྲོགས་པོ་དག་འང ་རྣམས་ནི་ལུས་ཤེས་བྱའོ།། དེ་དག་གིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་འགུམ། ཇི་ལྟར་འཚོ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གྲོགས་པོ་དག་རྣམ ་པར་ཤེས་པ་ཞེས་བྱ་བ་ནི་འཆིའོ།། ཚེ་དང་ལྡན་པ་བསོད་ནམས་ཤེས་བྱ་བ་ནི་འཚེ་བའོ།། གྲོགས་པོ་དག་ལུས་ཤེས་བྱ་བ་ནི་འཆི་བ་སྟེ། རྒྱས་པ་བྱེ་བས་ནི་དཀྲིས། སྤུའི ་ཁྲང་བུ་བརྒྱད་ཁྲི་བཞི་སྟོང་དང་ནི་ལྡན། ཡན་ལག་ཁྲི་ཉིས་སྟོང་གི་ས་ནི་སྤེལ། རུས་པ་སུམ་བརྒྱ་དྲུག་བཅུས་ནི་བསྟན། ལུས་ཀྱི་ནང་ན་སྲིན་བུའི་རིགས་བརྒྱད་བཅུ་རྩ ་བཞི་གནས་ཏེ། སྲོག་ཆགས་དེ་དག་ཐམས་ཅད་ལ་ཡང་འཆི་བ་ཡང་ཡོད། འཚོ་བ་འགག་པ་ཡང་ཡོད་དོ།། ནམ་མི་དེ་འཆི་བ་དེན་སྲོག་ཆགས་དག་ཐམས་ཅད་རེ་ཐགས་ཆད ་པར་འགྱུར་ཏེ། དེ་ན་སྲོག་ཆགས་ཐམས་ཅད་གཅིག་ལ་ཅིག་ཟ་བས་རླུང་འཁྲུག་ཅིང་གཡོ་བར་འགྱུར་ཏེ། དེ་ན་དེ་དག་སྡུག་བསྔལ་གྱི་ཚོར་བ་མྱོང་ངོ་།། ལ་ལ་ནི་བུའི་ཕྱིར་མྱ ་ངན་བྱེད། ལ་ལ་ནི་བུ་མོའི་ཕྱིར་མྱ་ངན་བྱེད། ལ་ལ་ནི་གཉེན་གྱི་ཕྱིར་མྱ་ངན་བྱེད། དེ་དག་ཐམས་ཅད་མྱ་ངན་གྱི་ཟུག་རྔུས་ཟུག་གོ།། གཅིག་ལ་ཅིག་ཟ་བར་བརྩམས་ནས། ་དེ་དག་ཅིག་གི་ཅིག་ཟོས་ཏེ། སྲོག་ཆགས་གཉིས་ཤིག་ལུས་པ་ན་དེ་དགཉིས་ཀྱང་ཞག་བདུན་གྱི་བར་དུ་འཐབས་ཏེ། ཞག་བདུན་འདས་པ་དང་། སྲོག་ཆགས་ཅིག་ནི་བཅོམ་མོ།། ་གཅིག་ནི་ཟེར་ཏོ།། ཚེ་དང་ལྡན་པ་ཆོས་ཞེས་བྱ་བ་གང་ཞེ་ན། འདི་སྙམ་དུ་སེམས། ཇི་ལྟར་སྲོག་ཆགས་རྣམས་གཅིག་ལནཅིག་མི་མཐུན་པར་བྱས་ནས། འཆིབ་སོ་སོའི་སྐྱེ་ཟར ་སེམས་རྣམས་ཀྱང་གཅིག་ལ་ཅིག་མི་མཐུན་པར་བྱེད་དེ། སྐྱེ་བས་མི་འཇིགས། རྒ་བས་མི་འཇིགས། ནད་ཀྱི་མི་འཇིགས། མཆིས་པས་མི་འཇིགས། ཇི་ལྟར་སྲོག ་ཆགས་གཉིས་འཐབ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་ཕན་ཚུན་འཐབ་བོ།། དེ་ནས་འཆི་བའི་དུས་ན་སྐྱེས་བུ ་དགེ་བ་རྣམས་ཀྱིས་སྨྲས་པ། སྐྱེས་བུ་ཁྱོད་ཅི་ཞིག་ལ་ཡིད་རྟོན། ཅི་ཁྱོད་ཀྱི་ཉེས་པ་ཆུང་ཟད་ཀྱང་མ་མཐོང་ངམ། སྐྱེ་བའི་ཉེས་པ་མ་མཐོང་ངམ། རྒན་པ་དང་། ན་བའི་ཉེས་མ་མཐོང ་ངམ། འཆི་བའི་ཉེས་པ་མཐོང་ངོམ། སྨྲས་པ། ཚེ་དང་ལྡན་པ་དག་གིས་སྐྱེ་བའི་ཉེས་པ་ཡང་མཐོང་ངོ་།། རྒ་བ་དང་ན་བའི་ཉེས་པ་ཡང་མཐོང་ངོ་།། ཐམས་ཅད་ཀྱི་ཐ་མར་འཆི་བའི ་ཉེས་པ་ཡང་མཐོང་ངོ་།། སྨྲས་པ། ཅིའི་ཕྱིར་གང་དགེ་བའི་རྩ་བའི་རྩ་བ་རྣམས་ཀྱི་བྱ་བ་མ་བྱས། ཅིའི་ཕྱིར་འཇིག་རྟེན་གཉི་གར་བདེ་བར་འཕེལ་བའི་ཆོས་ཀྱི་ཕུང་པོའི་དགེ་བའི ་རྩ་བ་རྣམས་མ་བྱས། གྲོགས་པོ་དག་གཉིས་སུ་ཡང་འབྲིའོ།། ཁྱེད་ཅིའི་ཕྱིར་གང་སྐྱེས་པ་དང་། འཆི་བ་ལས་ཡོངས་སུ་ཐར་པའི་དགེ་བའི་ཚོགས་མ་བྱས། ཁྱོད་ཀྱི་ཅིའི་ཕྱིར ་ཚུལ་བཞིན་ཡིད་ལ་བྱེད་པ་སོ་སོར་རྟག་པར་མ་བྱས། ཇི་ལྟར་ཁྱོད་ཀྱིས་འགན་དེ་རྡུང་བའི་སྒྲ་མ་ཐོབ། དེ་བཞིན་གཤེགས་པའི་ཞིང་ལ་དགེ་བའི་ས་བོན་བསྐྲུན་ཅིང་། སྤོས་སོམ། ་ཕྲེང་བ་འམ། མར་མེ་སྦྱིན་པ་བྱིན་པ་མ་མཐོང་། དེ་བཞིན་གཤེགས་པ་ལ་བཟའ་བ་དང་། བཅའ་བ་དབུལ་བ་དང་། འཁོར་བཞི་ཚིམ་པར་བྱས་པ་ཡང་མཐོང་། དགེ་སློང་དང་། ་དགེ་སློང་མ་དང་། དགེ་སྙེན་དང་དགེ་སྙེན་མ་བསྟན་པ་ལ་མངོན་པར་དད་པ་དེ་དག་ནི་འཁོར་བཞིའོ།། དེ་ལྟར་དེ་ལ་ཕན་པའི་ཕྱིར་སྨྲས་ཏེ། བསྙད་པ་དང་། ལྷ་ཆུང་ཟད་ཀྱང་མ་བགྱི ་བ། མི་ཁྱོད་ཀྱི་ནི་འཛམ་བུ་གླིང་དུ་འོང་ནས་མི་དགེ་བས་བྱས་སོ།། དེའི་ཚེ་མི་ཤི་བ་དེ་ལ་ཆོས་ཀྱིས་རྒྱལ་པོས་རྗེས་སུ་བསྟན་པའི་ཚིགས་སུ་གཅད་པ་སྨྲས་པ། དེ་བཞིན་གཤེགས་པ ་འགྱུར་མཐོང་ཞིང་།། འགན་དེ་རྡུང་བ་ཐོས་གྱུར་ལ།། མྱ་ངན་འདས་པ་ཞིང་འགྲོ་བའི།། ཆོས་བསྟན་ཐོས་ཀྱང་མ་བྱས་སོ།། དེ་ནས་མི་དེས་སླར་སྨྲས་པ།། བདག་ནི་བྱིས་པའི་བློ་གྱུར། ་ཏེ།། སྡིག་པའི་གྲོགས་ཀྱི་དབང་སོང་ནས།། འདོད་པས་འཁྲུལ་པའི་སེམས་ཀྱིས་སུ།། བདག་གིས་སྡིག་པའི་ལས་བྱས་སོ།། འདོད་པ་དག་ཀྱང་སྟེན་པ་དང་།། བདག་གིས་སྲོག ་ཆགས་རྣམས་ཀྱང་བསད།། དགེ་འདུན་རྣམས་ཀྱི་ཆུད་བསན་པས།། མི་བཟད་དེའི་འབྲས་བུ་འོང་།། གནོད་པར་སེམས་དཔའི་ཡིད་ཀྱིས་སུ།། བདག་གི་མཆོད་རྟེན་བཤིག་པ་བྱས།། ་ཚིག་ངན་རྣམས་ཀྱང་རབ་ཏུ་གནས།། བདག་གི་མ་ཡང་བརྡུང་བར་བྱས།། བདག་གི་ལུས་ཀྱི་གང་བྱས་པ།། ཉེས་པ་དག་ཀྱང་རབ་ཏུ་ཤེས།། སེམས་དམྱལ་ཆེན་པོ་དུ་འབོད་དུ།། ་ཤིན་ཏུ་མི་བཟང་སྐྱེ་བ་མཐོང་།། བསྡུས་འཛེམ་དུ་ཡང་ཚོར་བ་མྱོང་།། དེ་བཞིན་རབ་ཏུ་ཚ་བ་དང་།། མནར་མེད་ཆེན་པོ་མི་ཟད་པ།། ཚོར་བ་རྗེསུ་མྱོང་བར་འགྱུར།། པདྨ་ལྟ་བུར་ཆེར ་གས་པའི།། སེམས་ཅན་དམྱལ་བར་སྡུག་བསྔལ་དུ།། ཐིག་ནི་བཏབ་པ་འཇིགས་ཆེན་དུ།། ལན་བརྒྱ་བར་དུ་སྐྱེ་བར་འགྱུར།། སེམས་དམྱལ་སེམས་ཅན་བསད་ན་སུ།། ཕྱིས་ཀྱང ་འཇིགས་པ་དེ་མཐོང་སྟེ།། དཔག་ཚད་བརྒྱར་ནི་ཡང་དང་ཡང་།། འཇིགས་པ་ཆེན་པོར་ལྟུང་བར་འགྱུར།། དེ་དག་སྒོ་རླུང་མི་འགྱུར་ཏེ།། ཕྱིས་ཀྱང་མུན་པར་རབ་ཏུ་ལྷུང་། ་གྲི་ཞེས་བྱ་བ་སེམས་དམྱལ་དུ།། སྤུ་གྲི་སྟོང་ཡང་འབྱུང་བར་འགྱུར།། བྱེ་བ་སྟོང་ཕྲག་བརྒྱ་རྣམས་ཀྱི།། སྤུ་གྲི ་མདུན་དུ་འབྱུང་འགྱུ་རེ།། བདག་གིས་ཉེས་པའི་ལས་བྱས་པས།། དེ་དག་གིས་ནི་དེ་ལུས་བརྔུབས།། རླུང་འཁྲུག་ཆེན་པོ་མི་ཟད་པས།། ལུས་དེ་ཐམས་ཅད་འཇིག་པར་བྱེད།། ་རྟག་ཏུ་འདི་འདྲའི་སེམས་དམྱལ་དུ།། བདག་གིས་ཉེས་པའི་ལས་མྱོང་འགྱུར།། ལུས་ནི་རབ་ཏུ་སྡུག་བསྔལ་བར།། སེམས་ཅན་ཀུན་གྱིས་བདག་མཐོང་ངོ་།། ཁྱིམ་སོ ་བྱ་ཕྱིར་གཞན་དག་གི།། ནོར་ཡང་རབ་ཏུ་བདག་གིས་བླངས།། བདག་གིས་བུ་ཕོ་བུ་མོ་དང་།། དེ་བཞིན་ཕུ་ནུ་སྲིང་མོ་དང་།། བདག་གི་ཕ་མ་འང་དེ་བཞིན་ཏེ།། འཛའ་བོ ་གཉེན་བཤེས་མང་པོ་དང་།། དྲན་དང་ལས་བྱེད་རྣམས་དང་ནི།། དེ་བཞིན་པ་དང་ཕྱུགས་དང་གཡོག། དགོས་པ་ངན་ལ་བདག་འཁྲུལ་ཏེ།། གསེར་དང་དངུལ་གྱི་སྣོད ་རྣམས་དང་།། དེ་བཞིན་རབ་ཕྲ་གོས་རྣམས་དང་།། ཁྱིམ་བྱེད་བཅུག་པས་འཁྲུལ་པ་ནི། ཁྱིམ་ཡང་ཤིན་ཏུ་བཀྲས་བྱས་བྱས་ནས།། སྐྱེས་པ་བུད་མེད་ལང་ལོང་དང་།། ་པི་དབང་སིལ་བསྙན་འཁྲོལ་པ་ལས།། བདག་ཡི་དམ་དུལ་དགའ་བར་འགྱུར།། སྤོས་ཆུ་དག་གི་ལུས་བསྐུས་ཀྱང་།། ད་དུང་བྱས་པ་ཟོས་པ་མེད།། ལུས་ཁྱོད ་སེམས་དཔའ་མེད་པ་སྟེ།། ང་ནི་ཁྱེད་ཀྱི་ཆེད་ལ་འཁྲུག། ཕྱིན་ཆད་སེམས་ཅན་དགའ་ཙམ་ཡང་།། བདག་ལ་སྐྱོ་བར་འགྱུར་བ་མེད།། རླུང་འཁྲུག་ཆེན་པོ་མི་བཟད་པར།། ་ལུས་ནི་ཡོངས་གདུང་བ་ན།། རོ་དང་ལྡན་པ་ཞིམ་ཟོས་ཏེ།། ལྕེས་ཀྱང་སྣ་ཚོགས་དེ་བཞིན་ནོ།། ཕྲེང་བ་སྣ་ཚོགས་བཟང་མཛེས་པ།། རབ་ཏུ་མང་པོ་མགོ་ལ་བཅིངས།། མིག་ནི། ་གཟུགས་ཀྱི་འཁྲུག་བྱས་ནས།། མིག་གི་སྐྱབས་ནི་ཡོད་མ་ཡིན།། བདག་གི་མཐོང་ནས་གང་བྱས་པ།། སྒེག་པ་རྣམས་ནི་མིག་གི་རྒྱུ།། ལག་པ་རྡོ་རྗེས་གཅད་པ་ནི། ་བདག་གི་རྣ་བའི་རྒྱུ་ཡིན་ནོ།། ལག་པ་གཉིས་ལ་གདུབ་བུ་བཏགས།། སོར་མོ་རྣམས་ལ་སོར་དྲབ་བཅུག། མགུལ་ཏུ་མུ་ཏིག་སེ་མོ་དོ།། རྐང་པ་གཉིས་ཀྱང་རབ་ཏུ་བརྒྱན།། ་དེ་ལ་གསེར་ཡང་གནས་པར་བྱས།། ལུས་ལ་རིན་ཆེན་སྣ་ཚོགས་དང་།། གསེར་གྱི་གདུ་བུ་ཡང་དེ་བཞིན་ནོ།། ལོངས་སྤྱོད་ཆེན་པོས་རབ་གཙེས་ནས།། ཡིད་ཀྱང་ཤིན་ཏུ་རྟག་པར ་འགྱུར།། རབ་ཏུ་འཇམ་ལ་བདག་རེག་གནས།། ཤིན་ཏུ་སྲེད་པས་དེ་བསྟན་ཏོ།། གདིང་བ་སྣ་ཚོགས་མལ་ཆ་ཡིས།། བདག་གིས་ལུས་ནི་བརྩེར་བཅུག་གོ། སྤོས་ཆུ་བཟང ་པོས་ཁྲུས་བྱས་ཏེ།། སྤོས་རྣམས་ཀྱི་ཀྱང་རབ་ཏུ་བསྐས།། ལྷ་རྫས་ག་བུར་ཅན་དན་གྱི།། བདུག་པ་རྣམས་ཀྱི་རབ་ཏུ་གདུགས།། ཁ་དོག་བཟང་པོ་བྱས་ནས་ཀྱང་། ་གླ་རྩི་ལྡན་པས་རབ་ཏུ་བསྒོས།། ལོ་ལོན་འབྲུ་དམར་དྲི་དག་དང་།། སྣ་མ་ཙམ་པ་ཀ་ལ་སོགས།། བསྐུལ་ནས་ཕ་མོ་ཀ་ཤི་བ།། དཀར་པོའི་གོས་ཀྱང་རབ་ཏུ་དགོས།། ་གླང་པོའི་རྒྱབ་ནས་བབས་ནས་སུ།། རྟའི་རྒྱབ་ཏུ་མངོན་པར་ཞོན།། བདག་ནི་རྒྱལ་པོ་ཡིན་སྙམ་སེམས།། སྐྱེ་བོ་བདག་གི་མདུན་ན་རྒྱུག། གླུ་གར་ཤིན་ཏུ་བསླབ་པ་ཡིན།། ་སླས་རྣམས་ཀྱང་ནི་རབ་ཏུ་ཤེས།། རི་དགས་རྣམས་ནི་མཉེས་པར།། བདག་གི་འདས་ཀྱང་རི་དགས་བསད།། ་འཇིག་རྟེན་ཕྱི་མ་མི་ཤེས་པས།། བདག་གིས་འདི་འདྲའི་སྡིག་བྱས་ཤིང་།། བདག་གིས་གཞན་གྱི་ཤ་ཟོས་པས།། དེ་ཕྱིར་བདག་གི་སྡུག་བསྔལ་འདི།། མི་ཟད་འོང་བར་འགྱུར་བ ་ཡིན།། འཆི་བ་བདག་གིས་མ་ཤེས་ཏེ།། བདག་ནི་བྱིས་པའི་བློ་གྱུར་པས།། བདག་གིས་ལུས་ཀྱང་བརྩེ་བ་བྱས།། དེང་ནི་བདག་ལ་འཆི་འོང་ན།། སྐྱོབས་བྱེད་པ་ནི་སྲ་ཡང་མེད།། ་གཉེན་རྣམས་ཁྱེད་ཅག་ཐམས་ཅད་ཀྱང་།། ངའི་གདོང་དུ་ལྟ་ཅི་ཡོད།། ཅི་ཞིག་ཕྱིར་ནི་གོས་འབྲལ་ཞིང་།། ཅི་ཕྱིར་དུ་ཞིང་སྨྲེ་སྔགས་འདོན།། དེ་ཕྱིར་སྐྲ་རྣམས་རབ་འཇིགས་ཤིང་།། ་ཅི་ཕྱིར་ཁྲག་ཀྱང་འབྱིན་པར་བྱེད།། ཅིའི་ཕྱིར་མགོ་ལ་རྡུལ་མཐོར་ཞིང་།། བྲང་ཡང་རབ་ཏུ་བརྡུང་བར་བྱེད།། བདག་གསོན་ཚེ་ན་སྡིག་པ་རྣམས།། སྤང་བར་བྱ་རིགས་ཁྱེད་ཅི ་མདུན།། བདག་གི་ལུས་ནི་སྤྱང་གི་དང་། ཁྱི་དང་བྱ་རོག་རྣམས་དང་ནི།། བྱ་རྣམས་ཀྱི་ཀྱང་ཟ་བར་འགྱུར།། ལུས་འདི་དགོས་པ་མེད་པར་བསོས།། འཆི་བའི་སྦྲུལ་དང་ལྡན ་གྱུར་ནས།། མི་ནི་རྟག་ཏུ་སྐྱེ་བར་འགྱུར།། འཇིགས་པ་འདི་ལས་གྲོལ་འགྱུར་བ།། དེ་ལྟ་བུའི་སྨན་རྣམས་བསྟེན།། བདག་ལ་སྨན་པས་གང་བྱིན་པའི།། སྨན་དེ་དགོས་པ་མ ་ཡིན་ན།། ཉོན་མོངས་སྤྲུལ་ལས་ཐར་བྱེད་པ།། ད་ལྟར་ཆོས་ཀྱི་སྨན་རྣམས་ནི།། ཆི་གར་བདག་ལ་སྦྱིན་པར་བྱོས།། ཤ་ནི་ང་ལ་མ་བྱིན་ཅིག། ལུས་འདི་གསོ་བ་བྱས་ཀྱང་ནི།། ་གདོན་མི་ཟ་བར་འཇིགས་པར་འགྱུར།། གང་ཕྱིར་སྡུག་བསྔལ་སྦྱིན་འགྱུར་བ།། སྡིག་གི་ཕུང་པོ་ཅི་ཕྱིར་བླངས།། ལུས་འདི་ཤིན་ཏུ་བསོས་བྱས་བཀྱང་།། བྱས་པ་མ་རུངས་བྱེད ་པར་འགྱུར།། བུ་དང་བུ་མེ་ཅི་ཞིག་ཕྱིར།། ང་ལ་མིག་གིས་ལྟ་བར་བྱེད།། ན་བ་འདི་ལས་ང་སྐྱོབས་ཤིག། དོན་མེད་པར་ནི་ཅི་ཕྱིར་དུ།། བུ་དང་བུ་མོ་ཁྱོད་ཅིག་དང་།། ང་ནི་མ་རུང ་མ་བྱེད་ཅིག། ཁྱེད་ཅིག་གསོ་བར་བྱས་པའི་ཕྱིར།། ངས་ནི་གཞན་གྱི་ནོར་ཡང་ཕྲོགས།། ད་ནི་འཆི་དུས་བབ་པ་ན།། རེ་ཐག་ཆད་ཀྱི་ཅི་ཞིག་བྱེད།། སྐྱེ་དང་ངན་འགྲོས་རབ་ཏུ་འཇིག། ་འཆི་བས་ཀྱང་ནི་ཡོངས་སུ་གཟིར།། ཚོར་བ་འདུ་ཤེས་འདུ་བྱེད་དང་།། རེག་པ་ཤིན་ཏུ་ཚོར་བའོ།། སྲེད་པས་བྱིས་པ་རྣམས་ཀྱང་འཁྱམས།། མི་ཟད་འབྲས་བུ་རྣམས་ཀྱང་ཐོབ།། ་ངན་པའི་རིགས་སུ་སྐྱེ་བ་ནི།། དེར་ནི་མྱ་ངན་བཅིངས་པར་འགྱུར།། བདག་ལ་བསོད་ནམས་ཆུང་ཤེས་ནས།། སྐྱེ་བོ་གཞན་དག་མྱ་ངན་བྱེད།། སྦྱིན་དང་ཚུལ་ཁྲིམས་ཡོངས་སུ ་ཉམས།། ཆོས་ལ་ཡང་ནི་རྒྱབ་ཀྱིས་ཕྱོགས།། གང་སྐྱེ་བ་ནི་མི་ཤེས་པས།། ཉོན་མོངས་སྤྲུལ་གྱི་ཉོན་མོངས་པ།། མ་རིགས་པས་ནི་བྱིས་པ་རྣམས།། གང་ན་ཐར་པ་མེད་པར ་འཁྱམས།། ཐར་པའི་དོན་ནི་མི་ཤེས་ནས།། འཁྲུལ་པས་སྡིག་པ་རྣམ་ཀྱང་བྱེད།། ཉོན་མོངས་རྣམས་ཀྱི་བྱིས་པ་འབྱམས།། ཡིད་ནི་རྟག་ཏུ་རྣམ་པར་འཁྲུག། བཅིངས་པ་སྣ ་ཚོགས་ལྡན་ལུས་ལ།། མེས་ནི་ཀུན་ཏུ་འབར་ཞིང་ཚིག། ག་ན་བདེ་བ་མེད་པ་དེར།། ལུས་ནི་རྣམས་པར་འཁྲུག་པས་འཁྱམས།། གང་ལ་ཤིན་ཏུ་བདེ་འབྱུང་བ། ་བདེ་བ་དེ་ནི་མི་ཤེས་སྟེ།། སངས་རྒྱས་ཞིང་ནི་བདེ་བ་བྱིན།། ཆོས་ཀྱི་འཁོར་ལོ་སྨན་གྱི་མཆོག། ཚུལ་ཁྲིམས་བདེན་པའི་ཚུལ ་ཁྲིམས་དང་།། དེ་བཞིན་གཤེགས་པ་ཚངས་པའི་དབྱངས།། དེ་ནས་བཅོམ་ལྡན་འདས་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ་ལ་བཀའ་སྩལ་པ།། སྨན་གྱི ་སྡེ་སེམས་ཅན་དག་འཆི་བའི་དུས་ཀྱི་ཚེ།། ད་ལྟར་སྨྲེ་སྔགས་འདོན་ཀྱང་ལེགས་པར་བྱས་པའི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པར་མི་ཏོགས་པས།། དེ་དག་གིས་སྐྱོབ་པར་འགྱུར། ་བ་སུ་ཡང་མེད་དོ་ཞེས་བཀའ་དེ་སྐད་སྩལ་པ། ཚིགས་སུ་བཅད་པ་འདི་དག་ཀྱང་གསུངས་སོ།། སྡིག་པའི་ལས་འདི་བྱས་པས་ན།། སེམས་ཅན་དམྱལ་བ་རྣམས་སུ་ལྷུང་།། ་སྲེགས་པས་གོས་ནི་གྱོན་པར་འགྱུར། སྐོམ་དུ་ལྕགས་ཁུ་འཐུང་བར་འགྱུར།། ལུས་རྣམས་ལ་ནི་མེ་མདག་འབབ།། ཚིག་ནས་རབ་ཏུ་མི་ཟད་དུ།། སེམས་ཅན་དམྱལ་བ་འཇིགས ་ཆེད་དུ།། དེའི་ལུས་ནི་རབ་ཏུ་ཚིག། བདེ་བ་བདག་ནི་མི་ཤེས་ཤིང་།། ཆོས་ཀྱང་རྣམ་པར་མི་ཤེས་ཏེ།། ཆོས་མ་ཡིན་པར་བྱིས་པ་འཁྱམས།། བདེ་བ་ཆུང་ཟད་རྙེད་མི་འགྱུར།། ་དད་དང་ཚུལ་ཁྲིམས་ཕུན་སུམ་ཚོགས།། ཤེས་རབ་ལྡན་ཞིང་དཀའ་ཐུབ་ཆེ།། དགེ་བའི་བཤེས་གཉེན་སྟེན་པ་ནི།། དེ་བཞིན་གཤེགས་པ་མྱུར་དུ་འགྱུར།། འཇིག་རྟེན་སངས ་རྒྱས་འབྱུང་བའི་ཕྱིར།། བརྩོན་འགྲུས་ཀྱི་ནི་མཆོག་རྩོམས་ལ།། སེམས་ཅན་ཐམས་ཅད་ཀུན་ཡོངས་ལ།། དགེ་བའི་ལས་ཀྱི་ཆོས་སྟོན་ཅིག། བྱམས་པའི་སེམས་དང་དེ ་བཞིན་དུ།། ཚངས་སྤྱོད་མཆོག་ལ་སྙོམས་པར་ཞུགས།། སྨན་གྱི་སྡེ་དེ་སྐད་ཐོས་ནས་ཀྱང་།། མཆོག་ཏུ་བསྒྲུབ་པར་འགྱུར་བར་བྱས།། རྣམ་གྲོལ་མཐོང་དང་སངས་རྒྱས་དང་།། ་སྒྲ་སྒྲགས་རྣམ་པར་འདྲེན་པ་དང་།། འཇིག་རྟེན་གྱི་ནི་པ་དང་མ།། དེ་ནི་བྱང་ཆུབ་སེམས་ཤེས་བྱ།། འཇིག་རྟེན་དུ་ནི་ཆོས་རྣམས་གང་སྟོན་པ།། དགེ་བའི་བཤེས་གཉེན་མཆོག ་རབ་རྙེད་དཀའོ།། སངས་རྒྱས་བསྟན་ལ་གང་དག་གུས་ཉན་པ།། དེ་དག་བླ་མེད་སངས་རྒྱས་བདེ་གཤེགས་འགྱུར།། ཞི་བ་སངས་རྒྱས་སྲས་རྣམས་ལ།། གང་དག་གུས་དང་བཅས ་འགྱུར་བ།། དེ་དག་ཀྱང་ནི་སེམས་ཅན་ཀུན།། ཐར་བྱེད་འཇིག་རྟེན་མགོན་དུ་འགྱུར།། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས་འདི་སྐད ་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཅིའི་སླད་དུ།། དོག་ས་འདི་གཡོ་རབ་ཏུ་གཡོ།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ ་སྨན་གྱི་སྡེ་ལ་འདི་སྐད་བཀའ་སྩལ་ཏོ།། སྨན་གྱི་སྡེ་ཅི་མཐོང་ལྟོས།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས་ལྟས་པ་དང་། ཕྱོགས་བཞི་ནས་སགས་པ་མཐོང་།། ་སོགས་པས་སགས་པའི་ཕྲག་ནས་མི་བྱེ་བ་ཁྲག་ཉི་ཤུ་བྱུང་བ་དང་།། འོག་གི་ཕྱོགས་ནས་མི་བྱེ་བ་ཕྲག་ཉི་ཤུ་བྱུང་བ་དང་། སྟེང་གི་ཕྱོགས་ནས་མི་བྱེ་བ་ཕྲག་ཉི་ཤུ་རྩ་ལྔ་བྱུང་བ ་མཐོང་ངོ་།། དེ་ནས་སེམས་ཅན་གཞོན་ནུ་དེ་དག་གིས་རྣམ་པར་ལྟས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འདིར་སྲ་དག་སྐྱེས། ་ལངས་ནས། དེ་དག་ཐམས་ཅད་རྫུ་འཕྲུལ་གྱི་སྟེང་གི་བར་སྣང་ལ་འགྲོ་ཞིང་དཀྱིལ་མོ་སྐང་བཅས་ནས། བསམ་གཏན་བྱེད་དེ། དེ་དག་ཐམས་ཅད་ཀྱི་ལུས་ལས་སེང་གེ་རྣམས་བྱུང་ངོ་།། ་སྦྲུལ་རྣམས་བྱུང་ངོ་།། རྫུ་འཕྲུལ་ཆེན་པོ་རྣམ་པར་འཕྲུལ་པ་སྟོན་ཏོ།། རི་ལ་ཡང་དཀྱིལ་མོ་ཀྲུང་བཅས་ཏེ། འཁོད་དེ། སྟེང་དུ་དཔག་ཚད་ཉི་ཁྲི་སྲིད་དུ་ཡང་འགྲོའོ།། ཟླ་བ་དང ་ཉི་མ་བྱེ་བ་སྟོང་ཕྲག་བཅུ་ཡང་འབབ་པར་བྱེད་དོ།། དེ་ནས་བཅོམ་ལྡན་འདས་ལ་སེམས་ཅན་གཞོན་ནུ་དེ་དག་གིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འོད་ཟེར་ཆེན་པོ ་གདའ་བ་དང་། རྫུ་འཕྲུལ་ཆེན་པོ་རྣམ་པར་འཕྲལ་པའི་འཇིག་རྟེན་དུ་བྱུང་བའི་རྒྱུ་གང་ལགས། རྐྱེན་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱེད་ཟླ་བ ་དང་ཏ་ཉི་མ་བྱུང་བ་འདི་ལ་ལྟོས།། དེ་དག་གིས་གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ།། བདེ་བར་གཤེགས་པ་མཐོང་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ ་སྩལ་པ། འདི་ནི་བྱང་ཆུབ་སེམས་དཔའ་རང་གི་ལུས་ལས་འོད་ཟེར་སྣ་ཚོགས་སྣང་བ་དང་། རྫུ་འཕྲུལ་བསྟན་སྟེ། བསྟན་ནས་ཀྱང་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་རྩེ་བ་དང་། སྐྱེ་བོའི་ཚོགས་ཆེན་པོ་དང་། ལྷ་རྣམས་དང་། མི་རྣམས་ཀྱི་དོན་དང་། ཕན་པ་དང་། བདེ་བའི་ཕྱིར་སེམས་ཅན་རྣམས་ལ་ཆོས ་སྟོན་ཏེ། དེ་དག་འདིར་མིའི་ལུས་དང་སྟོབས་དང་། བརྩོན་འགྲུས་བསྟན་ནས་འདི་འདྲ་བའི་སྟོབས་ཉེ་བར་སྟོན་ཏོ།། གསོལ་པ། བཅོམ་ལྡན་འདས་འོད་ཟེར་སྣང་བ ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱེད་ཅག་སྐྱེ་བོའི་ཚོགས་འདི་དག་ལྟོས། དེ་དག་གིས་གསོལ་པ། བཅོམ་ལྡན ་འདས་མཐོང་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེ་བོའི་ཚོགས་འདི་དག་ནི་ཁྱེད་ལ་བདེ་བའི་ཕྱིར་སྐྱེས་སོ།། གསོལ་པ། སེམས་ཅན་འདི་དག་ཀྱང་འགྲམ ་པར་འགྱུར་རམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། གྲོགས་པོ་དག་དེ་བཞིན་ཏེ། སེམས་ཅན་ཐམས་ཅད་ཀྱང་འཆི་བར་འགྱུར་རོ།། དེ་ནས་སེམས་ཅན་གཞོན་ནུ་སྔ་མ ་གང་དག་ཐོག་མ་ཉིད་དུ་སྐྱེས་པ་དེ་དག་གིས། བཅོམ་ལྡན་འདས་ག་ལ་དེ་ལོགསུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་གསོལ་ཏོ།། བཅོམ་ལྡན་འདས ་བདག་ཅག་ནི་ཡང་སྐྱེ་བ་དང་། འགུམ་པ་ལ་ལྟ་བར་མི་སྤྲོའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོ་ན་བརྩོན་འགྲུས་ཀྱི་སྟོབས་རྙེད་པར་སྤྲོ་འམ། དེ་དག་གིས་གསོལ་པ། ་དེ་བཞིན་གཤེགས་པ་མངོན་སུམ་དུ་ལྟ་བར་བགྱིའོ།། དེ་ནས་ཆོས་གང་མཉན་ཞུས་ཏེ་ཡིད་དུ་འོང་བ་མཉན་པར་བགྱིའོ།། དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན ་འདས་པ་ལྟ་བར་བགྱིའོ།། བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་རྣམས་ལ་ལྟ་བར་གྱི་སྟེ།། བཅོམ་ལྡན་འདས་འདི་ལྟ་བུ་ལ་སྤྲོ།། སྐྱེ་བ་དང་འགྲམ་པ་ལ་ནི ་ལྦ་བར་མི་སྤྲོའོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ་རྫུ་འཕྲུལ་གྱི་སྟོབས་ཀྱི་བྱང་ཆུབ་སེམས་དཔའ་ལྔ་བརྒྱ་པོ་དེ་དག་དང་ལྷན་ཅིག་ཏུ་སྟན་ལས ་འབྱུང་བར་བགྱི་བའི་སླད་དུ། ཆོས་སྟོན་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱི་བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ་ལ་འདི་སྐད་བཀའ་སྩལ་ཏོ།། སྨན་གྱི་སྡེ་ཁྱོད་ཀྱི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམ་པ་དྲུག་དུ་གཡོས་པ་མཐོང ་ངོ་མ་གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ།། བདེ་བར་གཤེགས་པ་མཐོང་ལགས་སོ།། དེ་འདི་སྙམ་དུ་སེམས་ཏེ། གང་བདག་གིས་དེ་བཞིན་གཤེགས་པ་ལ་དོན་དེ ་ཞུའོ།། སྙམ་བསམ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་ཅི་དང་ཅི་འདོད་པ་དྲིས་ཤིག་དང་། ངས་དྲིས་པ་དེ་དང་དེའི་ལུང་སྙན་པས་ཁྱོད་ཀྱི་སེམས་རང ་པར་བྱའོ།། བསྟན་པར་བྱའོ།། རྣམ་པར་བྱེད་པར་བྱའོ།། སྨན་གྱི་སྡེ་གང་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དུས་རྣམས་ཀྱི་དེ་ཐམས་ཅད་བསྟན་པར་བྱའོ།། ་གསོལ་པ་བཅོམ་ལྡན་འདས་ཐེ་ཙོམ་བསལ་བའི་སླད་དུ་བསྟན་ཏུ་གསོལ། བཅོམ་ལྡན་འདས་བདག་གིས་དེ་བཞིན་གཤེགས་པ་ལྷའི་བུ་སྟོང་ཕྲག་བརྒྱད་བཅུ་རྩ་བཞིས་བསྐོར ་བ་དང་། བྱང་ཆུབ་སེམས་དཔའ་བྱེ་བ་སྟོང་ཕྲག་བརྒྱད་བཅུ་རྩ་བཞིས་བསྐོར་བ་དང་། ཀླུའི་རྒྱལ་པོ་བྱེ་བ་སྟོང་ཕྲག་བཅུ་གཉིས་ཀྱི་བསྐོར་བ་དང་། འབྱུང་པོ་བྱེ་བ་བྱེ་བ་སྟོང་ཕྲག ་བརྒྱད་ཀྱི་བསྐོར་བ་དང་། ཡི་དགས་དང་། ཤ་ཟ་བྱེ་བ་སྟོང་ཕྲག་ཉི་ཤུ་རྩ་ལྔས་འཁོར་བ་མཐོང་ངོ་།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་སེམས་ཅན་འདི་དག ་ནི་ཆོས་ཉན་པའི་ཕྱིར། འཁོར་འདིར་ངའི་གན་དུ་འདུས་ཤིང་འཁོད་གོར་མ་ཆག་སྟེ། སྨན་གྱི་སྡེ་འདི་དག་ནི་དེང་ཁོ་ནར་འཁོར་བ་བསྙིལ་བར་འགྱུར་རོ།། སེམས་ཅན་ཐམས་ཅད ་ལ་ཕན་པར་འདོད་པས་དེང་ཉིད་ས་བཅུ་རབ་ཏུ་འཐོབ་པར་འགྱུར།། ས་བཅུ་རབ་ཏུ་གནས་ནས་མྱ་ངན་ལས་འདས་པའི་དབྱིངས་རྗེས་སུ་འཐོབ་པར་འགྱུར་རོ།། རྒ་བ་དང་འཆི་བ་ལས ་ཐར་བྱས་ཕྱིར།། ལས་བྱས་བདེ་བ་ཐོབ་བྱེད་ཅིང་། ཉོན་མོངས་ཞགས་པ་འཕམ་བྱས་ནས། སངས་རྒྱས་བསྟན་པ་ཐོབ་པར་འགྱུར། གསོལ་པ། བཅོམ་ལྡན་འདས་སེམས ་ཅན་གྱི་གནས་མང་པོ་ལས་སྣ་ཚོགས་ཀྱི་འབྱུང་བ་འདི་ཅིའི་སླད་དུ། བཅོམ་ལྡན་འདས་ལ་བསྐོར་ཅིང་གནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་ཉོན་ཅིག། ་སེམས་ཅན་སློངས་པ་མི་ཤེས་པ། ཐར་པར་གྱུར་པ་ག་ལ་ཡོད། སེམས་ཅན་གཞོན་ནུ་མང་པོ་དག། དེ་རིང་གཟུངས་རྣམས་ཐོབ་པར་འགྱུར། ས་བཅུ་དག་ནི་འཐོབ་པའི་ཕྱིར།། ་ཆོས་ཀུན་རབ་ཏུ་ཤེས་པར་འགྱུར། ས་བཅུ་དག་ཀྱང་འཐོབ་པར་འགྱུར། སངས་རྒྱས་བྱ་བ་བྱེད་པར་འགྱུར། ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར། ཆོས་ཆར་རབ་ཏུ་འབེབ། ་བར་འགྱུར། དེ་ལྟར་སེམས་ཅན་འདུས་པས་ན། ངའི་བསྟན་པ་དགའ་བའོ།། ལྷ་དང་ཀླུ་དང་ཡིད་དཀས་དང་། ལྷ་མིན་ཤིན་ཏུ་མི་ཟད་པ། ས་བཅུ་ལ་ནི་རབ་གནས་ཏེ། ཆོས་ཀྱི ་སྒྲ་ཡང་སྒྲོགས་པར་འགྱུར། ཆོས་ཀྱི་རྔ་ཡང་བརྡུང་བར་འགྱུར། ཆོས་ཀྱི་དྲུང་ཡང་རབ་ཏུ་འབྲང་། སེམས་ཅན་གཞོན་ནུ་འདི་དག་ཀྱང་། བརྩོན་འགྲུས་མཐུ་དང་ལྡན་པར་འགྱུར། ་དེ་བཞིན་གཤེགས་པས་ཐོབ་པ་བཞིན། དེ་དག་དེང་ནི་ཆོས་ཐོབ་འགྱུར། དེ་ནས་སེམས་ཅན་གཞོན་ནུ་ལྔ་སྟོང་ཙམ་སྟན་ལས ་ལངས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོག་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། གང་ཕྱིར་མཐའ་ནི་མ་འཚལ་བ། འཁོར་བ ་ན་ནི་འཆི་བ་སྟེ། ལུས་ནི་ཁུར་ཅི་བཅོམ་ལྡན་འདས། འཇིགས་པ་ཆེན་པོ་མི་ཟད་པ། ལམ་ནི་རྣམ་པར་མ་འཚལ་ཏེ། ལམ་ཉིད་མིག་དག་ལྗོངས་གྱུར་ན། བདག་ཅག ་རྣམས་ནི་སྡུ་བར་གསོལ། དཔའ་ལ་བདག་ཅག་གསོལ་བ་འཚལ། འདྲེན་པས་ཆོས་ནི་བཤད་དུ་གསོལ། བདག་ཅག་ཤེས་རབ་ཆུང་ངུར་སྐྱེས། བདེ་བ་མངོན་པར་མ་འཚལ ་ཏེ། བདག་ཅག་ལ་ནི་ཆོས་བཤད་གསོལ། སྡུག་བསྔལ་མི་ཟད་འགྲོལ་བར་མཛད། གང་དང་གང་དུ་སྐྱེས་པར་ཡང་། བདག་ཅག་སངས་རྒྱས་མཐོང་གྱུར་ཅིག། དེ་ནས་བྱང ་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ་སེམས་ཅན་གཞོན་ནུ་རྣམས་ག་ལ་བ་དེར་དོང་སྟེ་ཕྱིན་ནས་འདི་སྐད་ཅེས་སྨྲས་སོ།། ཁྱེད་ཅག་རྣམས་ནི་ཟས་ཟོས་ཤིག། སྨད ་དབྱུང་བའི་རོ་ཡང་མཐུང་། འཇིགས་པ་མེད་པར་གྱུར་ནས་སུ། ཕྱིས་གདོད་འཇིགས་མེད་ཆོས་ཉོན་ཅིག། སྨྲ་བརྩོན་གནས་བརྟན་ཁྱོད་སུ་ཞིག། བདག་ཅག་རྣམས་ཀྱིས་ཁྱོད ་མི་ཤེས། ཁྱོད་ནི་རབ་ཏུ་མཛེས་པར་མཐོང་། གཟུགས་ནི་ཞི་ཞིང་གྲངས་པ་ཆེ། ཡིད་དགས་འཇིག་རྟེན་འཇིགས་ཆེན་དང་།། སེམས་དམྱལ་དུད་འགྲོ་རྣམས་ལས་ཐར།། ་ཇི་ལྟར་འགྲོ་བར་མཛེས་པ་བཞིན། ཁྱོད་ཀྱི་སྡིག་པ་ཐམས་ཅད་ནི།། ཁྱོད་ཀྱི་ལག་ན་སྣོད་ཡོད་པ།། རིན་ཆེན་སྣ་བདུན་ལྡན་པ་དང་།། ལུས་ལ་རིན་ཆེན་སྲད་བུ་དང་།། གཟི་བརྗིད་ཕུང ་པོས་བརྒྱན་པ་མཐོང་།། ཞི་བ་ཁྱོད་ཀྱི་ཚིག་སྒྲ་སྨྲ་བདག་ཅག་ལ་ནི་འདེབས་མི་ནུས།། བདག་ཅག་ལ་ནི་ཟས་རྣམས་དང་།། ཞིམ་པོའི་སྐོམ་ཡང་མི་དགོས་ཏེ།། ཟས་ལས་བཤད་པ ་འབྱུང་བར་འགྱུར།། དེ་བཞིན་སྐོམ་ཡང་གཅིན་དུ་འགྱུར།། ཁུ་བ་རྣམས་ལས་ཁྲག་ཏུ་འགྱུར།། དེ་བཞིན་ཁྲག་ལས་ཤ་འགྱུར་བས།། ཟས་དང་སྐོམ་རབ་སྦྱར་བ་ཡང་།། བདག་ཅག ་རྣམས་ལ་དགོས་མ་ཡིན།། དར་དང་སྣམ་བུ་སྦྱར་བ་དང་།། ཕྲ་མེའི་གོས་ཀྱང་དགོས་པ་མེད།། གསེར་གྱི་གད་བུ་མི་དགོས་ཏེ།། མུ་ཏིག་ཕྲེང་བ་དགོས་མ་ཡིན།། སོར་རྔུབ་དག ་ཀྱང་མི་དགོས་ཏེ།། དེ་ཀུན་མི་རྟག་ཆོས་ཅན་ནོ།། བདག་ཅག་ངན་པར་འགྲོ་རྣམས་སུ།། འགྲོ་བར་མི་འགྱུར་སྲོག་ཚལ་ལོ།། ལྷ་རྣམས་ཀྱི་ནི་བདེ་བ་དང་།། ཆོས་ཀྱི་སྦྱིན་པ་དོན ་ཏུ་གཉེར།། དགེ་བའི་བཤེས་གཉེན་རྣམས་དགོས་ཏེ།། འཁོར་ལོས་བསྒྱུར་རྒྱལ་མ་ཡིན་ནོ།། རབ་ཏུ་བཟའ་བའི་གླིང་བོར་ནས།། འཁོར་ལོས་བསྒྱུར་བ་འཆི་བར་འགྱུར།། ་བུ་ཡང་ཕྱི་བཞིན་མི་འབྲང་སྟེ།། ཆུ་མ་བུ་མོ་རྣམས་ཀྱང་མིན།། རིན་ཆེན་སྣ་བདུན་འཕྱི་ན་ཡང་།། ཕྱི་བཞིན་འབྲང་བ་མ་ཡིན་ནོ།། སྐྱེ་བོ་མང་པོ་བསྡུས་པ་ཡང་།། ཕྱི་བཞིན་འགྲོ ་བ་མ་ཡིན་ནོ།། མདུན་དུ་རྒྱུག་པའང་མ་ཡིན་ནོ།། དེ་ལྟར་ཕྱིན་ཆད་མི་འགྱུར་རོ།། ཚེ་ཅིག་གི་ནི་རྒྱལ་པོ་ལས།། མི་རྟག་པས་ནི་འཁྱམས་འགྱུར་ཏེ།། སྡིག་པའི་ལས་རྣམས་མང་བྱས་པས། ་དེ་དག་སེམས་དམྱལ་དུ་འབོད་ལྷུང་།། རིན་ཆེན་སྣ་བདུན་རྫུ་འཕྲུལ་ཆེས།། ཕྱོགས་བཞི་ཀུན་ཏུ་བསྐོར་བ་ལས། ་གང་ཆེ་དུ་འབོད་སྦྱིན་པའི་ཚེ།། རྫུ་འཕྲུལ་དེ་ནི་གང་དུ་སོང་།། ས་གང་དག་ན་ཡོད་མིན་པ།། ཤི་ནས་རྫུ་འཕྲུལ་བྱེད་མི་ནུས།། གནས་བརྟན་བདག་ཅག་རྣམས་ལ་གསོན།། གང་ན ་དེ་བཞིན་གཤེགས་པར་བཞུད།། པ་དང་མ་ནི་ཇི་ལྟ་བར།། དེ་ནི་མཐོང་བར་རབ་ཏུ་འདོད།། བདག་ཅག་ལ་ནི་མ་ཡང་མེད།། པ་མེད་ཕུ་ནུ་རྣམས་ཀྱང་མེད།། འཇིག་རྟེན་གཙོ་བོ་དེ ་བཞིན་གཤེགས།། དེ་ཉིད་ཕ་དང་མ་ཡིན་ནོ།། དེ་ཉིད་ཉི་མ་ཟླ་བ་སྟེ།། བདེ་བའི་ལམ་ནི་རབ་སྟོན་པའོ།། གང་ཕྱིར་ཕྱིན་ཅད་མི་སྐྱེ་བར།། དེ་ནི་འཁོར་བ་ཐར་མཛད་པའོ།། ཉོན ་མོངས་ཆུ་བོ་འཇིགས་ཆེན་དང་།། ཆུ་བོ་སྒྲོལ་བའི་གྲུ་དེའོ།། དེ་ཡིས་སེམས་ཅན་རབ་བསྒྲལ་སྟེ།། ཕྱིན་ཆད་སླར་ནི་མི་ལྡོག་གོ།། བྱང་ཆུབ་མཆོག་ནི་རབ་སྟོན་པ།། དམ་པའི ་ཆོས་ཀྱང་དེས་བཤད་དོ།། བདག་ཅག་རྣམས་ལ་ཟས་མི་དགོས།། རྒྱལ་སྲིད་འབྲས་བུ་འདོད་པ་དེ། སེམས་ཅན་དམྱལ་བས་འཇིགས་པ་ནི།། ལྷའི་འཇིག་རྟེན་འགྲོ་མི་བྱ། ་མིའི་ཚེ་ནི་བདེ་བ་སྟེ།། དེ་ནི་ཐམས་ཅད་མཁྱེན་པར་སྣང་།། རང་གི་ལས་ནི་ཉེས་བྱས་པས།། ཚེ་ཐུང་རྣམས་ནི་འཁྱམ་པ་ཡིན།། དེ་དག་འཆི་བ་མི་ཤེས་ཀྱི།། འདོད་པའི་ལོངས ་སྤྱོད་སྲེད་ཤེས།། སྐྱེ་དང་འགག་པས་བསླུས་པ་རྣམས།། ཤེས་པ་མེད་ཅིང་འཇིགས་མེད། མི་རྟག་པས་ནི་སེམས་འཁྲུལ་རྣམས།། ཕྲ་བའི་ཆོས་རྣམས་མི་ཤེས་ཏེ། ་ཕྲ་བའི་དགོས་པ་མི་བྱེད་ལ།། ཞི་བའི་དབྱིངས་ཀྱང་མི་ཤེས་སོ།། འཆི་འཕོ་ལ་ནི་སྐྱེ་མེད་པ།། ཡང་དང་ཡང་དུ་སྐྱེ་བར་འགྱུར།། ཡུན་རིང་སྡུག་བསྔལ་རབ་གཟིར་ཅིང་།། རྟག་ཏུ་དབྱུག ་པས་བརྡེག་བྱས་ནས།། གཞན་དག་གི་ཡང་འཕྲོག་བྱེད་དོ།། དེ་བཞིན་བཅིང་ཞིང་གསད་པ་བྱས།། སྔོན་གྱི་སྡིག་པས་བསྐལ་པས་ན།། དེ་དག་བཅིང་བ་ལྔས་བཅིངས་སོ།། རེ་ཟག་ཀྱང་ནི ་འཆད་པར་འགྱུར།། མྱ་ངན་ཟུག་རྔས་ཟུག་པར་འགྱུར།། རྣམ་པར་ཤེས་པ་འགག་པ་ན།། སྙིང་རྗེ་བར་ནི་སྨྲེ་སྔགས་འདོན།། བདག་གིས་སྐྱོབ་པར་སུ་འགྱུར་བ།། གསེར་དང་དངུལ་དང ་ཤེལ་དག་ཀྱང་།། ལོངས་སྤྱོད་ཐམས་ཅད་བདག་གིས་དབུལ།། བདག་གི་བྲན་དུའང་འགྱུར་བར་བྱ།། བྲན་གྱི་ཚུལ་དུ་གང་གྱུར་པ།། ལས་རྣམས་ཐམས་ཅད་རབ་ཏུ་བྱ།། རྒྱལ་སྲིད ་ལོངས་སྤྱོད་བདག་མི་དགོས།། ནོར་དང་འབྲུ་ཡང་མ་ཡིན་ནོ།། རང་གི་ལུས་ནི་བདག་ལ་དགོས།། སྡིག་པ་བྱེད་པ་མི་གྲོལ་ཏེ།། དེ་ལྟར་གནས་བརྟན་བདག་ཅག་ལ།། བཟའ་བ ་དགོས་པ་མ་ཡིན་ནོ།། གང་དག་ཁ་ཟས་ཞིམ་ཟོས་པ།། རྒྱལ་པོ་རྣམས་ཀྱང་འཆི་བར་འགྱུར།། གཏུང་བའི་མཆོག་ནི་གཏུངས་པ་ཡིན།། ལྷའི་བུ་རྣམས་འཆི་བར་འགྱུར།། ཆོ་མཚོ ་དགུ་རོ་ལྡན་པ།། ཟས་དང་སྐོམ་ནི་རབ་བཤམས་པ།། རྒྱལ་པོའི་མདུན་དུ་བླངས་ནས་སུ།། ཁ་ཟས་ནི་ལྕེས་རེག་གནས།། རྒྱལ་པོ་རྣམས་ནི་རོལ་ཆགས། སྡིག་པ་མི་ཆུང་རྣམས་ཀྱང ་བྱེད།། གང་ལ་སྙིང་པོ་མེད་པ་ཡི།། མི་རྟག་རོ་ལ་ཆགས་པར་བྱེད།། བདག་ཅག་རྣམས་ལ་སྐོམ་མི་དགོས།། བཟའ་བ་དག་ཀྱང་དགོས་མ་ཡིན།། བདག་ཅག་སྡུག་བསྔལ་གང ་གྲོལ་བ།། ཆོས་ཉིད་དེ་འདྲ་དགོས་མ་ཡིན།། སྲེད་པའི་བཅིངས་ལས་རབ་གྲོལ་ཞིང་།། སྲེད་པའི་ཉོན་མོངས་རྣམ་ཐར་ཏེ། ་བཅིངས་ཀུན་ལས་རབ་གྲོལ་བའི།། སངས་རྒྱས་དེ་ལ་སྐྱབསུ་དོང་།། དྲང་སྲོང་ཆེན་པོ་འཇིགས་མགོན་ལ།། བདག་ཅག་རྣམས་ནི་སྐྱོབས་སུ་འདོང་།། སེམས་ཅན་རྣམས་ཀྱིས་ཐོང ་དགའ་ལ།། ཕྱག་འཚལ་ཕྱིར་ནི་བདག་ཅག་འདོང་།། ཁྱོད་ཀྱི་མཚན་ནི་མ་འཚལ་གྱིས།། བསྟན་པའི་མཚན་ནི་བསྟན་དུ་གསོལ།། སྨན་གྱི་སྡེས་སྨྲས་པ།། ཁྱེད་དང་སྐྱེ་བོ་ཐམས་ཅད ་དང་།། དེ་བཞིན་མིང་ནི་ཐོས་པར་འགྱུར།། སེམས་ཅན་གཞོན་ནུ་བྱེ་བ་ཕྲག། སྟོང་གིས་དེ་བཞིན་གཤེགས་པ་བསྐོར།། དེ་དག་གིས་སྨྲས་པ། ཁྱེད་ནི་སངས་རྒྱས་ཉན་ཐོས་ཏེ།། ་མིང་ནི་ཟབ་པར་གྲགས་པ་ཡིན།། སྐྱེ་བོ་ཀུན་ཡང་དེ་བཞིན་དུ།། ཁྱེད་ཀྱི་མིང་ནི་ཐོས་པར་འདོད།། སྨྲས་པ་ངའི་མིང་ནི་སྨན་གྱི་སྡེ།། ང་ནི་སེམས་ཅན་རྣམས་ཀྱི་སྨན།། སྨན་རྣམས ་ཀུན་གྱི་དམ་པ་ནི།། ཁྱེད་ཅག་རྣམས་ལ་བཤད་པར་བྱ།། ནད་ཀུན་གྱིས་བཏབ་སྐྱེ་བ་ཡིས།། ནད་རྣམས་ཐམས་ཅད་ཞི་བར་བྱེད།། འདོད་ཆགས་ནད་ནི་ནང་པོ་ཆེ།། འཇིག་རྟེན ་འཇིགས་པ་མི་ཟད་པ།། གང་གིས་བློ་མེད་འཁྱམས་ཡིས།། གཏི་མུག་ནད་ནི་ཆེ་ཞིང་དྲག། སེམས་ཅན་དེ་བཞིན་དུད་འགྲོ་དང་།། ཡི་དགས་རྣམས་སུ་སེམས་ཅན་འགྲོ།། ་བྱིས་པ་འདི་དག་ཞེ་སྡང་ཟིན།། དེ་དག་ཇི་ལྟར་ཞི་བར་འགྱུར།། དེ་དག་གིས་སྨྲས་པ།། དགེ་བའི་ཆོས་ནི་འདི་ཐོས་པས།། བདག་ཅག་སྡུག་བསྔལ་ཀུན་ལས་གྲོལ།། བྱིས་པ ་བླ་ནི་མི་ཤེས་པས།། སྡུག་བསྔལ་ཀུན་ལས་གྲོལ་ནས་ཀྱང་།། སྡིག་པའི་ལས་ནི་རྣམས་སྤངས་ཏེ།། བདག་ཅག་ཆོས་ཀྱི་སྦྱིན་པ་ཉན།། སྡིག་པ་ཐམས་ཅད་རྣམས་སྤངས་ནས། ་འཇིགས་པ་མི་ཟད་རྣམས་ཀྱང་སྤངས།། ནད་རྣམས་ཐམས་ཅད་ཞི་བྱེད་པ།། སྨན་པའི་རྒྱལ་པོ་སྨན་པ་སྟེ།། སྡུག་བསྔལ་བ་རྣམས་གསོ་བྱེད་པ།། ཡང་དག་སངས་རྒྱས་མྱུར་དུ ་བལྟ།། དེ་བཞིན་གཤེགས་ལ་ཕྱག་འཚལ་ཕྱིར།། གནས་བརྟན་ཁྱོད་ནི་མྱུར་དུ་བཞུད།། ཕྱག་བྱས་བདག་ཅག་རྣམས་ཀྱི་ཚིག། འཇིག་རྟེན་རྣམ་པར་པར་འདྲེན་ལ་གསུངས།། ་ནད་འདི་རབ་ཏུ་ཞི་བར་མཛོད།། ལུས་འདི་ཐམས་ཅད་རབ་འབར་སྟེ།། ཚིག་ཅིང་ཞི་བ་མེད་པ་ཡི།། མི་ཟད་མེ་ནི་ཞི་བར་མཛོད།། ཨེ་ལུས་ཀྱི་ཁུར་ནི་ཁུར་པོ་ཆེ།། ་ཤིན་ཏུ་མི་ཟད་རྣོ་བའི་ཁུར།། སྡུག་བསྔལ་གཟིར་བདག་ཅག་ལ།། བརྟུལ་བཞུགས་དམ་པ་ཐུགས་རྗེ་མཛོད།། སྐྱེ་བོ་རྟག་ཏུ་ཞེ་སྡང་དང་།། གཏི་མུག་ནོན་པའི་ཁུར་ཁྱེར་ཏེ།། ་ཁུར་ལས་ཐར་པ་མི་ཤེས་པ།། དེ་དག་ཡང་དང་ཡང་ཁུར་ཁྱེར།། ཐར་པའི་ལམ་ནི་མི་ཤེས་ཀྱིས།། ཐར་པའི་ལམ་ནི་མ་མཐོང་རྣམས།། འཆི་བ་རྣམ་པར་ཤེས་མོད་ཀྱི།། ་འོན་ཀྱང་འཇིགས་པ་མི་བསྐྱེད་དོ།། བདག་ཅག་ལ་ནི་ནམ་དུ་ཡང་།། འཆི་བ་མེད་སྙམ་བདེ་བར་གནས།། ཀུན་ཏུ་འཁྲུལ་པས་མ་ཤི་ན།། མཐོང་ཡང་རྣམ་པར་མི་ཤེསོ།། དེ་དག་པ་མ ་ཡང་མི་དྲན།། ནད་ཀྱིས་ཀྱང་ནི་རྟག་གཟིར་ཅིང་།། ཉོན་མོངས་ལས་ཀྱིས་རབ་བཀྲུགས་ནས།། ཇི་ལྟར་ཁ་ཟས་ཟ་བར་འགྱུར།། སྡུག་བསྔལ་ཉམ་ཐག་མི་ཤེས་ཏེ།། བདག་ཅག་ང ་བ་དོན་མེད་དོ།། ཁྱེད་ཀྱི་སྡུག་བསྔལ་འདི་འདྲ་བ།། མ་རིག་བཞི་ལས་སྐྱེས་པའོ།། འདུ་ཤེས་འདུ་བྱེད་ཚོར་བ་རྣམས།། འཇིགས་བྱེད་ལྕི ་བའི་ཁུར་ཡིན་ནོ།། གང་ཆོས་རྣམ་པར་མི་ཤེས་པ།། བྱིས་པ་སྲེད་པས་རབ་ཏུ་འཁྱམས།། ལུས་ཀྱིས་ཁུར་གྱིས་བཀོར་བ་ནི།། འཇིག་རྟེན་དུ་ནི་དོན་མེད་སྐྱེས།། གོས་གཙང་ཤིན ་ཏུ་བཟང་བ་དང་།། ཁྲུས་དང་བྱུག་པ་དགོས་པ་དང་།། ལུས་ལ་གང་ཡིད་འོང་བ་ཡི།། ཁ་ཟས་ཞིམ་པོ་དགོས་པ་སྟེ།། ཡིད་དུ་འོང་བའི་བསྙེན་ངག་ལས།། དེ་བཞིན་རྣ་བས ་ཚོལ་བར་བྱེད།། རིན་ཆེན་བདུན་ལས་བྱུང་བ་ཡི།། གཟུགས་ལ་མིག་གིས་ཆགས་པར་བྱེད།། ཞིམ་པའི་རོ་རྣམས་ཐམས་ཅད་ནི།། ལྕེས་ཀྱང་ཚོར་བར་བྱེད་པ་སྟེ།། འཇམ་ཞིང ་ཕྲ་བའི་རེག་པ་ཡང་།། ལུས་ཀྱིས་རྟག་ཏུ་ཚོལ་བར་བྱེད།། ལུས་ཀྱིས་སུ་ནི་ཤ་གཉིས་པོ།། དགའ་བར་ཡང་ནི་བསྒྲུབས་པ་ལས།། སེམས་དཔའ་མེད་པའི་ལུས་འདི་སྐྱེས། ་དེ་ལ་དགའ་བ་སུ་ཞིག་རྙེད།། དེ་ན་བདག་ཀྱང་དགའ་བྱེད་པ།། ལྷམ་ནི་རབ་ཏུ་བཟང་གྱོན་ཡང་།། འཆི་བར་འགྱུར་ཚེ་སྒོ་རྣམས་དང་།། བྱུག་པ་སྐྱབས་སུ་མི་འགྱུར་ཏེ།། ལུས་དང་། ་སྐྱབས་སུ་འགྱུར་མིན་ན།། གོས་དང་བྱུག་པ་སྤོས་ཅི་དགོས།། མི་ཤེས་བྱ་བ་ལུས་ཡིན་ཏེ།། དབུགས་དང་སྟོབས་ཆེན་རྙེད་པར་འགྱུར།། སོ་སོར་རྟོགས་པའི་རྣོ་བའི་སྟོབས།། ་དེ་ནི་ལུས་ལ་ཡོན་ཏན་ཆེ།། སྔོན་ཆད་རྟག་དང་གླང་པོ་ཡིས།། ཀུན་ཏུ་བསྐོར་ནས་བརྩེ་ཞིང་འཁྱམས།། ཐར་པའི་ཆོས་ནི་མ་སྟེར་བ།། བདག་ཅི་སྡིག་པའི་ལས་ལ་ཆགས། ་འཇིག་རྟེན་ཕ་རོལ་མ་ཤེས་ན།། བརྩེ་བས་སྡིག་པ་བྱེད་དུ་བཅུག། བདག་ནི་ཡང་དང་ཡང་སྐྱེས་ཏེ།། ཤི་བ་བདག་ལ་ཡང་འོངས་སོ།། ཡང་དང་ཡང་དུ་མྱ་ངན་མཐོང་། ་སྨྲེ་སྔགས་འདོན་པས་རབ་ཏུ་བཅིངས།། མི་རྣམས་ཀྱང་ནི་ཤི་བ་མཐོང་།། པ་རྣམས་ཤི་དང་གཉེན་དག་དང་།། སྲིང་མོ་དང་ནི་བུ་དག་དང་།། ཆུང་མ་རྣམས་ཀྱང་ཤི་བ་མཐོང་།། ་མངོན་པར་འདུ་བྱེད་ཀུན་སྟོང་དང་།། བདག་གིས་ཡིད་བརྟན་རུང་བར་ཤེས།། ཞི་བའི་ཆོས་ནི་མི་དམིགས་ཏེ།། འཆི་བ་ལ་ནི་མངོན་དགའ་མེད།། དེ་ཕྱིར་འདོད་པས་བསྒྲིབ་སེམས ་ཀྱིས། བདག་གིས་སྦྱིན་པ་མ་ཡིན་ནོ།། དེ་བས་འདོད་དང་མཉམ་སྡིག་མེད།། དེ་ནི་ད་དུང་མི་ལྡོག་གོ། ཀུན་ཏུ་ནོར་བས་བདག་ཅག་སྐྱེས།། འགྲོ་བ་མཐའ་དག་ཀུན་ཏུ་ནོར ་ཀུན་ཏུ་ནོར་བའི་སྒྲ་ཡང་ཉན།། དམ་པའི་ཆོས་མ་ཡིན་ཡོས་སུ་འཛིན།། ཐར་པ་དང་ནི་བསམ་གཏན་འཚལ།། ལུས་ནི་ཀུན་ཏུ་བཀུར་མི་བྱ།། འཇིག་རྟེན་དོན་ཏུ་འགྲོ་བའི་གཙོ། ་སངས་རྒྱས་སྟོན་པ་རྣམས་ཤོག། སངས་རྒྱས་འཇིག་རྟེན་པ་མ་དང་།། སངས་རྒྱས་ལམ་ནི་རབ་སྟོན་པ།། འཛམ་བུའི་གླིང་ནི་ཀུན་ཏུ་ཡང་།། རིན་ཆེན་ཆར་པ་རབ་ཏུ་འབེབས། ་ཆོས་ཀྱི་བསྡུ་བ་ཅི་འདྲ་བ།། སེམས་ཅན་བླུན་པོས་མི་ཤེས་ཏེ།། བྱང་ཆུབ་ཏུ་ནི་སེམས་བསྔོ་ནས།། ཆོས་ཀྱི་བསྡུ་བ་ཐོབ་པར་འགྱུར།། འདུ་བྱེད་ཐམས་ཅད་སྟོང་པ་སྟེ།། དེ་བཞིན ་ལོས་སྤྱོད་ནོར་ཡང་སྟོང་།། བདག་ཀྱང་སྟོང་པར་མཐོང་བས་ན།། མཐོང་ནས་རེ་བ་མེད་པར་གྱུར།། གནས་བརྟན་སྨན་གྱི་སྡེ་ཁྱེད་ཀྱིས།། བདག་ཅག་རྣམས་ཀྱི་ཚིག་གསོལ་ཅིག། ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕྱིར། ཁྱོད་ཀྱི་ཕོ་ཧར་བཞུད་འཚལ་ལོ།། འཁོར་བའི་ཉེས་པ་རྣམས་དྲན་ནས།། བྱང་ཆུབ ་སེམས་དཔའ་སྐྱོ་བ་མེད།། བརྩོན་འགྲུས་ལྡན་ཞིང་དཀའ་ཐུབ་ཆེ།། ཡོན་ཏན་ཀུན་ཏུ་བསྡད་པར་བྱེད།། སྟོན་དེ་ག་ལ་བཞུགས་པ་བཞུད།། སྟོན་པ་བདེ་བར་རབ་སད་ནས།། ་ང་རྒྱལ་ཆུང་ཟད་མི་སྐྱེའོ།། བདག་ཅག་སླད་དུ་ཞུ་བ་མཛོད།། ཁྱེད་ཀྱིས་བདུད་ནི་གཞོམ་པ་དང་།། སྟོབས་དང་བཅས་པ་ཕམ་པར་བྱས།། སེམས་ཅན་ཐམས་ཅད་ཡོངས་སུ་འཛིན ་པའི།། ཆོས་ཀྱང་མྱུར་དུ་འབབ་པར་བྱས།། གང་གིས་སངས་རྒྱས་འགྱུར་བ་ཡི།། ཆོས་ནི་བདག་ཅག་མ་ཐོས་ཀྱི།། བདག་ཅག་རྣམས་ལ་ཕན་པའི་ཕྱིར།། གནས་བརྟན་མྱུར ་དུ་བཞུད་དུ་གསོལ།། སུམ་བཅུ་རྩ་གཉིས་མཚན་མངའ་བའི།། དེ་བཞིན་གཤེགས་པ་མ་མཐོང་བ།། དེ་སྲིད་བདག་ཅག་མི་རྒྱལ་ཞེས།། ཐམས་ཅད་གུས་དང་བཅས་པར ་གནས།། སྨན་གྱི་སྡེས་སྨྲས་པ།། ཁྱེད་ཅག་ད་ལྟར་ཅི་ཞིག་མཐོང་།། རེ་ཞིག་གྱེན་དུ་ལྟ་བར་བྱོས།། དེ་དག་གྱེན་ཏུ་ལྟས་པ་དང་།། ཁང་པ་བརྩེགས་པ་སུམ་སྟོང་དང་། ་ལྔ་རྒྱ་ཐར་བར་ཆད་པ་ཞིག། ཀུན་ཏུ་ཡང་ནི་གནས་པར་གྱུར།། རིན་ཆེན་བདུན་གྱིས་ཤིན་ཏུ་སྤྲས།། རིན་ཆེན་དྲ་བས་ལེགས་པར་བརྒྱན།། དབུས་ནི་མེ་ཏོག་རབ་ཏུ་རྒྱས། ་ལྷ་རྫས་སྤོས་ཀྱང་རབ་ཏུ་འབབ།། དེ་ན་གནས་བརྟན་བྲིས་པ་ནི།། ཁང་བརྩེགས་རིན་ཆེན་དྲ་བ་དང་།། པད་མ་ཟེ་བ་ཀུན་གནས་པར།། འདི་ན་སྣང་བ་འདི་ཅི་ཞིག། དེ་བཞིན ་སྨན་གྱི་སྡེས་སྨྲས་པ།། གནས་བརྟན་འདི་དག་ནི་ཁྱེད་ཀྱིས།། སངས་རྒྱས་ལྟ་བའི་ཕྱིར་དེང་ཤིག། འཇིག་རྟེན་འདས་རྩོ་གང་ཡིན་པ།། འཇིག་རྟེན་སྣང་བྱེད་དེ་ལ་ཐུད།། དེ་དག་གིས ་སྨྲས་པ།། དེའི་ལམ་ཡང་མ་འཚལ་ཏེ།། དེ་བཞིན་གཤེགས་པའང་མ་མཐོང་ན།། གང་ན་ལམ་ཡང་མ་འཚལ་པས།། ཕྱག་འཚལ་དུ་ནི་གང་དུ་འཆི།། སྨན་གྱི་སྡེས་སྨྲས་པ།། ་ན་མཁའི་མཐའ་ཡས་ཇི་བཞིན་དུ།། རེག་པར་རུང་བ་མ་ཡིན་པས།། བདུད་རྩི་རབ་སྦྱིན་སྟོན་པ་ལ།། ཕྱག་འཚལ་ཕྱིར་ནི་འགྲོ་མི་ནུས།། རེ་ལྟར་རི་རབ་གནས་པ་ལྟར།། སྟོན་པ ་དེ་ཡང་གནས་ན་བཞུགས།། རི་རབ་གཞལ་དུ་རུང་བ་ཡིན།། རྒྱ་མཚོ་ཆེན་པོ་ཏིང་མཛོད་ཟིན།། སྟོན་གསུམ་རྡུལ་ཕྲན་དཔག་ཏུ་རུང་།། སངས་རྒྱས་འབྱུང་བ་ཤེས་མ་ཡིན།། ་བྱང་ཆུབ་སེམས་དཔའ་ཕྱོགས་བཅུ་ནས།། འཇིག་རྟེན་སྣང་བར་མཛད་ལ་འདུད།། སྨྲས་པ།། འཇིག་རྟེན་མགོན་པོ་བདག་ཅག་གཟིགས།། བདག་ཅག་བསམ་པ་རྫོགས་པར ་མཛོད།། བདག་ཅག་སེམས་ཀྱིས་སྟོན་པ་ལ།། ཕྱག་བགྱིས་དེ་ནས་འབྲས་བུ་ཐོབ།། སྨན་གྱི་སྡེས་སྨྲས་པ།། སྟོན་པ་དྲིས་པ་དྲིལ་མི་ཆགས།། ཕྲེང་བ་མ་ཡིན་བྱུག་པ་མིན།། ་གང་གིས་འདུས་བྱས་གྲོལ་འགྱུར་བ།། སེམས་ཅན་རྣམས་ཀྱི་བརྒྱུན་འཛིན་ཏོ།། གང་གིས་ཡིད་ནི་བཏུལ་བྱས་ཤིང་།། སངས་རྒྱས་ལ་ཡང་སྐྱབས་སོང་བ།། དེ་ལ་བདུད་ནི ་མི་ཟད་མཆོག། འཐབ་མོ་རྒོལ་བར་མི་བྱེད་དོ།། འཆི་བའི་དབང་དུ་མི་འགྲོ་ལ།། བཟུངས་ནི་མྱུར་དུ་རྙེད་པར་འགྱུར།། དེ་སེམས་རབ་ཏུ་དང་བྱས་ནས། དེ་ནས་སྟོན་པ་མཐོང་། ་བར་འགྱུར།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀ་ལ་བིང་ཀའི་སྐད་ཡིད་དུ་འོང་བ་འཛུམ་པ་མཛད་དོ།། ་དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ་སྟན་ལས་ལངས་ནས། བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གང་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས། འོད་ཟེར་བརྒྱད་ཁྲི་བཞི་སྟོང་བྱུང་སྟེ། འོད་ཟེར་དེ་དག་གིས་ཐམས་ཅད་དང་ལྡན་པོའི་སྟོང་གསུཾ་ཀྱི་སྟོང ་འཇིག་རྟེན་གྱི་ཁམས་འདི་ཁྱབ་པར་གྱུར། སེམས་ཅན་དམྱལ་བ་ཆེན་པོ་སུམ་བཅུ་རྩ་གཉིས་པོ་ཐམས་ཅད་ཀྱང་ཁྱབ་པར་གྱུར། ལྷའི་གནས་སུམ་བཅུ་རྩ་གཉིས་ཀྱིས་ཀྱང་སྣང ་པར་འགྱུར།། འོད་ཟེར་དེ་དག་ཀྱང་ཁ་དོག་སྣ་ཚོགས་ཤ་སྟག་ལ་འདི་ལྟ་སྟེ། སྔོན་པོ་དང་སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ལེབ་རྒན་དང་། ཤེལ་དང་། དངུལ ་གྱི་ཁ་དོག་ལྟ་བུསྟེ། འོད་ཟེར་དེ་དག་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་བྱུང་ནས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཅན་རྣམས་ལ་བདེ་བ་སྦྱར་བ་བགྱིས་ནས ་སླར་ལོག་སྟེ། བཅོམ་ལྡན་འདས་ལ་ལན་བདུན་བསྐོར་བ་བགྱིས་ནས།། བཅོམ་ལྡན་འདས་ཀྱི་དབུའི་གཙུག་དུ་ནུབ་པར་གྱུར་པའི་འཛུམ་པ་མཛད་པའི་རྒྱུ་གང་ལེགས། རྐྱེན་གང ་ལགས། དེ་ནས་ཡང་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གལ་ཏེ་བདག་ལ ་སྐབས་དབྱེ་བར་གནང་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་ཕྱོགས་འགའ་ཞིག་ཞུའོ།། དེ་སྐད་ཅེས ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། སྨན་གྱི་སྡེ་ཁྱོད་ཅི་དང་ཅི་འདོད་པ་དྲིས་ཤིག ་དང་། ངས་དྲིས་པ་དེ་དང་། དེ་ལ་ལུང་བསྟན་པས་ཁྱོད་ཀྱི་སེམས་རངས་པར་བྱའོ།། གསོལ་པ་བཅོམ་ལྡན་འདས་སེམས་ཅན་གཞོན་ནུ་བྱེ་བ་སྟོང་ཕྲག་སུམ་བཅུ་བྱུང་བ་དེ་དག ་གིས་དེ་བཞིན་གཤེགས་པའི་ཆོས་ཕྲ་བ་བསྟན་པ་རྟོགས་ནས། སེམས་ཅན་རྒན་པོ་རྣམས་ལ་སེམས་ཅན་རྒན་པོ་ཁྱེད་རྣམས་ནི་ཆོས་མི་ཤེས་པའོ།། རྟག་ཏུ་ཆོས་མ་ཡིན་པ་དང ་མི་དགེ་བ་ལ་ཆགས་པའོ།། ཞེས་ཕྲ་མོ་རྣམས་མི་སྙན་པ་མཆི་ཞིང་ཡོངས་སུ་བརྗོད་ལ་གནོད་པར་བགྱིད་ན།། བཅོམ་ལྡན་འདས་དེ་ཅིའི་སླད་དུ། ཚིག་སྙན་པ་ཡིད་དུ་འོང་བ ་འདི་དག་སྨྲས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་དེ་དག་ཅིའི་ཕྱིར་ཚིག་འདི་སྐད་ཅེས་སྨྲས་པ་མི་ཤེས་སམ། དེ་དག་ནི་དེ་བཞིན་གཤེགས་པ་ལ ་འཇམ་ཞིང་ཤིན་ཏུ་སྙན་པར་སྨྲ་ཏེ། ཆོས་ཀྱང་ཐོས་པས་སྨན་གྱི་སྡེ་དེའི་ཕྱིར་དག་ཆོས་ཐམས་ཅད་ཀྱི་དོན་ཁུང་དུ་ཆུད་པར་འགྱུར་ཡོན་ཏན་ཐམས་ཅད་ལྡན་པར་འགྱུར་རོ།། ་དེ་དག་ཐམས་ཅད་གཟུངས་གཏོགས་པར་འགྱུར། དེང་ཕྱིན་ཚངས་བཅུ་ལ་གནས་པར་འགྱུར། དེང་ཆོས་ཉིད་ཀྱི་རྗེ་ཆེན་པོའི་སྒྲ་འབྱིན་པར་འགྱུར། དེད་ཆེན་པོའི་རྣམ་པ་དང ་ལྡན་པར་འགྱུར་རོ།། སྨན་གྱི་སྡེ་ཁང་པ་བརྩེགས་པ་འདི་དག་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ།། ་བདེ་བར་གཤེགས་པ་མཐོང་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། སྨན་གྱི་སྡེ་དེང་ཉིད་སེམས་ཅན་གཞོན་ནུ་འདི་དག་ཁང་པ་བརྩེགས་པ་འདི་དག་གི་ནང་དུ་ཞུག ་ནས་ཆོས་མངོན་པར་རྟོགས་པར་འགྱུར་རོ།། དེང་ཉིད་དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ།། དེང་ཆོས་ཀྱི་རྔ་ཆེན་པོ་རྡུང་བར་འགྱུར་ཏེ། ལྷའི་རིས་དུ་མ ་ཞིག་དེང་ཆོས་མངོན་པར་རྟོགས་པ་ཐོབ་པར་བྱེད་པར་འགྱུར་རོ།། སེམས་ཅན་དམྱལ་བའི་སེམས་ཅན་ལོག་པར་ལྷུང་བ་ལ་གནས་པ་མང་པོ་དག་ཀྱང་དེ་བཞིན་གཤེགས་པའི ་ཡེ་ཤེས་བསྟན་པ་ཐོས་ནས། འཁོར་བ་བསྙིལ་ཏེ། རྒྱལ་བར་འགྱུར་རོ།། དེའི་ཚེ་སེམས་ཅན་རྒན་པོ་བྱེ་བ་སྟོང་ཕྲག་དགྲ་བཅུ་ཐམས་ཅད་ཀྱིས་རྒྱུན་ཏུ་ཞུགས་པའི་འབྲས་བུ ་ཐོབ་སྟེ། དེ་དག་ཐམས་ཅད་ཀྱང་ཆོས་དང་ལྡན་པར་འགྱུར་རོ།། སྨན་གྱི་སྡེ་དེ་དག་ཐམས་ཅད་ནི་སྡུག་བསྔལ་ཐམས་ཅད་ཡོངས་སུ་སྤངས་པར་འགྱུར་རོ།། སྨན་གྱི་སྡེ་དེ་དག་ཐམས ་ཅད་ནི་དེ་བཞིན་གཤེགས་པ་མཐོང་བ་བསྒྲུབ་པར་འགྱུར་རོ།། སྨན་གྱི་སྡེ་དེ་དག་ཐམས་ཅད་ནི་ཆེན་པོའི་སྒྲ་དང་ལྡན་པར་འགྱུར་རོ།། སྨན་གྱི་སྡེ་ཕྱོགས་བཞིར་ལྟོས་ཤིག། བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས་ཕྱོགས་བཞི་ཀུན་ཏུ་བལྟས་པ་དང་ཤར་ཕྱོགས་ནས་བྱང་ཆུབ་སེམས་དཔའ་གང་གའི་ཀླུང་བྱེ་བཅུའི་བྱེ་མ་སྙེད་འོང་། ་ཕྱོགས་ནས་བྱང་ཆུབ་སེམས་དཔའ་གང་གའི་ཀླུང་རྩོ་བྱེ་བ་ཕྲག་དྲུག་བཅུའི་བྱེ་མ་སྙེད་འོང་། ནུབ་ཕྱོགས་ནས་བྱང་ཆུབ་སེམས་དཔའ་གང་གའི་ཀླུང་བྱེ་བ་ཕྲག་བདུན་བཅུའི་བྱེ་མ ་སྙེད་འོང་། བྱང་ཕྱོགས་ནས་བྱང་ཆུབ་སེམས་དཔའ་གང་གའི་ཀླུང་བྱེ་བ་ཕྲག་བརྒྱད་བཅུའི་བྱེ་མ་སྙེད་འོང་།། འོག་གི་ཕྱོགས་ནས་བྱང་ཆུབ་སེམས་དཔའ་གང་གའི་ཀླུང་བྱེ་བ་ཕྲག་དགུ ་བཅུའི་བྱེ་མ་སྙེད་འོང་། སྟེང་གི་ཕྱོགས་ནས་བྱང་ཆུབ་སེམས་དཔའ་གང་གའི་ཀླུང་ཀྱང་བྱེ་བ་ཕྲག་བརྒྱའི་བྱེ་མ་སྙེད་འོང་སྟེ། དེ་དག་ལྷགས་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར ་ཕྱོགས་ཅིག་ཏུ་འཁོད་དོ།། ཕྱོགས་གཅིག་ཏུ་འཁོད་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས་འདི་སྐད་ཅེས་གསོལ་ཏེ། ་བཅོམ་ལྡན་འདས་ན་མཁའ་བར་སྣང་ལ་གཟུགས་ནག་པོ་དང་། གཟུགས་དམར་པོ་གདའ་བ་ཅི་ལགས། བཀའ་སྩལ་པ། སྨན་གྱི་སྡེ་གང་བར་སྣང་ལ་གཟུགས་ནག་པོ ་མཐོང་བ་འདི་ཅི་ཡིན་མི་ཤེས་སམ། དེ་བཞིན་གཤེགས་པས་ནི་མཁྱེན་ཏེ། སྨན་གྱི་སྡེ་འདི་ནི་བདུད་ཡིན་ནོ།། སྨན་གྱི་སྡེ་མཐོང་བར་འདོད་དམ། གསོལ་པ། བཅོམ་ལྡན ་འདས་འཚལ་ལོ།། བདེ་བར་གཤེགས་པ་འཚལ་ལོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་བྱང་ཆུབ་སེམས་དཔའ་གང་གའི་ཀླུང་བྱེ་བ་ཕྲག་བརྒྱའི་བྱེ་མ ་དང་མཉམ་པ་འདི་ས་བུ་ལྤག་སོ།། གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་འདི་ལྷགས་པའི་རྒྱུ་གང་ལགས། རྐྱེན་གང་ལགས། བཀའ་སྩལ་པ། ་སྨན་གྱི་སྡེ་སེམས་ཅན་གཞོན་ནུ་རྣམས་ཀྱི་རྐྱེན་གྱིས་ཏེ། སེམས་ཅན་ཐམས་ཅད་བསམ་ག ་གྱི་ཆོས་དང་ལྡན་པར་འགྱུར་རོ།། སྨན་གྱི་སྡེ་ཁྱོད་ཀྱི་སེམས་ཅན་སྣ་ཚོགས་འདིར་ལྷགས་པ་དང་། རྫུ་འཕྲུལ་གྱི་སྟོབས་ཀྱི་བྱིན་གྱི་རླབས། སྣ་ཚོགས་ཀྱིས་འདིར་ལྷགས་པ་དག་མཐོང་ངམ། ་གསོལ་པ། བདག་གིས་ནི་བྱང་ཆུབ་སེམས་དཔའ་གང་གའི་ཀླུང་བྱེ་བ་ཕྲག་བརྒྱའི་བྱེ་མ་སྙེད་དང་། བྱང་ཆུབ་སེམས་དཔའ་གང་གའི་ཀླུང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་བྱེ་མ་སྙེད་ཅིག ་རྫུ་འཕྲུལ་གྱི་མཐུས་གནས་ཏེ། གཟུགས་སྣ་ཚོགས། ཁ་དོག་སྣ་ཚོགས། དབྱིབས་སྣ་ཚོགས་པ་དག་གནས་ལ། བྱང་ཆུབ་སེམས་དཔའ་དེ་དག་འཕགས་པའི་ཆོས་ཀྱི་གནས་ལ ་གནས་ཏེ། བྱང་ཆུབ་སེམས་དཔའ་དེ་དག་འཕག་པའི་ཆོས་ཀྱི་གནས་ཏེ། བྱང་ཆུབ་སེམས་དཔའ་དེ་དག་འཁོར་དང་བཅས་ནས། ཆོས་ཀྱི་གནས་ལ་གནས་པ་མཐོང་ངོ་།། ་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་དཔའ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན ་གྱི་སྡེ་དང་། བྱང་ཆུབ་སེམས་དཔའ་གསེར་རྙིང་དེ་དག་ཀུན་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི ་འཇིག་རྟེན་ཡི་རང་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་ཟུང་གི་མདོ་ཆོས་ཀྱི་རྣམ་གྲངས་རྫོགས་སྷོ།། རྒྱ་གར་གྱི ་མཁན་པོ་འཛིན་མི་ཐ་དང་། དན་ཤཱི་ལ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་ཡེ་ཤེས་སྡེ་བསྒྱུར་ཅིང་། ཞུས་ཏེ། སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ།། ་