CLOSE WINDOW

F121: 'phags pa yongs su bsngo ba'i rgyal po chen po sngags dang bcas pa
Wyliee-texts produced with BDRC’s OCR application

རངས་ཏེ། བཅོམ་ལྡན་འདས་ཀྱི་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་ཆོས་ཀྱི་ཕྱག་བརྒྱ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སྷོ།། ་། རྒྱ་གར་སྐད་དུ། ཨཱརྱ་མ་ཧ་བི་ར་མ་ནར་ཛ་ས་མན་ཏྲ་ཀ། བོད་སྐད་དུ། འཕགས་པ་ཡོངས་སུ་བསྔོ་བའི ་རྒྱལ་ལ་ས་ས་སམས་པ ་མཆོད་པག་མེད་པ། སངས་རྒྱས་དམ་ཆོས་འཕགས་པ་ཡི། དགེ་འདུན་དུས་གསུམ་བཞུགས་པ་རྣམས། མ་ལུས་པ་ལ་སྐྱབ་སུ་མཆི།། མི་དགེ་ཐམས་ཅད་བཤགས་པ ་བགྱི།། འགྲོ་བའི་དགེ་ལ་རྗེས་ཡིད་རང་།། ཆོས་ཀྱི་འཁོར་ལོ་རབ་བསྐོར་བར།། རྫོགས་སངས་རྒྱས་ལ་བསྐུལ་མ་འཚལ།། ཀུན་མཁྱེན་སྤྱན་གྱིས་གཟིགས་པ་ཡི།། ་བདག་དགེ་ཆུང་འང་གང་མཆིས་པ། དེས་ནི་གཏན་དུ་བྲལ་བ་དག། ཐམས་ཅད་ཉེ་བར་ཞི་གྱུར་ཅིང་།། རྣམ་པ་ཀུན་མཆོག་ལྡན་པ་ཡི།། སྟོང་པ་ཤེས་པའི་ཏིང་ངེ ་འཛིན།། བྱང་ཆུབ་བར་གྱི་ཚེ་རབས་སུ།། རྟག་ཏུ་དེ་དང་ལྡན་པར་ཤོག། རྣམ་པར་མི་རྟོག་ལྷུན་གྱིས་གྲུབ།། རྟག་ཏུ་མཉམ་པར་གཞག་གྱུར་ཅིང་།། ཟླ་ཉི་ནོར་བུ་རོལ་མོ ་ལྟར།། སེམས་ཅན་དོན་ལ་འཇུག་པར་ཤོག། ཇི་ལྟར་རྒྱལ་བ་མཁས་པ་རྣམས།། ཤེས་རབ་ཕ་རོལ་ཕྱིན་ཐབས་བསྔོ།། དེ་ལྟར་བདག་གི་དཀར་པོ་རྣམས། ་བྱང་ཆུབ་ཏུ་ནི་བསྔོ་བར་བགྱི།། དཀོན་མཆོག་གསུམ་ལ་དམིགས་པ་ཡི།། བདག་གི་ལུས་ངག་དྲུགེ་དང་།། སྦྱིན་པ་ཚུལ་ཁྲིམས་བཟོད་བརྩོན་འགྲུས།། བསམ ་གཏན་ཤེས་རབ་ལས་བྱུང་གང་།། དེ་དག་གྱིས་བདག་ཉིད་ནི།། ཚངས་པར་སྤྱོད་པ་ལྡན་པ་དང་།། འཇིག་རྟེན་ཀུན་གྱི་བསྟན་པ་ལ།། རབ་བྱུང་མངོན་དགའ་དབང་ལྡན ་ཞིང་།། སངས་རྒྱས་ཀུན་གྱིས་གསུང་རབ་ཀྱི།། གཞུང་དོན་ཚིག་ལ་མཁས་གྱུར་ནས།། དམ་ཆོས་ཡོངས་སུ་འཛིན་པ་དང་།། ལུས་དང་སྲོག་ལ་དགའ་མེད་ཤོག། བདག ་འགུམ་པའི་དུས་བགྱིད་ཚེ།། ཕྱིན་ཅི་མ་ལོག་ཡིད་ཀྱིས་སུ།། སངས་རྒྱས་ཚེ་དཔག་མེད་མཐོང་ནས།། འདི་ནས་བདེ་བ་ཅན་དུ་མཆི།། བདུད་ཀྱི་སྤྱོད་ཡུལ་མངོན་གྱུར་ཚེ།། ་དྲང་སྲོང་ཆེན་པོ་ཆེ་དཔག་མེད།། རྟག་ཏུ་སྟོན་པ་མཛད་གྱུར་ཅིང་།། ས་བཅུ་ཐོབ་ནས་དེ་དག་གི། རྣམ་པར་དག་པའི་རིམས་པ་ཡིས།། བྱང་ཆུབ་དམ་པ་ཐོབ་པར་ཤོག ་སངས་རྒྱས་ཀུན་དུ་བཟང་པོ་ཉིད་ཐོབ་ནས།། བག་ཆགས་བཅས་པ་ཉེས་བསགས་རྩ་ནས་བཏོན།། ཡེ་ཤེས་སྒྲིབ་མེད་སྙིང་རྗེར་ལྡན་ནས་སུ།། འགྲོ་བ་རྣམས་ལ་སྐྲ ་དང་བདེ་བ་བགྱི།། ཕྱོགས་བཅུའི་འཇིག་རྟེན་མཐའ་ཡས་ན།། ཤེས་བྱའི་དོན་མ་ལུས་པར་ཁྱབ་པའི་བློ་མངའ་བ།། ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་དང་། ་བྱང་ཆུབ་སེམས་དཔའ་རྒྱ་མཚོ་རྙེད་ལ་ཕྱག་འཚལ་ལོ།། སེམས་ཀྱི་རྙོག་པ་གཉིས་གསལ་ནས་དང་པོར་ནི།། ཤཱཀྱའི་རྒྱལ་པོ་ཐུབ་ལ་སྤྱི་བོས་ཕྱག་འཚལ་ལོ།། བདེ་བ་ཅན ་ན་བཞུགས་པའི་རྒྱལ་པོ་འོད་དཔག་མེད།། བླ་མ་ལ་ཡང་དགའ་དང་གུས་པས་མདུད་པར་བགྱི།། གང་ཞིག་ཕྱོགས་ཀུན་ད་ལྟར་བྱུང་བ་ཡི།། འགྲོ་ལ་བྱམས་པའི་སངས ་རྒྱས་ངེས་པར་བཞུགས་རྣམས་དང་།། འདས་དང་ཕྱིས་འབྱུང་རྒྱལ་བ་ཐམས་ཅད་ལ།། བདག་ནི་དགའ་བའི་ཡིད་ཀྱིས་ཡང་དག་མཆོད་པར་བགྱི།། འདི་ལྟ་སྟེ། ཡང་དག ་པར་རྫོགས་པའི་སངས་རྒྱས་ཉི་ཟླ་སྒོན་མ་དང་། སྐུ་མཆོག་གསེར་འོད་དང་། བདེན་པའི་དབྱངས་དང་། ལྷུན་པོ་བཟང་པོ་དང་། ་ལྷུན་པོ་ཆེན་པོ་དང་། དབང་པོའི་འབྱུང་གནས་དང་། པདྨའི་དབྱངས་དང་། ཕྱག་བཟང་དང་། འོད་ཀྱི་ཏོག་དང་། མཆོག་གི་གནས་དང་། རིན་ཆེན་ཟླ་འོད་དང་། དཔའ ་བའི་སྡེ་དང་། ཀུན་ནས་སྣང་བ་དང་། རྣམ་དག་གཞལ་དང་། རིན་ཆེན་ཏོག་དང་། མདོག་བཟངས་འབྱུང་གནས་དང་། ས་ལའི་རྒྱལ་པོ་དང་། རྣམ་དག་འོད་དང་། ་བདེ་མཛད་རྒྱལ་པོ་དང་། ཀུན་ནས་སྣང་བ་དང་། ལྷུན་པོ་བཟང་པོ་གསལ་བ་དང་། འོད་ཀྱི་དཀྱིལ་འཁོར་བ་དང་། དཀོན་མཆོག་བརྩེགས་དང་། ཀུན་ནས་འོད་དང་། ་དཔལ་རྩེགས་དང་། དཀོད་པ་ཆེན་པོ་དང་། སྦྱངས་གསལ་དང་། བཻ་དཱུརྱ་དང་། དབང་པོའི་རྒྱལ་མཚན་དང་། ཐོབ་པའི་སྡེ་དང་། རབ་ཏུ་ལྷན་ནེ་དང་། འོད་མཛེས་དང་། ་མེ་ཏོག་ཚེམས་དང་། སྤྱན་བཟང་དང་། ཤིན་དུ་བཟང་པོ་དང་། འོད་བཟང་སྒྲོན་མ་དང་། དགོངས་པ་རྣམ་དག་དང་། ཆོས་ཀྱི་འོད་ཟེར་དང་། བརྩོན་འགྲུས་ཆེ་ལྡན་དང་། པདྨའི ་སྙིང་པོ་དང་། ལྷག་པར་དགོངས་པ་བརྟན་པ་དང་། རྡོ་རྗེའི་དང་ལེགས་པར་འཁྲུགས་དང་། ཚུལ་བཟངས་དང་། དབྱངས་སྙན་དང་། ཡོན་ཏན་དཔལ་འོད་དང་། འཇིག ་རྟེན་ཏོག་དང་། མདོག་བཟངས་གསལ་བ་དང་། རྟག་ཏུ་བརྩོན་དང་། ཙན་དན་ཟླ་འོད་དང་། རྒྱས་པའི་དཔལ་དང་། རྒྱ་མཚོ་དང་། དབང་པོ་ཆེན་པོ་དང་། རྒྱལ་བའི ་དབང་པོ་དང་། འོད་བཀོད་པ་དང་། བརྩོན་འགྲུས་སྦྱངས་པ་དང་། ཀུན་དུ་སྒྲོན་མ་དང་། གསུང་བ་ཆེན་པོ་དང་། རྡོ་རྗེའི་སྙིང་པོས་རབ་ཏུ་འཇོམས་པ་དང་། དྲང་སྲོང་ལྔ ་དང་། མེའི་འོད་དང་། ཡིད་དུ་འོང་བ་དང་། རྣམ་འཇོམས་དང་། ཏོག་ཆེན་པོ་དང་། ཤིན་དུ་འཐོར་གཤེགས་དང་། ཕན་པར་བཞེད་དང་། དྲང་སྲོང་ཆེན་པོ་དང་། རྣམ ་བར་གཟིགས་དང་། གཙུག་ཏོར་ཅན་དང་། ཐམས་ཅད་སྐྱོབ་དང་། འོད་སྲུང་དང་། གསེར་མདོག་ཅན་དང་། གཟི་བརྗིད་མཆོག་དང་། མཐོ་བ་དང་། བཀྲ་ཤིས་དང་། ་རིན་ཆེན་གྲགས་པ་དང་། གཟི་བརྗིད་འོད་དང་། རྣམ་པར་སྣང་མཛད་དང་། དོན་ཡོད་གཟིགས་དང་། དབང་པོའི་ཏོག་དང་། གྲགས་པ་དང་། སྣང་མཛད་དང་། བེའུ ་བློ་གྲོས་དང་། སྐར་རྒྱལ་དང་། སྐྲག་དང་། འོད་འབར་དང་། རིན་ཆེན་མཆོད་སྡོད་དང་། འབར་བའི་ཏོག་དང་། ཐུགས་བཞུགས་དང་། རང་བཞིན་དབང་པོ་དང་། ་སྤྱན་དག་དང་། ཟླ་མཆོག་དང་། བདེན་པའི་ལྷ་དང་། དྲང་སྲོང་སྦས་པ་དང་། ཐུབ་པ་དང་། ཚངས་པའི་དབྱངས་དང་། ཀུན་དུ་ཞལ་དང་། མ་སྨད་པ་དང་། བདུད ་འཇོམས་དང་། ལྷའི་རྒྱལ་པོ་དང་། ལེགས་བོན་དང་། གཟི་བརྗིད་བཟང་པོ་དང་། ཚོགས་ཀྱི་དབང་པོ་དང་། ཤིན་དུ་རྣམ་པར་གནོན་པས་གཤེགས་པ་དང་། ་བསམ་ཡས་འོད་དང་། ཟླ་བའི་རྒྱལ་པོ་དང་། བདེ་བ་ཆེ་ཐོབ་དང་། སྣང་བར་འགྱུར་བ་དང་། རྒྱ་མཚོ་ཆེན་པོ་དང་། མི་འཁྲུགས་པ་དང་། དབང་པོའི་མཆོག་དང་། མེ ་ཏོག་ཏོག་དང་། དེད་དཔོན་ཆེན་པོ་དང་། རྣམ་པར་རྒྱལ་བྱེད་དང་། མེ་ཏོག་བཟང་པོ་དང་། གཤེས་གཉེན་བཟང་པོ་དང་། རྒྱུ་སྐར་བཟང་པོ ་དང་། ཉི་མའི་སྙིང་པོ་དང་། ཚོགས་ཀྱི་དཔལ་དང་། ནོར་གྱི་དཔལ་དང་། སྣང་བ་བཟང་པོ་དང་། འོད་དཔག་མེད་དང་། རྣམ་པར་འཕྲུལ་པའི་དཔལ་དང་། ཡེ་ཤེས་སྤྲས་དཔ ་དང་། ཚེ་དཔག་མེད་དང་། དབྱངས་དཔག་མེད་དང་། པདྨའི་དབྱངས་དང་། པདྨའི་སྡེ་དང་། དཔེ་སྡེ་དང་། མཚོན་ཆ་དཔའ་བསྟན་པའི་སྡེ་དང་། ཉོན་མོངས་སྤོང་དང་། ཤིན་ཏུ ་ཡོངས་སུ་དག་པ་དང་། ཤིན་དུ་དྲི་མེད་འབར་བའི་ཏོག་དང་། ཐུགས་དམ་ཀུན་ཆུབ་ཐེ་ཚོམ་གཅོད་པ་དང་། ཀུན་དུ་རྣམ་པར་སྣང་མཛད་རྣམ་དག་བརྙེས་པ་དང་། ཀུན་དུ ་ཡོན་ཏན་རྣམ་གནོན་དང་། ཀུན་དུ་ཡོན་ཏན་འབྱུང་བ་དང་། དེ་བཞིན་བཅོམ་ལྡན་འདས་རིན་པོ་ཆེ་སྣང་བ་རྣམ་པར་གནོན་པའི་བསམ་གྱིས་མི་ཁྱབ་པ་དང་། རིན་པོ་ཆེ་གསལ ་བ་དང་། རིན་པོ་ཆེ་མང་པོ་དང་། དེ་ལ་སོགས་པ་སྐྱེ་བ་མེད་པ་དང་། འགག་པ་མེད་པའི་ཆོས་དང་ལྡན་པས། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཡང་དག ་པར་རྫོགས་པ་རྣམ་དང་། སེམས་ཅན་ཐམས་ཅད་ཀྱིས་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ་སྐྱབསུ་མཆིའོ།། དེ་བཞིན་དུ་བཅོམ་ལྡན་འདས་དེ་དག་གིས་ཆོས་སྤྲོས་པ་མེད ་པ་ཡི་གེ་མེད་པ། འཕགས་པ་རྣམས་ཀྱི་སོ་སོ་རང་བ་རིག་པར་བྱ་བ། སེམས་ཅན་མེད་པ། སེམས་ཅན་གྱི་རྡུལ་དང་བྲལ་བ། བདག་མེད་པ། འདོད་ཆགས་ཀྱི་རྡུལ་དང་བྲལ ་སྲོག་མེད་པ། སྐྱེ་བ་དང་། འཆི་བ་དང་བྲལ་བ། གང་ཟག་མེད་པ། སྔོན་གྱི་མཐའ་ཉེ་བར་ཞི་བའི་མཚན་ཉིད་དང་ལྡན་པ། འདོད་ཆགས་དང་བྲལ་བ། དམིགས་པ་མེད་པའི ་ཚུལ་དང་། ཡི་གེ་མ་ཡིན་པ། ངག་ཐམས་ཅད་པ། བརྗོད་དུ་མེད་པ། རྦ་བརླབས་ཅད་དང་བྲལ་བ། ཐམས་ཅད་ཀྱི་རྗེས་སུ་འགྲོ་བ། ནམ་མཁའ་དང་འདྲ་བ། ཁ་དོག ་མེད་པ། རྟགས་དང་དབྱིབས་དང་། རྒྱུ་བ་ཐམས་ཅད་དང་བྲལ་བ། བདག་མེད་པ། བདག་ཏུ་འཛིན་པ་དང་བྲལ་བ། རྣམ་པར་རིག་པ་མེད་པ། སེམས་དང་ཡིད་དང་རྣམ ་པར་ཤེས་པ་དང་བྲལ་བ། ཟླ་མེད་པའི་ཕྱིར་འདྲ་བ་མེད་པ། རྒྱུའི་མཚན་ཉིད་དང་བྲལ་བ། རྐྱེན་གྱིས་སྒྲོ་བཏགས་པ་མེད་པ། ཆོས་ཀྱི་དབྱིངས་དང་མཉམ་པ། ཆོས ་ཐམས་ཅད་མཉམ་པར་གཞག་པ། འགྲོ་བ་མེད་པའི་ཚུལ་གྱིས་དེ་བཞིན་ཉིད་ཀྱི་རྗེས་སུ་སོང་བ། ཤིན་དུ་གཡོ་མེད་པའི་ཕྱིར། ཡང་དག་པའི་མཐའ་ལ་གནས་པ། ་ཡུལ་དྲུག་ལ་གནས་པ། མེད་པའི་ཕྱིར་མ་གཡོས་པ། གནས་མེད་པའི་ཕྱིར་གར་ཡང་འོང་བ་དང་འགྲོ་བ་མེད་པ་སྟོང་པ་ཉིད་ལ་མཉམ་པར་གཞག་པ། མཚན་མ་མེད ་པས་རབ་ཏུ་ཕྱེ་བ། སྨོན་པ་མེད་པའི་མཚན་ཉིད་ཅན་རྟོག་པ་དང་། སེལ་བ་དང་བྲལ་བ། གཞག་པ་དང་གདེག་པ་མེད་པ། སྐྱེ་བ་དང་། འཇིག་པ་དང་བྲལ་བ། ཀུན་བཅི ་མེད་པ། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ལས་ཡང་དག་པར་འདས་པ། མཐོ་བ་མེད་ཅིང་དམའ་བ་མེད་པ། གཡོ་བ་མེད་པར་གནས ་པ་བརྙེས་པང་སྤྱོད་པ་ཐམས་ཅད་དང་བྲལ་བ། མདོར་ན་ཡང་དག་པ་སྐྱེ་བ་མེད་པ། བསྐྱེད་པ་མེད་པ། སྐྱེས་པ་མེད་པ། འགགས ་པ་མེད་པ། འགག་པ་མེད་པ། འདུས་མ་བྱས་པའི་ཆོས་དེ་ལ། ལུས་ཐམས་ཅད་ཀྱིས་ཕྱག་འཚལ་ནས། བསམ་པ་དང་ལྷག་པའི་བསམ་པ། རུས་པའི་ཁོང ་ནས་དགའ་བ་དང་། རྐང་པའི་ཁོང་ནས་དགའ་བའི་སེམས་ཅན་ཐམས་ཅད་ཀྱིས་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ་སྐྱབསུ་མཆིའོ།། དེ་བཞིན་དུ་ཐོགས་པ ་མེད་ཅིང་ཆད་པ་མེད་པའི་སྤོབས་པ་དང་ལྡན་པ། བཅོམ་ལྡན་འདས་དྲི་མ་མེད་པར་གྲགས་པ་དེ་ལ་སྐྱབསུ་མཆིའོ།། དེ་བཞིན་དུ་རྡོ་རྗེའི་ལྟེ་བ་དང་། རྡོ་རྗེའི་བདེ ་དང་། ལྷའི་བུ་རྒྱན་ལྗོན་པ་དང་། སྤོས་ཀྱི་གླང་པོ་དང་། བདེན་པ་པོ་དང་། ཡེ་ཤེས་ཏོག་དང་། ཆོས་ཀྱི་ཏོག་དང་། ཟླ་བའི་ཏོག་དང་། ཉི་མའི་ཏོག་དང་། མཐའ ་ཡས་ཏོག་དང་། ཚིག་མེད་པ་དང་། བརྗོད་དུ་མེད་པ་དང་། དམིགས་པ་མེད་པ་དང་། རྩོམ་པ་མེད་པ་དང་། དཔལ་ཆེན་པོ་དང་། སྟོབས་མཆོག་དང་། སྒྲོན ་མ་སྟེ། དེ་དག་ལ་སོགས་པ་སྔོན་བྱུང་བ་དང་། ཕྱིས་འབྱུང་བའི་རྒྱལ་བ་གང་དག་ཡོན་ཏན་གྱི་ཀླུང་དཔག་ཏུ་མེད་པར་འགྱུར་བ། འཁོར་བའི་ཆུ་བོའི་འདམ་རྫབ་ལས ་ཡང་དག་པར་རྒལ་བ། གཏོང་བ་དང་ལྡན་ཞིང་ཚུལ་ཁྲིམས་དང་རྣམ་པར་དག་པ་ལ་བཟོད་པ་ཆེན་པོའི་མཆོག་དང་ལྡན་པ། བརྩོན་འགྲུས་སྦྱངས་ཤིང་སྙིང་པོ་གཡོ ་བ་མི་མངའ་བའི་བསམ་གཏན་ཆེན་པོ་དང་ལྡན་པ། མཁྱེན་རབ་རྣོ་བ། ཐོགས་པ་མེད་པ་དང་ལྡན་པ། སེམས་ཅན་ལ་ཐུགས་རྗེ་དང་ལྡན་པ། ཚོགས་ཀྱང་རྫོགས ་པའི་བྱང་ཆུབ་ཀྱི་ཐུགས་སྐྱེ་བ་རབ་ཏུ་འབྱུང་བ། འཇིག་རྟེན་ཐམས་ཅད་ལ་ཐུགས་བརྩེ་བ། དེ་ལ་དོན་མངོན་པར་བརྩོན་པ། སེམས་ཅན་གྱི་སྲིང་པོ་སྐྱེ་དགུ་ལ་བྱམས ་པ། གཡོ་བ་མི་མངའ་བ། དགའ་བ་མི་མངའ་བ། ཆགས་པ་མི་མངའ་བ། བྱམས་པའི་ཐུགས་ཀྱི་བདག་ཉིད་ཅན། ལྷའི་ཡང་ལྷ་དང་། མི་མཆོག་གིས་བརྗེད ་པ། ལྷ་ཡི་ཡང་ལྟ་སྟེ། རྒྱལ་བ་དེ་རྣམས་བདག་གི་ལུས་དང་། ངག་དང་སེམས་གུས་པ་རྣམ་པ་དུ་མས་ཕྱག་འཚལོ།། རྒྱལ་བ་དེ་རྣམས་ཀྱིས་བདག་སྡིག་པ་ལས ་རྣམ་པ་ཐམས་ཅད་དུ་སྐྱབ་ཏུ་གསོལ། སྡུག་བསྔལ་དུ་མས་གདུགས་པའི་སེམས་ཅན་ཐམས་ཅད་ཀྱང་རབ་ཏུ་བརྩོན་པས་དྲང་དུ་གསོལ། ཐུགས་རྗེ་ཆེན་པོ་དང་ལྡན ་པས་བདག་ཀྱང་ངན་འགྲོ་དག་ལས་དྲང་ཞིང་། དེ་བཞིན་དུ་རྫོགས་པའི་བྱང་ཆུབ་ལ་མྱུར་དུ་བཞག་ཏུ་གསོལ། དྲང་སྲོང་ཆེན་པོ་རྣམས་ཀྱི་མཚན་བརྗོད་པའི་དགེ་བ་དག ་གིས་སྒྲུབ་པ་གང་ལགས་པ། དེ་ཡིས་བདག་ནི་ཚེ་རབས་ཐམས་ཅད་དུ། ཐུབ་དབང་དེ་དང་ལྷན་ཅིག་འགྲོགས་པར་ཤོག། ཆོས་དང་ཟང་ཟིང་མཆོད་པས་བདེ་བར ་གཤེགས། དེ་ལ་ཉོན་མོངས་མེད་པར་བདག་གིས་མཆོད། མཆོད་པ་བགྱིས་ཤིང་ལམ་གཉིས་ལ་བརྟེན་ནས། འགྲོ་བ་རྫོགས་པའི་སངས་རྒྱས་ཉིད་གྱུར་ཅིག། ་དེ་བཞིན་གཤེགས་པ་དེ་དག་གིས་མཚན་ཐོས་པ་དང་། མོས་པ་དང་། འཛིན་པ་དང་། འཆང་བ་དང་། ཡོངས་སུ་སྒྲགས་པས། སྒྲིབ་པ་ཐམས ་ཅད་ཡོངས་སུ་ཟད་པར་གྱུར། ངན་འགྲོའི་འཇིགས་པ་ཐམས་ཅད་ལས་ཀྱང་ཐར་བར་འགྱུར། བླ་ན་མེད་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡང་ངེས་པར་འགྱུར་རོ།། ཆོས་ཀྱི ་དབྱིངས་ཀྱིས་བླས་པ་ན་མཁའི་ཁམས་ཀྱི་མཐས་བཏུགས་པའི་ཕྱོགས་ཐམས་ཅད་ན་དུས་གསུམ་ལྷག་མ་མེད་ཅིང་ལུས་པ་མེད་ལ་མ་ལུས་པའི་སངས་རྒྱས་བཅོམ་ལྡན་འདས ་དེ་བཞིན་གཤེགས་པའི་སྤྱན་ལྔས་ཐུགསུ་ཆུད་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་བས་ཕྱག་འཚལ་ལོ།། སངས་རྒྱས་བཅོམ་ལྡན་འདས་དང་། བྱང་ཆུབ ་སེམས་དཔའ་དེ་དག་ཐམས་ཅད་བདག་ལ་དགོངསུ་གསོལ། བདག་མིང་འདི་ཞེས་བྱ་བ། བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཐུགས་རྗེ་ཆེན་དང་ལྡན་པ། བྱམས་པ་དང་ལྡན་པ་ཕན་པར་གཞེད་པ། ཐུགས་བརྩེ་བ་ཅན་སྐྱེ ་བ་མེད་པ་དང་། འགག་པ་མེད་པའི་ཆོས་དང་ལྡན་པ། དེ་ལ་ལུས་ཐམས་ཅད་ཀྱིས་ཕྱག་འཚལ་ནས་བསམ་པ་དང་ལྷག་པའི་བསམ་པ་རུས་པའི་ཁོང་ནས་དགའ་བ ་དང་། རྐང་གི་ཁོང་ནས་དགའ་བའི་སེམས་ཅན་ཐམས་ཅད་ཀྱིས་སྐྱབ་སུ་མཆིའོ།། དེ་བཞིན་དུ་བཅོམ་ལྡན་འདས་མྱ་ངན་ལས་མི་འདའ་བ་དེ་དང་། རྟག་ཏུ་མྱ་ངན་ལས ་འདས་པ་དང་། བསྲེག་ལུགས་གསོལ་བ་དང་། དེ་བཞིན་དུ་མཆོག་དགའ་དང་། མཆོག་གི་འབྱུང་གནས་དང་། དབང་པོའི་གནས་དང་། མར་མེ་མཛད་དང་། སེད ་གེ་སྒྲ་དང་། མདོག་བཟང་འབྱུང་གནས་དང་། རིན་ཆེན་འབྱུང་གནས་དང་། རིན་ཆེན་བླ་མ་དང་། རིན་ཆེན་ཟླ་བ་དང་། རིན་ཆེན་འབྱུང་དང་། རིན་ཆེན་སྣང་བ་དང་།། ་རིན་ཆེན་ཏོག་དང་། རིན་ཆེན་གསལ་བ་དང་། རིན་ཆེན་རབ་གསལ་དང་། རིན་ཆེན་མང་དང་། རིན་ཆེན་མུ་ཁྱུད་དང་། རིན་ཆེན་པདྨས་རྣམ་པར་གནོན་པ་དང་། ་རིན་ཆེན་མེད་དང་། རིན་ཆེན་མེའི་འཁོར་དང་། རིན་ཆེན་ཀུན་གྱིས་སྐུ་རྒྱན་ལྡན་པ་དང་། དགྲ་ལས་རྒྱལ་བ་དང་། སའི་སྟོབས་ཀྱི་ཤུགས་མངའ་བ་དང་། ་པད་མའི་མཆོག་དང་། སྐུ་མཆོག་དང་། ཟླ་མཆོག་དང་། ཆོས་མཆོག་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བརྗོད་ཀྱིས་མི་ལང་བ་དང་། རྣམ་པར ་རྟོག་པ་མེད་པ་དང་། དཔག་ཏུ་མེད་པ་དང་། རིན་ཆེན་མཐའ་ཡས་དང་། རིན་ཆེན་མཐའ་ཡས་དྲི་མ་མེད་པ་དང་། ཕྱག་མཐའ་ཡས་པ་དང་། གྲགས་པ ་པ་མཐའ་ཡས་དང་། གྲགས་པ་ཆེན་པོ་དང་། བདེ་བྱེད་ཆེན་པོ་ཐོབ་དང་། མཐུ་ཆེན་བརྩོན་འགྲུས་ངེས་འབྱུང་དང་། ཡོན་ཏན་ཆེར་བགྲང་དང་། དཔག་མེད ་དབྱངས་དང་། བདེན་པའི་དབྱངས་དང་། རྣམ་པར་རྒྱལ་བའི་དབྱངས་དང་། ཟླ་བའི་དབྱངས་དང་། པདྨའི་དབྱངས་དང་། སེང་གེའི་དབྱངས་དང་། སེང་གེའི་སྒྲ་སྨོམ ་དང་། རྡོ་རྗེའི་སྒྲ་སྒྲོགས་དང་། རྡོ་རྗེའི་སྙིང་པོས་རབ་ཏུ་འཇོམས་པ་དང་། ཟླ་འོད་དང་། ཉི་འོད་དང་། སྐར་འོད་དང་། དག་པའི་འོད་དང་། ་བདུད་རྩིའི་འོད་དང་། སྤྲུལ་པའི་འོད་དང་། རིན་ཆེན་དཔག་མེད་སྤྲུལ་པའི་འོད་དང་། གྲོལ་བའི་འོད་དང་། ཡོངས་སུ་དག་པའི་འོད་དང་། རྣམ་པར་རྟོག་མེད་སྐར ་འོད་དང་། སྐར་མ་སྒྲོན་མ་དང་། འཇིག་རྟེན་སྒྲོན་མ་དང་། ན་མཁའ་ཆོས་ཀྱི་སྒྲོན་མ་དང་། ཟླ་ཉིའི་སྒྲོན་མ་དང་། ཟླ་བ་སྒྲོན་མ་དང་། ཟླ་འོད་དང་། དྲི་མེད་བླ ་དང་། དྲི་མེད་གསལ་བ་དང་། གསེར་མདོག་གསལ་བ་དང་། གསེར་མདོག་སྣང་བ་དང་། གསེར་མདོག་རིན་ཆེན་གསལ་བ་དང་། དཔག་མེད་སྤོས་སྣང ་དང་། སྤོས་ཀྱི་ཞལ་དང་། ཀུན་ནས་སྤོས་པ་དང་། ཚངས་དབྱངས་རྒྱལ་པོ་དང་། ཀླུའི་དབང་ཕྱུག་རྒྱལ་པོ་དང་། དཔལ་གྱི་སྙིང་པོ་བརྩེགས་པ། སྒྲ་སྒྲགས ་རྒྱལ་པོ་དང་། གློག་གི་སྒྲོན་མ་ཏོག་གི་རྒྱལ་པོ་དང་། དགེ་བ་རོབ་གནས་གཏེར་གྱི་རྒྱལ་པོ་དང་། བདུད་རྩི་དམ་པ་ལེགས་བྲལ་རྒྱལ་པོ་དང་། བཟང་པོ་ཏིག་གི ་རྒྱལ་མཚན་རྒྱལ་པོ་དང་། མེ་ཏོག་ཀུན་གྱི་དྲིའི་དབང་ཕྱུག་རྒྱལ་པོ་དང་། རྔ་སྒྲའི་རྒྱལ་པོ་དང་། ས་ལའི་རྒྱལ་པོ་དང་། དེ་བཞིན་དུ་བཅོམ་ལྡན་འདས་མི་འཁྲུགས ་བ་དེ་དང་། འོད་ཆེན་དང་། སྙིང་པོ་ཟིལ་གྱིས་གནོན་དང་། མེ་ཏོག་ཟིལ་གྱིས་གནོན་དང་། ལྷུན་པོ་དང་། ལྷུན་པོ་ཆེན་པོ་དང་། ལྷུན་པོ་བཟང་པོ་ལྟ་བུ་དང་། ལྷུན ་ཤིན་ཏུ་ལྷུན་པོ་དང ་པོ་བཟང་པོས་རྣམ་པར་གནོད་པ་དང་། ནམཁའིའ་གསལ་བ་དང་། ཟླ་འི་གསལ་བ་དང་། མེ་གསལ་བ་དང་། དཔལ་གྱི་སྙིང་པོ་ནོར་བུ་གསལ་བ་དང་། བདུད་རྩི ་སྤྲོས་གསལ་དང་། ཟླ་མཆོག་དཔལ་དང་། མཐའ་ཡས་དཔལ་དང་། རིན་པོ་ཆེ་འདུས་པའི་དཔལ་དང་། རིན་པོ་ཆེའི་ཕྱིར་མི་ལྡོག་པའི་མཐུ་ལ་གནས་པའི་དཔལ ་དང་། རིན་པོ་ཆེ་དག་པ་འབྱུང་བའི་དཔལ་དང་། བཻ་དཱུརྱའི་སྙིང་པོ་མཆོག་གི་དཔལ་དང་། ཁྲེལ་ཡོད་དཔག་མེད་གསེར་མཆོག་བཀོད་པའི་དཔལ་དང་། ཏ་ལའི་རྒྱལ་པོ། ་ལྟར་འཕགས་པའི་དཔལ་དང་། ལྗོན་པ་རྣམ་པར་འཕེལ་བའི་དཔལ་དང་། སྤྱོད་པ་གྲངས་མེད་པ་ལ་ཡང་དག་པར་གནས་པའི་དཔལ་དང་། དོན་ཡོད་དཔལ་དང་། ་དོན་ཀུན་གྲུབ་པའི་དཔལ་དང་། པདྨ་མཆོག་གིས་བུད་མེད་གྱུར་པ་དང་། སྐར་མའི་རྒྱལ་མཚན་དང་། རི་རབ་རྒྱལ་མཚན་དང་། མེ་ཏོག་རྒྱལ་མཚན་དང་། ཆགས ་མེད་རྒྱལ་མཚན་དང་། དེ་དག་ལ་སོགས་པ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་ཚོགས་ཀྱི་མཆོག་ལ། ལུས་ཐམས་ཅད་ཀྱིས་ཕྱག་འཚལ་ནས། བསམ་པ ་དང་། ལྷག་པའི་བསམ་པ། ཁ་རུས་པའི་ཁོང་ནས་དགའ་བ། རྐང་གི་ཁོང་ནས་དགའ་བའི་སེམས་ཐམས་ཅད་ཀྱིས་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ་སྐྱབས ་མཆིའོ།། དེ་བཞིན་གཤེགས་བཞི་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ།། ཏདྱ་ཐཱ། ཤཱནྟེ་ཤཱནྟེ། རཀྵ་ཡཱ་ཡ། ཤཱནྟེ་ཤཱནྟེ། དེ་ཥ་ཀྵ་ཡཱ་ཡ། ཤཱནྟེ་ཤྭེནྟེ། མོ་ཧཱ་ཀཱ་ཡཱཾ་ཡ། ་ད་སྱ། དེ་ལྟར་ལན་གཉིས་དེ་ལྟར་ལན་གསུམ་དུའོ།། ཏདྱ་ཐཱ། མུ་རུ་ལུ། མུ་རུ་ལུ། ཨཱ་བ་ཧཱ། མུ་རུ་ལུ། བི་ཛ་ཀཱ་ཡཱ་ཡ་སྭཱ་ཧཱ། ་དེ་ལྟར་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་སྐྱབསུ་མཆིས་ནས། སེམས་ཅན་ལ་སྨན་པ་དང་། བདེ་བ་དང་མ་མཆིས་པ་རྣམས་ཀྱི་མགོན། སྐྱབས་མ་མཆིས་པ་རྣམས ་ཀྱི་སྐྱབས་དང་། དཔུང་གཉེན་མ་མཆིས་པ་རྣམས་ཀྱི་དཔུང་གཉེན་དང་། འདོད་ཆགས་དང་ཞེ་དང་གཏི་མུག་གི་མུན་པར་གྱུར་པ་རྣམས་ལ་སྣང་བ་བགྱི་བ་དང་། ལམ་ངན ་བ་ལ་གནས་པ་རྣམས་ལ་ལམ་བསྟན་པ་ནས། ཁམས་གསུམ་གྱི་སེམས་ཅན་གྱི་ཁམས་ཐར་པ་འདི་ལས་རྣམ་པར་གྲོལ་བར་གྱུར་ཅིག། སེམས་ཅན་གྱི་ཁམ? ་དང་། ལས་ཀྱི་ཁམས་དང་། ཉོན་མོངས་པའི་ཁམས་དང་། ན་མཁའི་ཁམས་ཅི་ཙམ་པ་དེ་ཙམ་དུ་སེམས་ཅན་ལ་ཕན་པའི་ཕྱིར་གནས་པར་གྱུར་ཅིག། དགེ་བའི་རྩ་བ ་དེ་ལས་དགེ་བའི་རྩ་བ་འབྱུང་བ་གང་ལགས་པའི་རྩ་བ་དེས་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡིད་དགས་གཤིན་རྗེའི་འཇིག་རྟེན་དུ་སྐྱེས་པའི་སེམས་ཅན་གང ་ལགས་པ་རྣམས་དང་། མི་ཁོམ་པར་སྐྱེས་པ་གང་ལགས་པ་དང་། སངས་རྒྱས་དང་ཆོས་དང་དགེ་འདུན་དང་བྲལ་བ་གང་ལགས་པ་དང་། བཅོམ་ལྡན་འདས་ཀྱི་བསྟན ་པ་འདི་ལས་ཕྱི་རོལ་པ་དང་། དེ་ལས་གཞན་པ་མུ་སྟེགས་རྣམས་ལ་གནས་པ་ནས་ལོག་པ་ཉིད་དུ་ངེས་པའི་བར་གང་ལགས་པ་དེ་དག་ལ་དགེ་བའི་རྩ་བ་དེ་བསྔོ་བར ་བགྱིའོ།། དགེ་བའི་རྩ་བ་དེས་ཕུང་པོ་འདི་བདག་ཉིད་ཀྱིས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་རྣམས་སུ་སྐྱེ་བ་འཛིན་པར་འགྱུར་བ་ནས། བྱང་ཆུབ་མངོན་པར་སངས ་རྒྱས་པའི་བར་དུ་གྱུར་ཏེ། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་གྱུར་ཅིག། བདུད་བཞི་ཚར་གཅོད་པར་གྱུར་ཅིག། སེམས་ཅན་ཡོངས་སུ་སྨིན་པར་གྱུར་ཅིག། བདག ་ཀྱང་དགེ་བའི་ཕྱོགས་ལ་མངོན་པར་བརྩོན་པའི་སྙིང་རྗེ་ཆེན་པོ་མངོན་དུ་བགྱིས་ནས། དྲན་པ་ཉེ་བར་སྒྲུབ་པར་གྱུར་ཅིག། ལེ་ལོ་སེལ་བར་གྱུར་ཅིག། ལས་ཉེ་བར་སྟོན་པར ་གྱུར་ཅིག། མི་དགེ་བ་ལས་ཟློག་པར་གྱུར་ཅིག། དགེ་བ་ལ་སྦྱོར་བར་གྱུར་ཅིག། ལུས་ལ་གཟི་བརྗིད་འཇུག་པར་གྱུར་ཅིག། མཐུ་དང་སྟོབས་ཡང་དག་པར་བསྐྱེད་པར་གྱུར ་ཅིག། སྒྲིབ་པ་ཆེན་པོ་སྡུག་པོར་གྱུར་པ་འདི་ལས་རྣམ་པར་གྲོལ་བར་གྱུར་ཅིག། སེམས་ཅན་གྱི་ཁམས་དང་། ལས་ཀྱི་ཁམས་དང་། ཉོན་མོངས་པའི་ཁམས་དང་། ནམ ་མཁའི་ཁམས་ཇི་ཙམ་དེ་ཙམ་དུ་སེམས་ཅན་ལ་ཕན་པའི་ཕྱིར་གནས་པར་གྱུར་ཅིག། དགེ་བའི་རྩ་བ་དེ་ལས་དགེ་བའི་རྩ་བ་བྱུང་བ་གང་ལགས་པའི་དགེ་བའི་རྩ་བ་དེས ་ཉན་ཐོས་ཀྱི་ཐེག་པ་ལ་མོས་ཤིང་། ཉན་ཐོས་ཀྱི་ཐེག་པས་ངེས་པར་འབྱུང་བར་འདོད་པའི་སེམས་ཅན་གང་ལགས་པ། དེ་དག་ལ་དགེ་བའི་རྩ་བ་དེ་དབུལ་བར་བགྱིའོ།། ་དགེ་བའི་རྩ་བ་དེས་ལམ་བཞི་ལ་དམིགས་ཤིང་། འཕགས་པའི་བདེན་པ་བཞིའི་ཆོས་ཉིད་དང་། ཡང་དག་པར་ལྡན་པ་མངོན་པར་བགྱིས་ནས། ཉན་ཐོས་ཀྱི་བྱང་ཆུབ་མངོ ་པར་རྫོགས་པར་སངས་རྒྱས་ཤིང་། མངོན་པར་རྫོགས་པར་སངས་རྒྱས་པ་ནས། ཐེག་པ་གཅིག་གི་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས ་འདས་པའི་དབྱིངས་ཀྱི་བར་དུ་ཡོངས་སུ་མྱ་ངན་ལས་འདའ་བར་གྱུར་ཅིག། དགེ་བའི་རྩ་བ་དེ་ལས་དགེ་བའི་རྩ་བ་བྱུང་བ་གང་ལགས་པའི་དགེ་བའི་རྩ་བ་དེས་རང་། ་སངས་རྒྱས་ཀྱི་ཐེག་པ་ལ་མོས་ཤིང་། རང་སངས་རྒྱས་ཀྱི་ཐེག་པ་ངེས་པར་འབྱུང་བར་འདོད་པའི་སེམས་ཅན་གང་ལགས་པ་དེ་དག་ལ་དགེ་བའི་རྩ་བ་དེ་དབུལ་བར ་བགྱིའོ།། དགེ་བའི་རྩ་བ་དེས་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་སྐྱེ་བ་དང་། འཇིག་པ་མངོན་དུ་བགྱིས་ནས། རང་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས ་ཤིང་། མངོན་པར་རྫོགས་པར་སངས་རྒྱས་པ་ནས་ཐེག་པ་ཅིག་གིས་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ཀྱི་བར་དུ་ཡོངསུ་མྱ་ངན་ལས་འདའ ་བར་གྱུར་ཅིག། དགེ་བའི་རྩ་བ་དེ་ལས་དགེ་བའི་རྩ་བ་བྱུང་བ་གང་ལགས་པའི་དགེ་བའི་རྩ་བ་དེས་སེམས་ཅན་ཐེག་པ་ཆེན་པོ་ལ་མོས་ཤིང་ཐེག་པ་ཆེན་པོའི་ངེས ་པར་འབྱུང་བར་འདོད་ལ། སེམས་ཅན་ཐམས་ཅད་སྒྲལ་བར་འདོད་པ་གང་ལགས་པ་དེ་དག་ལ། དགེ་བའི་རྩ་བ་དེ་དབུལ་བ་དང་། རྣམ་པ་ཐམས་ཅད་ཀྱི་མཆོག་དང ་ལྡན་པའི་སྟོང་པ་ཉིད་ཀྱི་རྗེས་སུ་ཡི་རང་བས་རྗེ་སུ་ཡི་རང་ངོ་།། དེ་བཞིན་གཤེགས་པ་གསུང་མཆོག་ཞལ་ལ་ཕྱག་འཚལ་ལོ།། ཏདྱ་ཐཱ། ཙན་ད་ནེ་ཙན་ད་ནེ། ་ཙན་ད་ན་ཨཱ་གེ་ཙ་ན་ད་ན་པྲ་བ་རེ། ཙན་ད་ན། ཨ་བྷ་ཡེ་ཙན་ད་ན། སིངྒེ་ཙན་དྷ་ན། ཨ་བ་ལོ་ཀི་ཏེ། ཙན་ད་ན། ཡ་ཤོད་ག་ཏེ་སྭཱ་ཧཱ། རྗེ་སུ་ཡི་རང་བ་དང་ལྡན་པ་དང་། ་ཡོངསུ་བསྔོ་བ་དང་ལྡན་པའི་དགེ་བའི་རྩ་བ་དེ་དག་དང་། སྐྱེ་བ་ཐོག་མ་དང་ཁ་མ་མཆིས་པའི་འཁོར་བ་ན་བསགས་པ་གང་ལགས་པ་དང་། མེ་འོངས་པ་ན་མ་ངན ་ལས་འདས་པའི་མཐའ་གང་ལགས་པ་དེ་དག་ཐམས་ཅད་ཡོངས་སུ་བསྡུས་ནས། བདག་དགེ་བ་ལ་བརྩོན་པའི་ལྷ་རྟག་ཏུ་འབྲང་བ་གང་ལགས་པ་དེ་དག་ལ་དབུལ ་བར་བགྱིའོ།། དགེ་བའི་རྩ་བ་དེས་གཟི་བྱིན་དང་ལྡན་པ་དང་། སྟོབས་དང་ལྡན་པ་དང་། དབང་ཆེ་བ་དང་། ཐུབ་པར་དཀའ་བར་འགྱུར་ཏེ། མྱུར་དུ་བླ་ན་མེད་པ་ཡང ་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་གྱུར་ཅིག། བདུད་བཞི་ཆར་གཅོད་པར་གྱུར་ཅིག། སེམས ་ཅན་ཡོངས་སུ་སྨིན་པར་གྱུར་ཅིག། བདག་དགེ་བའི་ཕྱོགས་ལས་མངོན་པར་བརྩོན་པའི་སྙིང་རྗེ་ཆེན་པོ་མངོན་དུ་བགྱིས་ནས། དྲན་པ་ཉེ་བར་བསྒྲུབ་པར་གྱུར་ཅིག། ་ལེ་ལོ་སེལ་བར་གྱུར་ཅིག། ལམ་ཉེ་བར་སྟོན་པར་གྱུར་ཅིག། མི་དགེ་བ་ལས་ཟློག་པར་གྱུར་ཅིག། དགེ་བ་ལ་སྦྱོར་བར་གྱུར་ཅིག། ལུས་ལ་གཟི་བྱིན་འཇུག ་པར་གྱུར་ཅིག། མཐུ་དང་སྟོབས་ཡང་དག་པར་སྐྱེད་པར་གྱུར་ཅིག། སྒྲིབ་པ་ཆེན་པོར་གྱུར་པ་འདི་ལས་རྣམ་པར་གྲོལ་བར་གྱུར་ཅིག། སེམས་ཅན་གྱི་ཁམས ་དང་། ལས་ཀྱི་ཁམས་དང་། ཉོན་མོངས་པའི་ཁམས་དང་། ན་མཁའི་ཁམས་ཅི་ཙམ་པ་དེ་ཙམ་དུ་སེམས་ཅན་ལ་བན་པའི་ཕྱིར་གནས་པར་གྱུར། ་ཅིག། དགེ་བའི་རྩ་བ་དེ་ལས་དགེ་བའི་རྩ་བ་བྱུང་བ་གང་ལགས་པའི་རྩ་བ་དེས་གཙུག་ལག་ཁང་འདི་ན་གནས་པའི་ལྷ་འཕགས་པ་རྣམ་ཐོས་ཀྱི་བུ་དང་། ཡུལ་འཁོར ་བསྲུང་དང་། འཕགས་པ་སྐྱེས་པོ་དང་། མིག་མི་བཟང་དང་། ལྔ་བརྩེན་དང་། ལྔ་ལེན་དང་། ནོར་བུ་བཟང་པོ་དང་། གང་བ་བཟང་པོ་དང་། ལྷ་མོ་ཆེན་མོ་དཔལ་དང་། ལྗང ་སྔོའི་བུ་དང་། འཁོར་དང་བཅས་པ་ལ་སོགས་པ་དང་། བྱང་ཆུབ་གོས་ལ་སོགས་པ་བཞི་པ་རྣམས་དང་། དགའ་དང་ཉེར་དགའ་བོ་ལ་སོགས་པ་ཀླུའི་བདག་པོ་རྣམས་དང་། ་འབྲོག་གནས་ལ་སོགས་པ་གནོད་སྦྱིན་གྱི་བདག་པོ་རྣམས་དང་། གང་གཞན་ཡང་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ན་མཁའ་ལྡིང་དང་། ་མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་གང་ལགས་པ་དེ་དག་ལ་དགེ་བའི་རྩ་བའི་དེ་དབུལ་བར་བགྱིའོ།། དགེ་བའི་རྩ་བ་དེས་ལུས་ལ་གཟི་བྱིན་དང་།། ་ལྡན་པ་དང་། སྟོབས་དང་ལྡན་པ་དང་། དབང་ཆེ་བ་དང་། ཐུབ་པར་དཀའ་བར་གྱུར་ཏེ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར ་སངས་རྒྱས་ནས། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་གྱུར་ཅིག། བདུད་བཞི་ཚར་བཅོད་པར་གྱུར་ཅིག། སེམས་ཅན་ཡོངས་སུ་སྨིན་པར་གྱུར་ཅིག། བདག་ཀྱང་དགེ ་བའི་ཕྱོགས་ལ་མངོན་པར་བརྩོན་པའི་སྙིང་རྗེ་ཆེན་པོ་མངོན་དུ་བགྱིས་ནས་དྲན་པ་ཉེ་བར་སྒྲུབ་པར་གྱུར་ཅིག། ལེ་ལོ་སེལ་བར་གྱུར་ཅིག། ལམ་ཉེ་བར་སྟོན་པར་གྱུར ་ཅིག། མི་དགེ་བ་ལས་ཟློག་པར་གྱུར་ཅིག། དགེ་བ་ལ་སྤྱོད་པར་གྱུར་ཅིག། ལུས་ལ་གཟི་བྱིན་འཇུག་པར་གྱུར་ཅིག། མཐུ་དང་སྟོབས་ཡང་དག་པར་སྐྱེད་པར་གྱུར ་ཅིག། སྒྲིབ་པ་ཆེན་པོ་སྟུག་པར་གྱུར་པར་བགྱི་བའི་སླད་དུ། བསམ་པ་དང་ལྷག་པའི་སེམས་ཅན་ཐམས་ཅད་ཀྱིས་སྙིང་རྗེ་ཆེན་པོ་མངོན་པར་དུ་བགྱིས་ནས་བྱང་ཆུབ་ཀྱིས ་སེམས་བསྐྱེད་པར་བགྱིའོ།། ཇི་ལྟར་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྐྱེད ་བ་དང་། སྐྱོད་པར་འགྱུར་བ་དང་། བསྐྱེད་པ་དེ་ལྟར་བདག་གིས་ཀྱང་བསྐྱེད་པར་བགྱི་སྟེ། བསམ་པ་དང་། ལྷག་པའི་བསམ་པའི་རྒྱུ་དེས་དེ་ལྟར་བསྐྱེད་པར་བགྱིའོ།། ་གང་འགོག་པ་མ་མཆིས་པ་དང་། བསགས་པ་མ་མཆིས་པ་དང་། གསགས་པ་མ་ལགས་པར་བསྟན་པ་དང་། བསྒྲུབ་པ་མ་མཆིས་པ་དང་། རྟོག་པ་མ་མཆིས་པ ་དང་། རྣམ་པར་རྟོག་པར་མ་མཆིས་པ་དེ་ལྟར་སྐྱེད་པར་བགྱིའོ།། གང་ན་ལུས་མ་མཆིས་པ་དང་། ལུས་སུ་གདགས་པ་མ་མཆིས་པ་དང་། ངག་མ་མཆིས་པ་དང་།། ་ངག་ཏུ་གདགས་པ་མ་མཆིས་པ་དང་། སེམས་མོ་མཆིས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་མ་མཆིས་པ་དང་། རྣམ་པར་རིག་པ་མ་མཆིས་པ་དང་། དེ་བཞིན་ཉིད་དུ ་མ་ལགས། ཆོས་ཀྱི་དབྱིངསུ་མ་ལགས། ཡང་དག་པའི་མཐའ་མ་ལགས། སངས་རྒྱས་སུ་མ་ལགས། བྱང་ཆུབ་ཏུ་མ་ལགས ་སྟེ། གང་འདི་དག་ཏུ་མངོན་པར་ཞེན་པ་མ་མཆིས་པ་དེ་ལྟར་སྐྱེད་པར་བགྱིའོ།། ཀུན་རྫོབ་ལ་རྟེན་ནས་སྡིག་པ་ཐམས་ཅད་བཤགས་སོ།། བསོད་ནམས་ཐམས་ཅད ་ལ་རྗེས་སུ་ཡིད་རང་ངོ་།། དེ་བཞིན་གཤེགས་པ་ཐམས་ཅད་ལ་བསྐལ་མ་འདེབས་སོ།། སྡིག་པ་ཐམས་ཅད་བཤགས། བསོད་ནམས་ཐམས་ཅད་ལ་རྗེསུ་ཡིད ་རང་ངོ་།། དེ་བཞིན་གཤེགས་པ་ཐམས་ཅད་ལ་བསྐལ་མ་བཏབ་ནས། གཟུངས་སྔགས་འདི་དག་བརྗོད་པར་བགྱིའོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ ་ཐམས་ཅད་ལ་ཕྱག་འཚལ་ལེ།། དེ་བཞིན་གཤེགས་པ་ཙན་དན་གྱི་གསུང་ལ་ཕྱག་འཚལ་ལོ།། ཏདྱ་ཐཱ། ཙི་ར་ཏེ། མ་རེ་ཙི་ཀེ། དུར་ད་མེ། དུ་རཱ་ནུ་པྲ་བི ་ཥྤེ་ཙི་དང་ན་དྷེ། བི་ཤུདྡྷ་ཤི་ལ། ཙི་རིད་ཏྲ་བ་ཏི། སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྛི་ཏེ་སྭཱ་ཧཱ། ཕྱོགས་བཅུའི་འཇིག་རྟེན་ཁམས་སུ་འདུས་པ། ཡང་དག་པར་རྫོགས ་བེའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དེ་དག་བདག་ལ་དགོངསུ་གསོལ། བདག་མི་ཤེས་པའི་རབ་ཀྱིས་ཁེབས་ཏེ། མུན་པར་གྱུར་ནས་ཚེ་འདི་འམ། ་སྐྱེ་བ་གཞན་ནས་སྐྱེ་བ་ཐོག་མ་མ་མཆིས་པའི་འཁོར་བ་ནས་འཁོར་བའི་བར་དུ་སངས་རྒྱས་དང་ཆོས་དང་། དགེ་འདུན་དང་། ཕ་མ་དང་། བླ་མ་དང་། ཡོན་གནས། ་དང་། མཁན་པོ་དང་། སློབ་དཔོན་དང་། ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་ལུས་དང་ངག་དང་། ཡིད་ཀྱིས་ཉེས་པར་སྤྱད་པར་བགྱིས་པ་དང་། བགྱིད་དུ་སྩལ ་པ་དང་། བགྱིད་པ་ལ་རྗེས་སུ་ཡི་རང་བར་གྱུར་པ་དང་། སངས་རྒྱས་ཀྱི་འམ། ཆོས་ཀྱི་འམ། དགེ་འདུན་གྱིའམ། ཕྱོགས་བཞིའི་དགེ་འདུན་འདུ་བའི་སྒོ་ཕྲོགས་པ ་དང་། འཕྲོག་ཏུ་སྩལ་བ་དང་། འཕྲོག་པ་ལ་རྗེས་སུ་ཡི་རང་བར་གྱུར་པ་དང་། སོ་སོ་ཐར་པའི་སྡོམ་པ་འམ། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ལས། ་ལྟུང་བ་ཆུང་ངུ་དང་། འབྲིང་དང་། ཆེན་པོ་འབྱུང་བར་གྱུར་པ། བཤགས་པར་འོས་པ་དེ་དག་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམསུ་འདུས་པ། ས་ཆེན་པོར་ཆུད་པ། ཡེ ་ཤེས་ཆེན་པོ་རྙེས་པ། ཐུགས་རྗེ་དང་ལྡན་པ། བྱམས་པ་དང་ལྡན་པ། ཕན་པ་གཞེད་པ། ཐུགས་བརྩེ་བ་ཅན་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ ་སོགས་པ་དང་། དེ་བཞིན་དུ་རྣམ་པར་སྣང་མཛད་དང་། ཇེ་མཛད་དང་། དངོས་ཉིད་ཆོས་མཆོག་དང་། ངེས་པར་དྲི་མེད་འབྱུང་གནས་རིན་ཆེན་སྒྲོན་མ་འོད་ཟེར་དང་། ་ཟླ་བས་བརྒྱན་པ་དང་། གློག་གི་གཟི་བརྗིད་དང་། དབྱངས་ཀྱི་དབང་ཕྱུག་རྒྱལ་པོ་དང་། མེ་ཏོག་ཀུན་དུ་རྒྱས་པ་ས་ལའི་རྒྱལ་པོ་དང་། མེ་ཏོག་སྐར་འོད་དང་། མངོན ་པར་མཁྱེན་པས་རྣམ་པར་རོལ་པ་དང་། ཟླ་དཀྱིལ་རྣམ་དག་དང་། ཤིན་དུ་རབ་ཞི་མཁས་པ་དང་། ཟླ་དབྱངས་དབང་ཕྱུག་རྒྱལ་པོ་དང་། བརྩོན་འགྲས་གྲངས ་མེད་དང་། ཡང་དག་རབ་གནས་དཔལ་དང་། བདག་ཉིད་ཐམས་ཅད་ཡོངསུ་གཏོང་དང་། ཐུགས་རྗེ་ཆེ་དགོས་དང་། ཕྱག་ན་རིན་ཆེན ་ཕྱག་རྒྱ་དང་། ཕག་ན་རིན་པོ་ཆེ་དང་། ཐུགས་རྗེ་སྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ཐུག་དཀའ་དང་། ཆུ་ལྷ་དང་། དྲི་མ་མེད་པ་དང་། ངན་སོང་སྤོང ་བ་ལ་སོགས་པ་དེ་རྣམས་ཀྱི་སྤྱན་སྔར་ནོངས་པར་འཐོལ་ལོ་བཤགསོ།། རྣམ་པར་གཞིག་གོ། རབ་ཏུ་གཞོམ་མོ།། སྨོད་དོ།། བྱིས་པ་བླུན་པོ་ལྟ་བར་ལོག་པར་ཞུགས་པ། ་འཁོར་བར་བྱིང་བའི་ནོངས་པ་ནོངས་པར་བཟུང་དུ་གསོལ། དེ་བཞིན་གཤེགས་བདེན་པའི་བློ་གྲོས་ཏོག་གི་རྒྱལ་པོ་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་སེམ ་དཔའ་ཆེན་པོ་གསེར་སྐྱགས་སྡུག་དགེ་བ་རྒྱས་པའི་སྙིང་པོའི་རྒྱལ་པོ་ལ་ཕྱག་འཚལ་ལོ།། །། ཏདྱ་ཐཱ། སྱད་ཏྱེ་སྱཱད་ཏྱེ། སྱད་ཏྱེ། བི་ཤོ་དྷ་ནི། སྱཱད་ཏྱེ།། ་ཡམ་བུ་ཛ། བི་ཤོ་ཙ་ནེ། སརྦ་ཨ་བ་ར་ཎ་ནི་བ་ར་ཎི། བི་ཤོ་དྷ་ནེ་སྭཱ་ཧཱ། སངས་རྒྱས་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའ་དེ་དག་ཐུགས་རྗེ་ཆེན་པོ་བསྐྱེད ་ནས། བདག་ལ་དགོངསུ་གསོལ། གང་བདག་གིས་ཚེ་འདི་འམ་ཚེ་རྗེས་པ་དེ་དང་དེ་དག་ཏུ་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་བསྐྱེད་པ་རྣམས་དང་། བྱང་ཆུབ ་ཀྱི་སེམས་མ་བསྐྱེད་པ་རྣམས་དང་། མངོན་པར་འདོད་པ་རྣམས་དང་། ཐེག་པ་ལ་གསར་དུ་ཞུགས་པ་དང་། སེམས་དང་པོ་བསྐྱེད་པ་རྣམས་དང་། སྤྱོད་པ་དང ་འབྲེལ་པ་རྣམས་དང་། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་རྣམས་དང་། ཕྱིར་མི་ལྡོག་པ་རྣམས་དང་། སྐྱེ་བ་ཅིག་གིས་ཐོགས་པ་རྣམས་དང་། ས་བཅུར་ཞུགས་པ ་རྣམས་དང་། དབང་མ་བསྐུར་བ་རྣམས་དང་། དབང་བསྐར་བ་ཐོབ་པ་རྣམས་དང་། དབང་བསྐུར་བ་རྣམས་དང་། དགེ་བའི་ཕྱོགས་ལ་བརྩོན་པ་རྣམས་དང་། སྟོང་པ ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། དེ་ལས་གཞན་པའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ལ་བརྩོན་པ་དེ་དག་ལ་ལུས་དང་ངག་དང་། ཡིད་ཀྱིས་ཉེས ་པར་སྤྱད་པ་བགྱིས་པ་དང་། བགྱིད་དུ་སྩལ་པ་དང་། བགྱིད་པ་ལ་རྗེ་སུ་ཡིད་རང་བ་དང་། དེ་བཞིན་དུ་འཕགས་པ་རང་རྒྱལ་བ་རྣམས་དང་། དེའི་ལམ་ལ་རབ་ཏུ་གནས ་པ་རྣམས་དང་། འཕགས་པ་རྒྱུན་དུ་ཞུགས་པ་རྣམས་དང་། ལན་ཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་དང་། ཕྱི་རོལ་གྱི་མངོན ་པར་ཤེས་པ་ལྔ་ཐོབ་པ་རྣམས་དང་། དེ་ལས་གཞན་པ་འདོད་ཆགས་དང་བྲལ་བ་རྣམས་དང་། དྲང་སྲོང་རྣམས་དང་། དེ་ལས་གཞན་པ་ལམ་ཡང་དག་པ་འམ། ལམ ་ལོག་པ་ལ་ཞུགས་པ་ནས། དེ་བཞིན་གཤེགས་པའི་སྙིང་པོ་དང་ལྡན་པའི་བར་རྣམས་དང་། ཆོས་ཀྱི་དབྱིངས་ཀྱི་ཁོངསུ་རྟོགས་པ་དེ་རྣམས་དང་ལ་ལུས་དང་ངག་དང་།། ་ཡིད་རྣམ་པ་བཅུས་ཉེས་པར་སྤྱད་པའི་ལས་བགྱིས་པ་དང་། བགྱིད་དུ་སྩལ་བ་དང་། བགྱིད་པ་ལ་རྗེསུ་ཡི་རང་བར་གྱུར་པ། དེ་དག་ཕྱོགས་བཅུའི་འཇིག་རྟེན་གྱི།། ་ཁམས་སུ་འདུས་པ། ས་བཅུ་པོར་ཆུད་པ། ཡེ་ཤེས་ཆེན་པོ་བརྙེས་པ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཉན་ཐོས ་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་དང་། བཅས་པ་དེ་དག་རྣམས་ཀྱི་སྤྱན་སྔར་ནོངས་པ་ནོངས་པར་འབྲེལ ་བཤགས་སོ།། རྣམ་པར་གཞིག་གོ། རབ་ཏུ་གཞོམ་མོ།། སྨོད་དོ།། བྱིས་པ་བླུན་པོ་ལྟ་བ་ལོག་པར་ཞུགས་སམ། འཁོར་བར་བྱིང་བའི་ནོངས་པར་གཟུང་དུ་གསོལ། ་ཟླ་འོད་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། ཏདྱ་ཐཱ། པྲ་བྷེ་པྲ་བྷ། ཨ་ཀ་རེ་པྲ་བྷ་བ་ཏི། དར་མ་བ་བི་ཤུད་དྷེ། ཀརྨ་བི་ཤུདྷི་ར་བ་བྷ་དུ་མེ་སྭཱ་ཧཱ། སངས་རྒྱས་དང ་བྱང་ཆུབ་སེམས་དཔའ་དེ་དག་བདག་ལ་དགོངས་སུ་གསོལ། གང་བདག་གིས་ཚེ་འདི་འམ་སྐྱེ་བ་གཞན་དུ་སྐྱེ་བ་བརྒྱ་འམ། སྐྱེ་བ་སྟོང་ངམ། སྐྱེ་བ་ཁྲི་འམ། སྐྱེ་བ ་ཐོག་མ་དང་ཐ་མ་མ་མཆིས་པའི་འཁོར་བ་ནས་འཁོར་བའི་ཚེ། སངས་རྒྱས་འབྱུང་བ་མ་རུང་བར་བགྱིས་པ་འམ། དམ་པའི་ཆོས་སྤངས་པ་འམ། མཚམས་མ་མཆིས ་པ་ལྔ་བགྱིས་པ་དང་། བགྱིད་དུ་སྩལ་བ་དང་། བགྱིད་པ་ལ་རྗེས་སུ་ཡི་རང་བར་གྱུར་པ་དང་། ཆོས་མ་ལགས་པར་བསྟན་པ་དང་། ཆོས་མ་ལགས་པ་ཆོ་སུ་བསྟན ་བ་དང་། བྱང་ཆུབ་ཀྱི་སེམས་བཏང་བ་དང་། དགེ་བའི་བཤེས་གཉེན་མ་ལས་རུང་བར་བགྱིས་པ་ནས། དུད་འགྲོའི་སྐྱེ་གནསུ་གཏོགས་པའི་བར་གྱི་སེམས་ཐང ་ཅིག་ཙམ་འགལ་བར་བགྱིས་པ་དང་། བགྱིད་དུ་སྩལ་བ་དང་། བགྱིད་པ་ལ་རྗེསུ་ཡིད་རང་བར་གྱུར་པ་དང་། སྒྲིབ་པ་གང་གིས་སྒྲིབས་ནས། སའི་རྒྱུ་མི་འབྱུང་བར ་ཏིང་ངེ་འཛིན་གྱི་རྒྱུ་དང་། གཟུངས་དང་། མངོན་པར་ཤེས་པའི་རྒྱུ་དང་། སོ་སོ་ཡང་དག་པར་རིག་པའི་རྒྱུ་དང་། རྫུ་འཕྲུལ་གྱི་རྐང་པའི་རྒྱུ་དང་། དབང་གི་རྒྱུ་དང་། ་རོལ་དུ་ཕྱིན་པའི་རྒྱུ་དང་། དེ་ལས་གཞན་པ་བྱང་ཆུབ་ཀྱི་ཆོས་ནས། སྣང་བའི་བར་གྱི་རྒྱུ་མི་འབྱུང་བའི་ལས་ཀྱི་སྒྲིབ་པ་དང་། རྣམ་པར་སྨིན་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ ་པ་དང་། ཉོན་མོངས་པའི་སྒྲིབ་པ་དེ་དག་ཐམས་ཅད་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམསུ་འདུས་པ། ས་ཆེན་པོར་ཆུང་བ། ཡེ་ཤེས་ཆེན་པོ་བརྙེས་པ། ཐུགས་རྗེ་དང ་ལྡན་པ། བྱམས་པ་དང་ལྡན་པ། ཕན་པར་བཞེད་པ། ཐུགས་བརྩེ་བ་ཅན། ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་སོགས་པ ་དང་། དེ་བཞིན་དུ་དྲི་མེད་སྣང་གསལ་དང་། སྤོབས་པའི་རྒྱན་དགོངས་པ་དང་། དྲི་མེད་ཟླ་བ་དང་། ཏོག་གྲགས་དང་། མེ་ཏོག་བཀོད་པ་སྣང་མཛད་དང་། གསལ་མཛ། ་དང་། རིན་ཆེན་མཆོག་དང་། འཇིགས་མེད་གཟིགས་དང་། འཇིགས་པ་མེད་དང་། བག་ཚ་བ་དང་། སྤུ་ཟིང་མི་མངའ་བ་དང་། སེང་གེའི་སྒྱིངས་པའི་སྟོབས ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་འོད་གཟི་བརྗིད་རྒྱལ་པོ་ལ་སོགས་པ་དང་། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་འཕགས་པ་ཀུན་ནས་འོད་ཟེར ་དང་། དྲི་མེད་རྣམ་གནོན་དང་། སྒྲ་འབྱིན་དང་། ཆོས་ཀྱི་འཁོར་ལོ་ཐོགས་པ་མེད་པར་བསྐོར་བ་དང་། སེམས་སྐྱེད་མ་ཐག་ཏུ་ཆོས ་ཀྱི་འཁོར་ལོ་བསྐོར་བ་དང་། སྒྲིབ་པ་མེད་པར་ཆོས་ཀྱི་བསྐོར་བ་དང་། དྲི་མེད་གཙང་མ་དང་། མིག་ཡོངས་སུ་སྦྱོང་བ་དང་། སེམས་ཅན་ཀུན་ལ་སླུ་བ་མེད་པའི ་བློ་དང་། སྒྲ་སྙན་དེས་སྒྲགས་དབྱངས་དང་། རྒྱལ་བའི་བློ་གྲོས་དང་། བཟང་པོ་མངོན་འབྱུང་དང་། སྤྲིན་སྒྲ་དང་། མཆོག་དགའ་རྒྱལ་པོ་དང་། དགའ་སྟོན་དང་། ་རྟག་ཏུ་བརྩོན་དང་། ལྷུན་པོ་རྩེ་འཛིན་ལ་སོགས་པ་སྐྱེ་བ་མེད་པ་དང་། འགག་པ་མེད་པའི་ཆོས་དང་ལྡན་པ། འདས་པ་དང་། མ་འོངས་པ་འདི་ལྟར་བྱུང་བ་དེ ་རྣམས་ཀྱི་སྤྱན་སྔར་ནོངས་པ་ནོངས་པར་མཐོལ་ལོ་བཻ་ཤགས་སོ།། རྣམ་པར་གཞིག་གོ། རབ་ཏུ་གཞོམ་མོ།། བྱིས་པ་བླུན་པོ་ལྟ་བ་ལོག་པར་ཞུགས་པ ་འཁོར་བར་བྱིང་བའི་ནོངས་པ་ནོངས་པར་གཟུང་དུ་གསོལ།། ཏདྱ་ཐཱ། ས་མ་ཡོ་གེ་ཙིད་ཏ་བི་བར་ཏེ། ཨ་ཁེ་མ་ཁེ། མ་དེ་ནི། བི་ག་ཏེ། ས་མན་ཏ་གྷུ་ཎ། སད ་ཏྱར་མྱེ། མུག་ཏེ། ཟ་བུག་ཏེ། ཧི་ལི་ཨ་སི་ལེ་ཨ་ཙ་སེ། ཙ་མེ། ཨ་ཙ་ཀྲེ་མ་ཙི་ཊེ། ར་ཧེ་མོ་ཆེ་མ་ཡོ་གྲ་ཧེ། ཧེ་མ་པ་ཏེ། དྷཱརྨ་ཙིད་ཏེ་ཨོཾ་བྷིཀྵེ ་སྭཱ་ཧཱ། སངས་རྒྱས་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའ་དེ་དག་གིས་བདག་ཁམས་གསུམ་དུ་བྱིང་བ་ལས་མངོན་པརའི་བྱུང་དུ་གསོལ།། སངས ་རྒྱས་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའ་དེ་དག་གིས་བདག་གཡང་ས་ཆེན་པོར་ལྟུང་བ་ལས་གདེག་ཏུ་གསོལ། སངས་རྒྱས་བཅོམ་ལྡན་འདས་དང་། ་བྱང་ཆུབ་སེམས་དཔའ་དེ་དག་གིས་བདག་ཁྲོན་པ་ཆེན་པོ་ཐིབ་བོ་ན་མཆིས་པ་ལས་དྲང་དུ་གསོལ། སངས་རྒྱས་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས ་དཔའ་དེ་དག་གིས་བདག་འབྲོགས་དགོན་པ་ཆེན་པོའི་ནང་དུ་ལྷུང་བ་ལས་སྐྱབས་ཏུ་གསོལ། སངས་རྒྱས་བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་དེ་དག་གིས ་བདག་ཉོན་མོངས་པའི་རྒྱ་མཚོའི་ཆེན་པོས་འདས་པ་ན་སྦྲུལ་དུ་གསོལ། སངས་རྒྱས་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའ་དེ་དག་གིས། བདག་འཁོ ་བའི་རྒྱས་ཟིན་པ་ལས་དགྲོལ་དུ་གསོལ།། སངས་རྒྱས་བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་དེ་དག་གིས་བདག་སྲས་གཅིག་དང་འདྲ་བས་ཐུགས་རྩེ ་བར་དགོངསུ་གསོལ། སངས་རྒྱས་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའ་དེ་དག་གིས་བདག་སྲས་གཅིག་དང་འདྲ་བས་བསྟན་དུ་གསོལ། སངས ་རྒྱས་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའ་དེ་དག་གིས་བདག་སློབ་མ་སྡུག་པ་དང་འདྲ་བར་བསླབ་ཏུ་གསོལ། སངས་རྒྱས་བཅོམ་ལྡན་འདས་དང་། ་བྱང་ཆུབ་སེམས་དཔའ་དེ་དག་གིས་དཀའ་བ་བརྒྱ་སྟོང་དེ་དག་མངོན་དུ་མཛད་ནས་བདག་ཐུགས་དགོངས་སུ་གསོལ། སངས་རྒྱས་བཅོམ་ལྡན་འདས་དང་བྱང་ཆུབ ་སེམས་དཔའ་དེ་དག་གིས་སྨོན་ལམ་ཆེན་པོ་བཅུ་པ་ཁྲི་ཁྲག་གྲངས་མེད་པ་དེ་དག་མངོན་དུ་མཛད་ནས། བདག་གྲུབ་པར་མཛད་དུ་གསོལ། ་སངས་རྒྱས་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའ་དེ་དག་གིས་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་མངོན་དུ་མཛད ་ནས་བདག་ལ་བསྐྱེད་དུ་གསོལ། སངས་རྒྱས་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའ་དེ་དག་གིས་བདག་མཆོག་ཏུ་ཟག་པ་མེད་པའི་ཆོས་འདུལ་བ་ལ ་གཞག་ཏུ་གསོལ། སངས་རྒྱས་བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་དེ་དག་གིས་ཐུགས་རྗེ་ཆེན་པོའི་ཆབ་ཀྱིས་བདག་བཀྲུར་གསོལ། སངས་རྒྱས ་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའ་དེ་དག་གི་སྟོབས་བཅུ་པོ་རྣམས་ཀྱིས་བདག་ལ་བྱུག་ཏུ་གསོལ།། སངས་རྒྱས་བཅོམ་ལྡན་འདས་དང་། བྱང ་ཆུབ་སེམས་དཔའ་དེ་དག་གི་ངོ་ཚ་མཁྱེན་པའི་ན་བཟས་བདག་ལ་དགབ་ཏུ་གསོལ།། སངས་རྒྱས་བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་དེ་དག ་གིས་བྱང་ཆུབ་ཀྱི་ཡན་ལག་གི་མེ་ཏོག་རྣམས་ཀྱིས་བདག་ལ་གཏོར་དུ་གསོལ། སངས་རྒྱས་བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་དེ་དག་གིས་རྒྱལ ་ཆབ་ཏུ་དབང་བསྐུར་བས་བདག་ལ་དབང་བསྐུར་དེ་གསོལ། སངས་རྒྱས་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའ་དེ་དག་གི་སྒྲ་ཆེན་པོས་བདག་ལུང ་བསྟན་དུ་གསོལ། དེ་བཞིན་གཤེགས་པ་ཟླ་མཆོག་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིགས་མེད་འབྱུང་གནས་ལ་ཕྱག ་འཚལ་ལོ།། ཏདྱ་ཐཱ། ད་རཱི་དྷ་རཱི། དྷ་རཱ་ཎི། ནི་དྷ་ནེ། ཨ་བ་ཡ་ཀ་ལ་པེ། ཀ་ལ་པ་བིག་ཏེ། ཨ་མྲི་ཏ་ཀ་ལ་པ། ཧུ་ཏ་ཤ་ནེ། ཨུ་ནན་ཏ། མུ་ཁེ། ཨ་ནན་ཏ་ཙ་ཀྲུ། ཨུད ་ཀ་ཏེ། ཨོཾ་བྷུ་སྭཱ་ཧཱ། སངས་རྒྱས་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དེ་དག་བདག་ལ་དགོངསུ་གསོལ། ་གང་བདག་གིས་ཚེ་འདི་འམ། སྐྱེ་བ་གཞན་རྣམསུ་སྐྱེ་བ་བརྒྱའམ། སྐྱེ་བ་སྟོང་ངམ། སྐྱེ་བ་ཐོག་མ་དང་ཐ་མ་མ་མཆིས་པའི་འཁོར་བ་ན་འཁོར་བཱི་ཚེ། སངས་རྒྱས ་དང་། ཆོས་དང་། དགེ་འདུན་དང་། བ་མ་དང་། བླ་མ་དང་། ཡོན་གནས་དང་། མཁན་པོ་དང་། སློབ་དཔོན་དང་། ཚངས་པ་མཚུངས་པར་སྤྱོད་པ་དང་། དེ་ལས ་གཞན་པ་ཡང་དག་པ་དང་། ལོག་པའི་ལམ་ལ་ཞུགས་པ་ནས་དེ་བཞིན་གཤེགས་པའི་སྙིང་པོ་དང་ལྡན་པའི་བར་དང་། ཆོས་ཀྱི་དབྱིངས་ཀྱི་ཁོངས་སུ་གཏོགས ་པ་རྣམས་ལ། ཟས་ཁམ་ཅིག་ཙམ་སྩལ་པ་འམ། བྱམས་པ་བསྒོམས་པའམ། ལུས་དང་ངག་དང་། ཡིད་ཀྱིས་ཕྱི་དང་ནང་གི་ལེགས་པར་སྤྱད་པ་དེ་དག ་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བགྱི་སྟེ། ཇི་ལྟར་འདས་པ་དང་། མ་འོངས་པ་དང་། ད་ལྷོར་བྱུང་བའི ་སངས་རྒྱས་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱིས་ཆོས་ཉིད་དེ་མངོན་དུ་མཛད་ནས་ཡོངས་སུ་བསྔོས་པ ་དང་། ཡོངས་སུ་བསྔོ་བར་འགྱུར་བ་དང་། ཡོངས་སུ་བསྔོ་བ་དེ་ལྟར་བདག་གིས་ཀྱང་ཡོངས་སུ་བསྔོ་བར་བགྱིའོ།། ཇི་ལྟར་ཆོས་ཉིད་དེ་དང་། ཇི་ལྟར་དེ་བཞིན་ཉིད ་དེ་དང་། ཇི་ལྟར་ཡང་དག་པའི་མཐའ་དེ་དང་། ཇི་ལྟར་ཆོས་ཀྱི་དབྱིངས་དེ་དང་། ཇི་ལྟར་སྟོང་པ་ཉིད་དེ་དང་། ཇི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པ་དེ ་ལྟར་ཡོངས་སུ་བསྔོ་བར་བགྱིའོ།། དེ་བཞིན་གཤེགས་པ་མེ་ཏོག་མན་ད་ར་བའི་གསུང་ལ་ཕྱག་འཚལ་ལོ།། ཏདྱ་ཐཱ། བི་ཛི་རི་མ་བྷ། བི་ཛི་རིམ་བྷ། ཨུད་པཱ་ཏ། ་བྱ་ཡ། བི་ཛི་རཱི་མ་བྷ། སྟ་བྷ་ཧ་དང་། སྟ་བྷ་ཧ་ར། ཨ་ནུ་ན་ཏ་ཐཱ་ཏཱ་ཀྲོ་ཏི། བི་ཛི་རིམ་པ་སྭཱ་ཧཱ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཡང་དག ་པར་རྫོགས་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་གང་ལགས་པ་དེ་དག་དང་བ་བདག་གིས་ཇི་ལྟར་སེམས་ཅན་མ་སྦལ་བ་རྣམས་བསྒྲལ་བ་དང་། ་མ་གྲོལ་བ་རྣམས་དགྲོལ་བ་དང་། དབུགས་མ་བྱིན་པ་རྣམས་དབུགས་དབྱུང་བ་དང་། ཡོངས་སུ་མྱ་ངན་ལས་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་ཟླའོ།། ་སྙམ་དུ་ཐུགས་བསྐྱེད་པ་དང་། དེ་དག་ལས་གཞན་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གནས་པ་དང་། ཡང་དག་པར་ལྡན་པའི་ཐུགས་བསྐྱེད་པ་དེ་རྣམས་ལ། ་བདག་མཆོག་དང་། གཙོ་བོ་དང་། དམ་པ་དང་རབ་དང་། ཕུལ་དང་། བླ་ན་མ་མཆིས་པ་དང་། གོང་ནམ་མཆིས་པ་དང་། གོང་མའི་ཡང་གོང་མ་དང་། མཉམ་པ ་མ་མཆིས་པ་དང་། མི་མཉམ་པ་དང་མཉམ་པ་དང་། དམིགས་པ་མ་མཆིས་པ་དང་། རྣམ་པར་རྟོག་པ་མ་མཆིས་པ་དང་། མཚན་མ་མཆིས་པ་དང་། སྤྲོས་པ་མ ་མཆིས་པ་དང་། ཡི་གེ་མ་མཆིས་པ་དང་། ཉོན་མོངས་པ་མ་མཆིས་པ་དང་། ཆགས་པ་མ་མཆིས་པ་དང་། ནམ་མཁའ་ལྟར་མཉམ་པ་དང་། ལུས་དང་། སེམས ་གྲོལ་བ་དང་། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་རྗེསུ་ཡིད་རང་བས་རྗེས་སུ་ཡིད་རང་ངོ་།། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང་། བློ་གྲོས་མི་ཟད་པ་དང་། རིན་ཆེན་རྒྱལ་མཚན་དང་། དྲི་མ་མེད་པའི་སྙིང་པོ་དང་། ་ཆུང་འབྲིང་ཆེན་པོ་དང་། མངོན་མཁྱེན་རྣམ་གྲོལ་དང་། རྣམ་འཕྲུལ་དང་བ་དང་། གྲགས་པའི་སྤྲིན་སྦས་དང་། སེང་གེ་རྣམ་པར་རོལ་པའི་རྒྱལ་པོ་དང་། ལྷུན་པོ་མཛེ། ་འཕགས་རྒྱལ་པོ་དང་། དམ་ཆོས་སྲུང་དང་། ཏོག་གྱུར་རྒྱལ་པོ་ལ་སོགས་པ་གང་ལགས་པ་དེ་དག་དང་པོ་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་ནས་གཟུང་སྟེ། ་ཅི་ཙམ་དུ་དམ་པའི་ཆོས་གནས་པ་དེའི་བར་དུ་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང་། ཚུལ་ཁྲིམས་ལས་བྱུང་བ་དང་། བསྒོམ་པ་ལས ་བྱུང་བ་དང་། སྨོན་ལམ་ཆེན་པོ་བཅུ་པོ་ཁྲི་ཕྲག་གྲངས་མེད་པ་བསྒྲུབ་པ་གང་ལགས་པ་དང་། ཕ་རོལ་དུ་བྱིན་པ་དྲུག་བསྒྲུབ་པ་གང ་ལགས་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ཡང་དག་པར་བླངས་པ་གང་ལགས་པ་དང་། བག་ཆགས་དང་། མཚམས་སྦྱོར ་བའི་ཉོན་མོངས་པ་ཐམས་ཅད་སྤངས་པ་གང་ལགས་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་བསགས་པ་ནས། སྐྲ་དང་གསུང་དང་ཐུགས་ཀྱིས་ཕྱི་དང་ནང་གི ་ལེགས་པར་སྤྱད་པ་གང་ལགས་པ་དེ་དག་ཐམས་ཅད་ལ་མཆོག་དང་། གཙོ་བོ་དང་། དམ་པ་དང་། རབ་དང་། ཕུལ་དང་། བླ་ན་མ་མཆིས་པ་དང་། གོང་ན་མ་མཆིས ་བ་དང་། གོང་མའི་ཡང་གོང་མ་དང་། མཉམ་པ་མ་མཆིས་པ་དང་། མི་མཉམ་པ་དང་མཉམ་པ་དང་། དམིགས་པ་མ་མཆིས་པ་དང་། རྣམ་པར་རྟོག་པ ་མ་མཆིས་པ་དང་། མཚན་མ་མཆིས་པ་དང་། སྤོས་པ་མ་མཆིས་པ་དང་། ཡི་གེ་མ་མཆིས་པ་དང་། ཉོན་མོངས་པ་མ་མཆིས་པ་དང་། ཆགས་པ་མ ་མཆིས་པ་དང་། ན་མཁའ་ལྟར་མཉམ་པ་དང་། ལུས་དང་སེམས་གྲོལ་བ་དང་། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་རྗེ་སུ་ཡི་རང་བས་རྗེས ་ཡི་རང་ངོ་།། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་འཕགས་པ་སེང་གེ་རྣམ་པར་རོལ་པ་དང་། སེང་གེ་སྒྱིངས་པ་དང་སེང་གེ ་མེ་ཏོག་དང་། སེང་གེ་རྣམ་པར་འཕྲུལ་ཏོག་དང་། པད་མ་བཀོད་པ་དང་། བརྩོན་པ་མི་གཏོང་བ་ལ་སོགས་པ་གང་ལགས་པ་དེ་དག་དང་པོ་ཐུགས་བསྐྱེད་པ ་ནས་བཟུང་ནས། ཇི་ཙམ་དུ་ས་བཅུའི་བར་དེར་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང་། ཚུལ་ཁྲིམས་ལས་བྱུང་བ་དང་། བསྒོམ་པ་ལས་བྱུང ་བ་དང་། སྨོན་ལམ་ཆེན་པོ་བཅུ་པོ་ཁྲི་ཕྲག་གྲངས་མེད་པ་བསྒྲུབས་པ་གང་ལགས་པ་དང་། ཕ་རོལ་དུ་ཕྱིན་པ་དྲུག་བསྒྲུབས་པ་གང་ལགས་པ་དང་།། ་སྟོང་པ་ཉིད་དང་། མཚན་མ་མེད་དང་། སྨོན་པ་མེད་པ་ཡང་དག་པར་བླངས་པ་གང་ལགས་པ་དང་། བྱང་ཆུབ་ཆེན་པོ་བསོགས་པ་གང་ལགས་པ་ནས་ལུས ་དང་ངག་དང་། ཡིད་ཀྱིས་ཕྱི་དང་ནང་གི་ལེགས་པར་སྤྱད་པ་གང་ལགས་པ་དེ་དག་ཐམས་ཅད་ལ་མཆོག་དང་། གཙོ་བོ་དང་། དམ་པ་དང་། རབ་དང་། ཕུལ་དང་། ་བླ་ན་མ་མཆིས་པ་དང་། གོང་མ་མཆིས་པ་དང་། གོང་མའི་ཡང་གོང་མ་དང་། མཉམ་པ་མ་མཆིས་པ་དང་། མི་མཉམ་པ་དང་མཉམ་པ་དང་། དམིགས ་པ་མ་མཆིས་པ་དང་། རྣམ་པར་རྟོག་པ་མ་མཆིས་པ་དང་། མཚན་མ་མ་མཆིས་པ་དང་། སྤྲོས་པ་མ་མཆིས་པ་དང་། ཡི་གེ་མ་མཆིས་པ་དང་། ཉོན་མོངས ་བ་མ་མཆིས་པ་དང་། ཆགས་པ་མ་མཆིས་པ་དང་། ན་མཁའ་ལྟར་མཉམ་པ་དང་། ལུས་དང་སེམས་གྲོལ་བ་དང་། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན ་པའི་སྟོང་པ་ཉིད་ཀྱི་རྗེས་སུ་ཡིད་རང་བས་རྗེས་སུ་ཡིད་རང་ངོ་།། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་འཕགས་པ་དང ་རྒྱལ་བ་ཉོན་མོངས་འདུལ་བ་དང་། དགེ་འབེབས་དང་། རྒྱ་སྤོས་གཙུག་དང་། ས་འཛིན་ལ་སོགས་པ་དེ་དག་དང་པོ་སེམས་བསྐྱེད་པ་ནས་བཟུང་ནས་ཅི་ཙམ་དུ་ཐེག ་པ་ཅིག་གིས་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དེར་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང་། ཚུལ་ཁྲིམས་ལས་བྱུང་བ་དང་། བསྒོམ ་བ་ལས་བྱུང་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དང་ཡང་དག་པར་ལྡན་པ་གང་ལགས་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་།། ་སྨོན་པ་མེད་པ་ཡང་དག་པར་བླངས་པ་གང་ལགས་པ་དང་། རང་བྱང་ཆུབ་བསགས་པ་གང་ལགས་པ་ནས་ལུས་དང་ངག་དང་ཡིད་ཀྱིས་ཕྱི་དང་ནང་གི་ལེགས ་པར་སྤྱད་པ་གང་ལགས་པ་དེ་དག་ཐམས་ཅད་ལ་མཆོག་དང་། གཙོ་བོ་དང་། དམ་པ་དང་། རབ་དང་། ཕུལ་དང་། བླ་ན་མ་མཆིས་པ་དང་། གོང་ན་མ་མཆིས་པ ་དང་། གོང་མའི་ཡང་གོང་མ་དང་། མཉམ་པ་མ་མཆིས་པ་དང་། མི་མཉམ་པ་དང་མཉམ་པ་དང་། དམིགས་པ་མ་མཆིས་པ་དང་། རྣམ་པར་རྟོག་པ་མ་མ ་དང་། མཚན་མ་མ་མཆིས་པ་དང་། སྤྲོས་པ་མ་མཆིས་པ་དང་། ཡི་གེ་མ་མཆིས་པ་དང་། ཉོན་མོངས་པ་མ་མཆིས་པ་དང་། ཆགས་པ་མ་མཆིས་པ་དང་། ་ན་མཁའ་ལྟར་མཉམ་པ་དང་། ལུས་དང་སེམས་གྲོལ་བ་དང་། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་རྗེས་སུ་ཡི་རང་བས་རྗེསུ་ཡི་རང་ངོ་།། ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་འཕགས་པ་རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ ་འཕགས་པ་ཤ་རིའི་བུ་དང་། མེའུ་འགལ་གྱི་བུ་དང་། ཀ་ཏྱའི་བུ་དང་། ཤེས་རབ་སྒྲོན་མ་དང་། རབ་འབྱོར་ལ་སོགས་པ་གང་ལགས་པ་དེ་དག་དང་པོ་སེམས་བསྐྱེད ་བ་ནས་གཟུང་ནས་ཇི་ཙམ་དུ་ཐེག་པ་ཅིག་གིས་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་བར་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང་། ཚུལ་ཁྲིམས ་ལས་བྱུང་བ་དང་། བསྒོམ་པ་ལས་བྱུང་བ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གནས་པ་དང་། ཡང་དག་པར་ལྡན་པ། གང་ལགས་པ་དང་། སྟོང་པ་ཉིད་དང་། ་མཚན་མ་མེད་པ་དང་། སྨོན་པ་མེད་པ་ཡང་དག་པར་བླངས་པ་གང་ལགས་པ་དང་། ཉན་ཐོས་ཀྱི་བྱང་ཆུབ་བསགས་པ་གང་ལགས་པ་ནས། ལུས་དང་ངག་དང་ཡིད ་ཀྱིས་ཕྱི་ནང་གི་ལེགས་པར་སྤྱད་པའི་བར་གང་ལགས་པ་དེ་དག་ཐམས་ཅད་ལ་མཆོག་དང་། གཙོ་བོ་དང་། དམ་པ་དང་། རབ་དང་། ཕུལ་དང་། བླ་ན་མ་མཆིས་པ་དང་། ་གོང་ན་མ་མཆིས་པ་དང་། གོང་མའི་ཡང་གོང་མ་དང་། མཉམ་པ་མ་མཆིས་པ་དང་། མི་མཉམ་པ་དང་མཉམ་པ་དང་། དམིགས་པ་མ་མཆིས་པ་དང་། རྣམ་པར་རྟོག ་པ་མ་མཆིས་པ་དང་། མཚན་མ་མ་མཆིས་པ་དང་། སྤྲོས་པ་མ་མཆིས་པ་དང་། ཡི་གེ་མ་མཆིས་པ་དང་། ཉོན་མོངས་པ་མ་མཆིས་པ་དང་། ་ཆགས་པ་མ་མཆིས་པ་དང་། ན་མཁའ་ལྟར་མཉམ་པ་དང་། ལུས་དང་སེམས་གྲོལ་བ་དང་། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་རྗེསུ་ཡི་རང ་བས་རྗེ་སུ་ཡི་རང་ངོ་།། ཁམས་གསུམ་དུ་སྐྱེས་པའི་སེམས་ཅན་གྱི་ཁམས་གང་ལགས་པའི་སྦྱིན་པ་ལས་བྱུང་བའི་བསོད་ནམས་ཀྱི་དངོས་པོ་དང་། ཚུལ་ཁྲིམས་ལས་བྱུང་བ་དང་། ་བསྒོམ་པ་ལས་བྱུང་བ་དང་། དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་པ་གང་ལགས་པ་ནས། ལུས་དང་ངག་དང་། ཡིད་ཀྱིས་ཕྱི་དང་ནང་གི་ལེགས་པར་སྤྱོད་པ་གང་ལགས ་པ་དང་། མ་འོངས་པ་ན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གནས་པ་དང་། ཡང་དག་པར་ལྡན་པ་གང་ལགས་པ་དེ་དག་ཐམས་ཅད་ལ་མཆོག་དང་། གཙོ་བོ་དང་། དམ་པ་དང་། རབ ་དང་། ཕུལ་དང་། བླ་ན་མ་མཆིས་པ་དང་། གོང་ན་མ་མཆིས་པ་དང་། གོང་མའི་ཡང་གོང་མ་དང་། མཉམ་པ་མ་མཆིས་པ་དང་། མི་མཉམ་པ་དང་མཉམ་པ་དང་། དམིགས་པ་མ་མཆིས ་པ་དང་། རྣམ་པར་རྟོགས་པ་མ་མཆིས་པ་དང་། མཚན་མ་མཆིས་པ་དང་། སྤྲོས་པ་མ་མཆིས་པ་དང་། ཡི་གེ་མ་མཆིས་པ་དང་། ཉོན་མོངས་པ་མ་མཆིས་པ་དང་། ན་མཁའ ་ལྟར་མཉམ་པ་དང་། ལུས་དང་སེམས་གྲོལ་བར་བགྱིའོ།། དགེ་བའི་རྩ་བ་དེས་ཚོགས་ཤིན་ཏུ་བསགས་ཤིང་དགེ་བའི་རྩ་བ་ཉེ་བར་བསགས་པ། སྐྱེ་བ་མེད་པ་དང་། འགག ་བ་མེད་པའི་ཆོས་ཉིད་མངོན་དུ་བགྱིས་ནས། བྱང་ཆུབ་ཆེན་པོར་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཅིག། དགེ་བའི་རྩ་བ་དེ་ལས་དགེ་བའི་རྩ་བ་བྱུང་བ་གང་ལགས ་པ་དེ་ཁམས་གསུམ་དུ་སྐྱེས་པའི་སེམས་ཅན་གྱི་ཁམས་ལ་དབུལ་བར་བགྱིའོ།། དེས་ཁམས་གསུམ་དུ་སྐྱེས་པའི་སེམས་ཅན་ཐམས་ཅད་བྱང་ཆུབ་ཆེན་པོར་མངོན་པར ་སངས་རྒྱས་ནས། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་གྱུར་ཅིག། བདུད་བཞི་ཚར་གཅོད་པར་གྱུར་ཅིག། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པར་གྱུར་ཅིག། བདག་ཀྱང་དཔེ ་བའི་ཕྱོགས་ལ་བརྩོན་པའི་སྙིང་རྗེས་ཆེན་པོ་མངོན་དུ་བགྱིས་ནས།། དྲན་པ་ཉེ་བར་བསྒྲུབ་པར་གྱུར་ཅིག། ལེ་ལོ་སེལ་བར་གྱུར་ཅིག། ལམ་ཉེ་བར་སྟོན་པར་གྱུར་ཅིག། ་མི་དགེ་བ་ལས་ཟློག་པར་གྱུར་ཅིག། དགེ་བའི་ལ་སྤྱོད་པར་གྱུར་ཅིག། ལུས་ལ་གཟི་བྱིན་འཇུག་པར་གྱུར་ཅིག། མཐུ་དང་སྟོབས་ཡང་དག་པར་སྐྱེད་པར་གྱུར་ཅིག ་སྒྲིབ་པ་ཆེན་པོ་སྟུག་པོར་གྱུར་པ་འདི་ལས་རྣམ་པར་གྲོལ་བར་གྱུར་ཅིག། སེམས་ཅན་གྱི་ཁམས་དང་ལས་ཀྱི་ཁམས་དང་། ཉོན་མོངས་པའི་ཁམས་དང་། ནམ ་མཁའི་ཁམས་ཇི་ཙམ་དུ་སེམས་ཅན་ལ་ཕན་པའི་ཕྱིར་གནས་པར་གྱུར་ཅིག། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང ་ཕྱུག་ལ་ཕྱག་འཚ་ལོ།། ཏདྱ་ཐཱ། ཨ་བ་ལོ་ཀེ། ལོ་ག། བི་ལོ་ཀེ། ལོ་ཀི་བི་ལོ་ཀི་ནི། ཨ་བ་ལོ་ཀཱ། ཡ་ཧི་མེ། སརྦ་ཀརྨ། ཨཱ་བ་ར་ནེ། བྷྱ་སྭཱ་ཧཱ། གང་དག་ཕྱོགས ་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐུགས་རྗེས་ཐུགས་ཁྱབ་པ། སྔོན་གྱི་སྨོན་ལམ་གྱི་བྱིན་གྱིས ་བརླབས་ཀྱིས་བཞུགས་ཤིང་། མཚོ་ལ་བ་ཞེས་པ་འདི་ལྟ་སྟེ། བཟང་པོ་དཔལ་དང་། ཅན་དན་དཔལ་དང་། ཏོག་གི་དཔལ་དང་། མྱ་ངན་ལས་མེད་པའི་དཔལ་དཔལ ་དང་། མེ་ཏོག་དཔལ་དང་། སྣང་བའི་དཔལ་དང་། ནོར་དཔལ་དང་། རྒྱ་མཚོ་དཔལ་དང་། རིན་ཆེན་མཚོ་དཔལ་དང་། རིན་ཆེན་མཆོད་སྡོང་དང་། ཀུན་ནས་སྣང་བ་དང་། ་དེ་ལ་སོགས་པ་ལ་བདག་གི་བསམ་པ་དང་། ལྷག་པའི་བསམ་པ་རུས་པའི་ཁོང་ནས་དགའ་བ་དང་། རྐང་གཉིས་ནས་དགའ་བའི་སེམས་ཐམས་ཅད་དང་། ལུས ་ཐམས་ཅད་བཏུད་ནས་ཕྱག་འཚལོ།། དེ་དག་ཡོངས་སུ་མྱ་ངན་ལས་འདས་པའི་སྐུའི་མཆོད་རྟེན་དང་། གཞལ་མེད་ཁང་དང་། དྲི་གཙང་ཁང་དང་། ཆོས་ཉིད་གང ་ལགས་པ་དེ་དང་། ཆོས་ཉིད་གང་ལགས་པ་དེས་སངས་རྒྱས་བཅོམ་ལྡན་འདས་དེ་དག་རབ་ཏུ་འབྱེད་པའི་ཆོས་ཉིད་དེ་དང་། དེ་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས ་སུ་བསྒོམས་པའི་སྐུ་གདུང་གང་ལགས་པ་དེ་དག་ལ་བདག་གིས་བསམ་པ་དང་། ལྷག་པའི་བསམ་ཡེབས་སེམས་ཐམས་ཅད་དང་། ལུས་ཐམས་ཅད་བཏུད་ནས ་ཕྱག་འཚལ་ལོ།། གང་དག་འདས་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང་། དེ་དག་ཡོངས་སུ་མྱ་ངན་ལས་འདས་པའི་སྐུའི་མཆོད་རྟེན་དང་། ་གཞལ་མེད་ཁང་དང་། དྲི་གཙང་ཁང་དང་། ཆོས་ཉིད་གང་ལགས་པ་དེ་དང་། ཆོས་ཉིད་གང་ལགས་པ་དེས། སངས་རྒྱས་བཅོམ་ལྡན་འདས་དེ་དག་རབ་ཏུ་འབྱེད་པའི ་ཆོས་ཉིད་དང་། དེ་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་བསྒོམ་པའི་སྐུ་གདུང་གང་ལགས་པ་དེ་དག་ལ་བདག་གིས་བསམ་པ་དང་། ལྷག་པའི་བསམ་པས ་སེམས་ཅན་ཐམས་དང་། ལུས་ཐམས་ཅད་བཏུད་ནས་ཕྱག་འཚལ་ལོ།། གང་དག་མ་འོངས་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང་། དེ་དག་ཡོངས ་སུ་མྱ་ངན་ལས་འདས་པའི་སྐུའི་མཆོད་རྟེན་དང་། གཞལ་མེད་ཁང་དང་། དྲི་གཙང་ཁང་དང་། ཆོས་ཉིད་གང་ལགས་པ་དེ་དང་། ཆོས་ཉིད་གང་ལགས་པ་དེས། ་སངས་རྒྱས་བཅོམ་ལྡན་འདས་དེ་དག་རབ་ཏུ་འབྱེད་པའི་ཆོས་ཉིད་དེ་དང་། དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བསྒོམས་པའི་སྐུ་གདུང་གང་ལགས ་པ་དེ་དག་ལ་བདག་གི་བསམ་པ་དང་། ལྷག་པའི་བསམ་པས་སེམས་ཐམས་དང་། ལུས་ཐམས་ཅད་བཏུད་ནས་ཕྱག་འཚལ་ལོ།། ཕྱོགས་བཅུའི་འཇིག་རྟེན ་གྱི་ཁམས་ན་བཞུགས་པའི་བྱང་ཆུབ་སེམས་དཔའ་རྟག་ཏུ་བརྩོན་པ་དང་། རབ་ཏུ་བརྩོན་པ་དང་། བརྩོན་པ་མི་འདོར་བ་རྣམས་ལ། འདི་ལྟ་སྟེ། ཆུ་ལྷའི་བློ་གྲོས ་དང་། སྣང་བའི་བློ་གྲོས་དང་། ནམ་མཁའི་བློ་གྲོས་དང་། གློག་གི་བློ་གྲོས་དང་། དོན་གྲུབ་བློས་གྲོས་དང་། རབ་ཏུ་ཞི་སྤྱོད་བློ་གྲོས་དང་། སོ་སོ་ཡང་དག་པ་རིག ་ཟ་དང་། རག་ཏུ་ཛིན་པ་དང་། རབ་ཏུ་བརྩོན་པ་ལ་སོགས་པ་དེ་དག་ལ་བདག་གི་བསམ་པས་དང་། ལྷག་པའི་བསས་པས་མེད ་ཐམས་ཅད་དང་། ལུས་ཐམས་ཅད་བཏུད་ནས་ཕྱག་འཚལ་ལོ།། དེ་དག་ཡོངས་སུ་མྱ་ངན་ལས་འདས་པའི་སྒྲའི་མཆོད་རྟེན་དང་། གནལ་མེད་ཁང་དང་། ་གཙང་ཁང་དང་། ཆོས་ཉིད་གང་ལགས་པ་དེས། བྱང་ཆུབ་སེམས་དཔའ་དེ་དག་རབ་ཏུ་འབྱེད་པའི་ཆོས་ཉིད་དེ་དང་། དེ་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པར་རབ ་བསྒོམས་པའི་སྐུ་གདུང་གང་ལགས་པ་དེ་དག་ལ་བདག་གི་བསམ་པ་དང་། ལྷག་པའི་བསམ་པས་སེམས་ཐམས་ཅད་དང་། ལུས་ཐམས་ཅད་བཏུད་ནས་ཕྱག ་འཚལ་ལོ།། གང་དག་འདས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། དེ་དག་ཡོངས་སུ་མྱ་ངན་ལས་འདས་པའི་སྐུའི་མཆོད་རྟེན་དང་། གཞལ་མེད་ཁང་དང་། ་དྲི་གཙང་ཁང་དང་། ཆོས་ཉིད་གང་ལགས་པ་དེ་དག་དང་། ཆོས་ཉིད་གང་ལགས་པ་དེས། བྱང་ཆུབ་སེམས་དཔའ་དེ་དག་རབ་ཏུ་འབྱེད་པའི་ཆོས་ཉིད་དང་། ་དེ་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་བསྒོམས་པའི་སྐུ་གཞུང་གང་ལགས་པ་དེ་དག་ལ་བདག་གི་བསམ་པ་དང་། ལྷག་པའི་བསམ་པས་སེམས་ཐམས ་ཅད་དང་། ལུས་ཐམས་ཅད་བཏུད་ནས་ཕྱག་འཚལ་ལོ།། གང་དག་མ་འོངས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། དེ་དག་ཡོངས་སུ་མྱ་ངན་ལས་འདས་པའི ་སྐྲའི་མཆོད་རྟེན་དང་། གཞལ་མེད་ཁང་དང་། དྲི་གཙང་ཁང་དང་། ཆོས་ཉིད་གང་ལགས་པ་དེ་དང་། ཆོས་ཉིད་གང་ལགས་པ་དེས། བྱང་ཆུབ་སེམས་དཔའ་དེ་དག་རབ ་ཏུ་འབྱེད་པའི་ཆོས་ཉིད་དེ་དང་། དེ་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པས་ཡོངས་སུ་བསྒོམས་པའི་སྐུ་གདུང་གང་ལགས་པ་དེ་དག་ལ་བདག་གི་བསམ་པ་དང་། ་ལྷག་པའི་བསམ་པས་སེམས་ཐམས་ཅད་དང་། ལུས་ཐམས་ཅད་བཏུད་ནས་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་འདོད་པ་ཆེན་པོ་དགའ་ལྡན་གྱི་གནས ་ན། མངལ་དུ་འཇུག་པ་དང་གནས་དང་ས་སྟོན་པ་དང་། བྱང་ཆུབ་ཀྱི་སྙིང་པོར་གཤེགས་པ་དང་། བྱང་ཆུབ་མངོན་པར་རྫོགས་པར་བྱང་ཆུབ་པ་དང་། བདུད ་འདུལ་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་ནས། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་བར་སྟོན་པ་གང་ལགས་པ་དེ་དག་ལ་བདག་གིས་བསམ་པ་དང་། ་ལྷག་པའི་བསམ་པ་ཐམས་ཅད་བཏུད་ནས་ཕྱག་འཚལ་ལོ།། དེ་དག་ཐམས་ཅད་ཀྱིས་ཡོངས་སུ་མྱ་ངན་ལས་འདས་པའི་སྐུའི་མཆོད་རྟེན་དང་། གཞལ་མེད ་ཁང་དང་། དྲི་གཙང་ཁང་དང་། ཆོས་ཉིད་གང་ལགས་པ་དེ་དང་། ཆོས་ཉིད་གང་ལགས་པ་དེས། སངས་རྒྱས་བཅོམ་ལྡན་འདས་དེ་དག་རབ་ཏུ་འབྱེད་པའི ་ཆོས་ཉིད་དང་། དེ་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་བསྒོམས་པའི་སྐུ་གདུང་གང་ལགས་པ་དེ་དག་ལ་བདག་གི་བསམ་པ་དང་། ལྷག་པའི་བསམ ་པས་སེམས་ཐམས་ཅད་དང་། ལུས་ཐམས་ཅད་བཏུད་ནས་ཕྱག་འཚལ་ལོ།། གང་དག་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུན ་པའི་འཕགས་པ་རང་རྒྱལ་བ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་མཁས་པ། སྐྱེ་བ་དང་འཇིག་རྟེན་གཏོགས་པ་རྣམས་ཀྱི་མཚན་མ་འདི་ལྟ་སྟེ། ་གསེ་རུ་ལྟར་སྤྱོད་པ་དང་། ཚོགས་དང་སྤྱོད་པ་གང་ལགས་པ་དེ་དག་ལ་བདག་གིས་བསམ་པ་དང་། ལྷག་པའི་བསམ་པས་སེམས་ཐམས་ཅད་དང་། ལུས་ཐམས ་ཅད་བཏུད་ནས་ཕྱག་འཚལ་ལོ།། དེ་དག་གི་ཡོངས་སུ་མྱ་ངན་ལས་འདས་པའི་སྐུའི་མཆོད་རྟེན་དང་། གཞལ་མེད་ཁང་དང་། དྲི་གཙང་ཁང་དང་། ཆོས་ཉིད་གང ་ལགས་པ་དེ་དང་། ཆོས་ཉིད་གང་ལགས་པ་དེས། རང་རྒྱལ་བ་དེ་དག་རབ་ཏུ་འབྱེད་པའི་ཆོས་ཉིད་དེ་དང་། དེ་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་བསྒོམས ་བའི་སྐ་གདུང་གང་ལགས་པ་དེ་དག་ལ་བདག་གི་བསམ་པ་དང་། ལྷག་པའི་བསམ་པས་སེམས་ཐམས་ཅད་དང་། ལུས་ཐམས་ཅད་བཏུད་ནས་ཕྱག་འཚལ་ལོ།། ་གང་དགེ་འདས་པའི་རང་རྒྱལ་བ་རྣམས་དང་། དེ་དག་ཡོངས་སུ་མྱ་ངན་ལས་འདས་པའི་སྐུའི་མཆོད་རྟེན་དང་། གཞལ་མེད་ཁང་དང་། དྲི་གཙང་ཁང་དང་། ཆོས་ཉིད ་གང་ལགས་པ་དེ་དང་། ཆོས་ཉིད་གང་ལགས་པ་དེས། རང་རྒྱལ་བ་དེ་དག་རབ་ཏུ་འབྱེད་པའི་ཆོས་ཉིད་དེ་དང་། དེ་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་བསྒོམས ་པའི་སྐུ་གདུང་གང་ལགས་པ་དེ་དག་ལ་བདག་གི་བསམ་པ་དང་། ལྷག་པའི་བསམ་པས་སེམས་ཐམས་ཅད་དང་། ལུས་ཐམས་ཅད་བཏུད་ནས་ཕྱག་འཚལ་ལོ།། ་གང་དག་མ་འོངས་པའི་རང་རྒྱལ་བ་རྣམས་དང་། དེ་དག་ཡོངས་སུ་མྱ་ངན་ལས་འདས་པའི་སྐུ་གདུང་གི་མཆོད་རྟེན་དང་། གཞལ་མེད་ཁང་དང་། དྲི་གཙང་ཁང་དང་། ་ཆོས་ཉིད་གང་ལགས་པ་དེ་དང་། ཆོས་ཉིད་གང་ལགས་པ་དེས། རང་རྒྱལ་བ་དེ་དག་རབ་ཏུ་འབྱེད་པའི་ཆོས་ཉིད་དེ་དང་། དེ་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན ་པ་ཡོངས་སུ་བསྒོམས་པའི་སྐུ་གདུང་གང་ལགས་པ་དེ་དག་ལ་བདག་གི་བསམྦ་པྲཱསྱཱ་སེམྦས་ཐམས་ཅད་དང་། ལུས་ཐམས་ཅད་བཏུད་ནས་ཕྱག་འཚལ་ལོ།། གང ་དག་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་འཕགས་པ་རྒྱུན་ཞུགས་པ་རྣམས་དང་། ལན་ཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མི་འོང་བ་རྣམས་དང་། ་དགྲ་བཅོམ་པ་རྣམས་དང་། དེ་དག་ལ་འཇུག་པ་གང་ལེགས་པ་རྣམས་དང་། དེ་དག་ཡོངས་སུ་མྱ་ངན་ལས་འདས་པའི་སྐུ་གདུང་གི་མཆོད་རྟེན་དང་། གཞལ་མེད ་ཁང་དང་། དྲི་གཙང་ཁང་དང་། ཆོས་ཉིད་གང་ལགས་པ་དེ་དང་ཆོས་ཉིད་གང་ལགས་པ་དེས། འཕགས་པ་རྒྱུན་དུ་ཞུགས་པ་རྣམས་དང་། ལན་ཅིག་ཕྱིར་མི་འོང ་བ་རྣམས་དང་། དགྲ་བཅོམ་པ་རྣམས་དང་། དེ་དག་ལ་འཇུག་པ་གང་ལགས་པ་དེ་དག་གི་རབ་ཏུ་འབྱེད་པའི་ཆོས་དེ་དང་། དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངསུ ་ཕྱིར་མི་འོངས་པ་རྣམས་དང་། ་བསྒོམས་པའི་སྐུ་གདུང་གང་ལགས་པ་དེ་དག་ལ་བདག་གི་བསམ་པ་དང་། ལྷག་པའི་བསམ་པས་སེམས་ཐམས་ཅད་དང་།། ་ལུས་ཐམས་ཅད་བཏུད་ནས་ཕྱག་འཚལ་ལོ།། གང་དག་འདས་པའི་འཕགས་པ་ཉན་ཐོས་རྣམས་དང་། དེ་དག་ཡོངས་སུ་མྱ་ངན་ལས་འདས་པའི་སྐུའི་གདུང ་མཆོད་རྟེན་དང་། གཞལ་མེད་ཁང་དང་། དྲི་གཙང་ཁང་དང་། ཆོས་ཉིད་གང་ལགས་པ་དེ་དང་། ཆོས་ཉིད་གང་ལགས་པ་དེས། འཕགས་པ་ཉན་ཐོས་དེ་དག ་རབ་ཏུ་འབྱེད་པའི་ཆོས་ཉིད་དེ་དང་། དེ་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་བསྒོམས་པའི་སྐུ་གདུང་གང་ལགས་པ་དེ་དག་ལ། བདག་གི་བསམ ་པ་དང་། ལྷག་པའི་བསམ་པས་པ་སེམས་ཐམས་ཅད་དང་། ལུས་ཐམས་ཅད་བཏུད་ནས་ཕྱག་འཚལ་ལོ།། གང་དག་ཕྱོགས་བཅུའི་འཇིག་རྟེན་གྱི ་ཁམས་ཀྱི་རྡུལ་ཕྲ་མོ་སྙེད་ཀྱི་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཡང་དག་པར་རྫོགས་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ ་དང་། ཉན་ཐོས་དང་། རང་རྒྱལ་དང་བཅས་པ་དེ་རྣམས་ལ་དབུལ་བར་བགྱིའོ།། དགེ་བའི་རྩ་བ་དེས་སེམས་ཅན་ཐམས་ཅད་ལ་རྣམ་པ་ཐམས་ཅད་ཀྱི ་མཆོག་དང་ལྡན་པའི་སྟོང་པ་ཉིད་མངོན་དུ་གྱུར་ཅིག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བློ་ཡངས་ཟབ་མོ་སྒྲོགས་པའི་རྒྱལ་པོ་ལ་ཕྱག་འཚལོ།། ་ཏདྱ་ཐཱ། བི་བྲ་ལ་སྭ་རེ། བི་བུ་ལ་ཡོ་ནི་ཤེ། ཨ་ན་ལ་སེ། ཨ་ན་ལ་ས། སཾ་བྷ་བེ། ཨ་ན་ལ་ས། འག་ཏིང་ག་ཏ་རེ་སྭཱ་ཧཱ། བདག་ཉིད ་ཉིན་མོ་དང་། མཚན་མོ་གཉིད་ལོག་པ་དང་། སད་པ་དང་། འོང་བ་དང་། འགྲོ་བ་དང་། འདུག་པ་དང་། ལངས་ནས་དབང་པོ་འགག་པར ་འགྱུར་བའི་བར་དུ་ཡང་ལུང་བསྟན་པ་དང་། ལུང་མ་བསྟན་པ་དང་། ལུས་དང་། ངག་དང་། ཡིད་ཀྱིས་ཕྱི་དང་ནང་གི་ལེགས་པར་སྤྱོད་པ་གང་ལགས ་པ་དང་། སྐྱེ་བ་ཐོག་མ་དང་ཐ་མ་མ་མཆིས་པའི་འཁོར་བར་བསགས་པ་གང་ལགས་པ་དང་། བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ་དགེ ་བའི་རྩ་བ་གང་ལགས་པ་དེ་དག་ཐམས་ཅད་སེམས་ཅན་ཐམས་ཅད་དང་འཐུན་སོང་དུ་བགྱིས་ནས། གཉིས་སུ་མེད་པའི ་ཚུལ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བགྱི། ་སྟེ། ཇི་ལྟར་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱིས། ་ཡོངས་སུ་བསྔོས་པ་དེ་བཞིན་དུ་བདག་གིས་ཀྱང་ཡོངས་སུ་བསྔོ་བར་བགྱིའོ།། ཡང་དག་པར་རྫོགས་པའི་སངས་རྒྱས་བདུན་པོ་རྣམས་ལ་ཕྱག་འཚལ་ལོ།། རྣམ་པར་གཟིགས་ཀྱི ་གཟི་བརྗིད་དང་། ཤཱཀྱ་སེང་གེའི་བརྩོན་འགྲུས་ཀྱིས། འདོད་ཆགས་ཞེ་སྡང་གཏི་མུག་དག། ནམ་ཡང་གཡོ་བར་མ་གྱུར་ཅིག། ཏདྱ་ཐཱ། ཛ་ཡན་ཏི། བི་ཛ་ཡན་ཏི། ཨ་བ་རཱ་ཛི་ཏི། ་མ་རཱ་སྱཻན་ནྱ། པྲ་མར་ད་ནི་ཡེ་སྭཱ་ཧཱ།། དགེ་བའི་རྩ་བ་དེས་སེམས་ཅན་འགྲོ་བ་དྲུག་ལ་རྟེན་པ་གང་ལགས་པ་དེ་དག་ཐམས་ཅད་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་དགོད་པར་བགྱིའོ།། དེ ་བཞིན་དུ་ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། ཐབས་དང་། སྨོན་ལམ་དང་སྟོབས་དང་། ཡེ་ཤེས་ཀྱི་ཕ་རོལ་དུ་ཕྱིན ་པ་ལ་དགོད་པར་འགྱིའོ།། དེ་བཞིན་དུ་རབ་ཏུ་དགའ་བ་དང་། དེ་བཞིན་དུ་དྲི་མ་མེད་པ་དང་། འོད་བྱེད་པ་དང་། འོད་འཕྲོ་བ་ཅན་དང་། ཤིན་དུ་སྦྱང་དཀའ་དང་། མངོན་དུ་གྱུར་པ་དང་། ་རིང་དུ་སོང་བ་དང་། མི་གཡོ་བ་དང་། ལེགས་པའི་བློ་གྲོས་དང་། ས་ཆོས་ཀྱི་སྤྲིན་ལ་དགོད་པར་བགྱིའོ།། དེ་བཞིན་དུ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང་། དེ་བཞིན་དུ་བརྟན་པར་གནས་པའི ་ཐབས་ལ་མངོན་པར་བརྩོན་པ་མངོན་དུ་འགྲོ་བ་ཡོངས་སུ་བསགས་པའི་ཏིང་ངེ་འཛིན་དང་། ངེས་པར་འབྱུང་བའི་ཏིང་ངེ་འཛིན་དང་། ཀུན་དུ་གསལ་བའི་ཏིང་ངེ་འཛིན་དང་། ཀུན ་དུ་སྣང་བའི་ཏིང་ངེ་འཛིན་དང་། རིན་ཆེན་ཏོག་གི་ཏིང་ངེ་འཛིན་དང་། རིན་ཆེན་ཟླ་བའི་ཏིང་ངེ་འཛིན་དང་། རྒྱལ་མཚན་རྩེ་མོའི་ཏོག་གི་ཏིང་ངེ་འཛིན་དང་། སྙིང་རྗེ་བསགས་པའི་ཏིང ་ངེ་འཛིན་དང་། ཆོས་ཐམས་ཅད་ཀྱི་ཚིག་རབ་ཏུ་དབྱེ་བ་བསྟན་པ་ཤེས་པ་ལ་མཁས་པའི་ཏིང་ངེ་འཛིན་ལ་དགོད་པར་བགྱིའོ།། དེ་བཞིན་དུ་རྒྱ་མཚོའི་ཕྱག་རྒྱ་མི་ཟད་པར་སྒྲུབ་པའི་གཟུང ་དང་། དེ་བཞིན་དུ་སེམས་ཅན་གྱི་སྤྱོད་པ་ལ་འཇུག་པའི་གཟུངས། ཉི་མའི་ཏོག་སྣང་བ་མཐའ་ཡས་པའི་གཟུངས་དང་། ཟླ་བ་དྲི་མ་མེད་པའི་གཟི་བརྗིད་དང་། མངོན་པར་འཕགས་པའི ་གཟུངས་དང་། ཀུན་ནས་བཀྲིས་པ་ཐམས་ཅད་རྣམ་པར་སེལ་བ་དང་། རྡོ་རྗེའི་སྙིང་པོ་བསྟན་པས་ཉོན་མོངས་པ་མཐའ་ཡས་པ་རྣམ་པར་མཐོར་བ་དང་། བརྗོད་དུ་མེད་པའི་དོན་སྟོན ་བ་དོན་དམ་པར་ཡང་དག་པར་འདུ་བྱ་བ་དང་། ལྡམ་པོའི་ཚིག་སྨྲའི་སྒྲ་འཇུག་པ་དང་། ན་མཁའི་དཀྱིལ་ལྟར་དྲི་མ་མེད་པ་སྒྲུབ་པ་དང་། ཟད་མི་ཤེས་པའི་ཕྱག་རྒྱས་བཏབ་པ་དང ་སངས་རྒྱས་ཀྱི་སྐུ་མཐའ་ཡས་པ་ཡོངསུ་འགྲུབ་པ་བསྒྲུབ་པའི་གཟུངས་ལ་དགོད་པར་བགྱིའོ།། དེ་བཞིན་དུ་ཕ་རོལ་དུ་ཕྱིན་པ་བཅུ་པོ་དེ་དག་ནས་གཟུངས་ཀྱི་སྒོ་བཅུའི་བར་དག་ལ་དགོད ་ནས། དེ་རྣམས་དང་ལྷན་ཅིག་འདི་ནས་འགུམ་པའི་འོག་ཏུ་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེས་པར་འགྱུར་ཞིང་། གང་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་དཔག་མེད་དེ ་དང་། བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་དེ་དང་། བཅོམ་ལྡན་འདས་མཐུ་ཆེན་ཐོབ་པ་དེ་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་འཁོར་དེ་རྣམས་མཉེས་པར་གྱུར་ཅིག། ་བཅོམ་ལྡན་འདས་འཁོར་དང་བཅས་པ་དེ་དག་མི་མཉེས་པར་མ་གྱུར་ཅིག། དེ་བཞིན་གཤེགས་པ་འོད་དཔག་མེད་ལ་ཕྱག་འཚལ་ལོ།། ཏདྱ་ཐཱ། ་པད་མ་པད་མི་ནི། པད་མ་ལོ་ཙ་ནེ། པད་མ་སམ་བྷ་བ་སྭཱ་ཧཱ། དེ་བཞིན་གཤེགས་པ་འོད་དཔག་མེད་ལ་ཕྱག་འཚལ་ལོ།། ཏདྱ་ཐཱ། ཨ་མྲི་ཏོང་བྷ་བེ། ཨ་མྲྀ་ཏ། སམ་བྷ་བེ། ཨ་མྲི ་ཏ། བི་ཀྲཱ་ན་ཏེ། ག་ག་ན། གིར་ཏི་ཀ་རེ་སརྦ་ཀརྨ་ཀླེ་ཤ། ཀྲ་ཡ་ཀ་རི་སྭཱ་ཧཱ། དགེ་བའི་རྩ་བ་དེས་འཕགས་པ་བྱམས་པ་མངོན་པར་རྫོགས་པར་སངས་རྒྱས་མ་ཐག་ཏུ། བདག་མངོ ་སུམ་དུ་ལུང་སྟོན་པས་ལུང་བསྟན་ཅིང་། མངོན་སུམ་དུ་ལུང་སྟོན་པ་དང་། ཡང་དག་པའི་ལུང་སྟོན་པ་དང་། ལྐོག་མ་མ་ཡིན་པར་ལུང་སྟོན་པ་དང་། དེ་བཞིན་ཉིད་དུ་ལུང་སྟོན་པ་དང་། ་ཡང་དག་པའི་མཐར་ལུང་སྟོན་པ་དང་། ཆོས་ཀྱི་དབྱིངས་སུ་ལུང་སྟོན་པ་ནས་དེ་ཁོ་ན་ཉིད་མཐོང་བའི་བར་གྱི་ལུང་སྟོན་པས་ལུང་བསྟན་པར་གྱུར་ཅིག། ལུང་བསྟན་ནས་བཅོམ་ལྡན་འདས ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉེས་པར་བྱེད་པར་གྱུར་ཅིག། ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། སྙུན་གྱི་གསོས་སྨན ་གྱི་རྐྱེན་ཡོ་བྱེད་རྣམས་དང་། དེ་ལས་གཞན་པ་དེ་བཞིན་གཤེགས་པ་དག་གི་ཟག་པ་མེད་པའི་མཆོད་པ་རྣམས་ཀྱིས་མཆོད་ནས། དེའི་དྲུང་དུ་གུས་པས་རབ་ཏུ་བྱུང་བ་ཐོབ་ཅིང་། གཞོ ་ནུའི་རབ་ཏུ་འབྱུང་བ་དང་། ལྐོག་མ་མ་ཡིན་པར་རབ་ཏུ་འབྱུང་བ་དང་། དེ་ཉིད་ཀྱི་རབ་ཏུ་འབྱུང་བ་དང་། ཡང་དག་པའི་མཐར་རབ་ཏུ་འབྱུང་བ་ནས་དེ་ཁོ་ན་ཉིད་མཐོང་བའི་བར་དུ་རབ ་ཏུ་འབྱུང་བ་ཐོབ་པར་གྱུར་ཅིག། དེ་ཡང་འཇིག་རྟེན་ལས་འདས་པའི་ཁྱད་པར་དུ་འཕགས་པ་སྐྱོན་མེད་པ། མ་འདྲེས་པ། རྙོག་པ་མེད་པ། ལྷ་དང་མི་དག་མངོན་པར་དགའ་བ། སངས ་རྒྱས་དང་བྱང་ཆུབ་སེམས་དཔའ་ལས་བསྔགས་པ། སེམས་ལ་སྨན་པའི་སླད་དུ་བདག་རབ་ཏུ་འབྱུང་བར་གྱུར་ཅིག། དེ་བསྐལ་པ་བཟང་པོའི་ཡང་དག་པར་རྫོགས་པའི་སངས་རྒྱས་དང་། ་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་ཀྱི་དགེ་འདུན་ཐམས་ཅད་ལ་བྱིན་པ་ནས། ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། སྙུང་བའི་གསོས་སྨན་གྱི་རྐྱེན་ཡོ་བྱད་རྣམས་ཀྱིས ་མཉེས་པར་བགྱིས་ནས་དེ་དག་གི་དྲང་དུ་གུས་པའི་རབ་ཏུ་བྱུང་བ་ཐོབ་ཅིང་། གཞོན་ནུའི་རབ་ཏུ་འབྱུང་བ་དང་། མངོན་སུམ་དུ་རབ་ཏུ་འབྱུང་བ་དང་། ལྐོག་མ་མ་ཡིན་པར་རབ་ཏུ་འབྱུང ་བ་དང་། དེ་བཞིན་དུ་རབ་ཏུ་འབྱུང་བ་དང་། ཡང་དག་པའི་མཐའ་རབ་ཏུ་འབྱུང་བ་ནས། དེ་བཞིན་ཉིད་འཐོང་བའི་བར་དུ་རབ་ཏུ་འབྱུང་བ་ཐོབ་པར་གྱུར་ཅིག། དེ་ཡང་འཇིག་རྟེན་དང ་འཇིག་རྟེན་ལས་འདས་པའི་ཁྱད་པར་དུ་འཕགས་པ་སྐྱོན་མེད་པ་མ་འདྲེས་པ། རྙོག་པ་མེད་པ་ལྷ་དང་མི་དགེ་མངོན་པར་དགའ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བསྔག ་པ། སེམས་ཅན་ལ་སྨན་པའི་སླད་དུ་བདག་རབ་ཏུ་འབྱུང་བར་གྱུར་ཅིག། དེ་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་ཡང་དག་པའི་སངས་རྒྱས་བྱང་ཆུབ་སེམས་དཔ ་དང་། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་གང་ལགས་པ་དེ་དག་བདག་གིས་མཉེས་པར་བགྱིས་པར་གྱུར་ཅིག། དེ་དག་གི་དྲུང་དུ་སྐད་ཅིག་མ་ཅིག་ལ། མིང་དང་སངས་རྒྱས་ཀྱི ་ཞིང་ལུང་བསྟན་པ་ཐོབ་ཅིང་། གུས་པའི་རབ་ཏུ་འབྱུང་བ་དང་། གཞོན་ནུའི་རབ་ཏུ་འབྱུང་བ་དང་། མངོན་སུམ་དུ་རབ་ཏུ་འབྱུང་བ་དང་། ་ལྐོག་མ་མ་ཡིན་པར་རབ་ཏུ་འབྱུང་བ་དང་། དེ་བཞིན་ཉིད་དུ་རབ་ཏུ་འབྱུང་བ་དང་། ཡང་དག་པའི་མཐའ་རབ་ཏུ་འབྱུང་བ་ནས། དེ་ཁོ་ན་ཉིད་མཐོང་བའི་བར་དུ་རབ་ཏུ་འབྱུང་བ་ཐོབ་པར ་གྱུར་ཅིག། དེ་ཡང་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་ཁྱེད་དུ་འཕགས་པ། སྐྱོན་མེད་པ། མ་འདྲེས་པ། རྙོག་པ་མེད་པ། ལྷ་དང་མི་དག་མངོན་པར་དགའ་བ། སངས་རྒྱས ་དང་བྱང་ཆུབ་སེམས་དཔས་བསྔགས་པ། སེམས་ཅན་ལ་སྨན་པའི་སླད་དུ། བདག་རབ་ཏུ་འབྱུང་བར་གྱུར་ཅིག། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ། ་འཕགས་པ་བྱམས་པ་ལ་ཕྱག་འཚལ་ལོ།། ཏདྱ་ཐཱ། མཻ་ཏྲེ་མཱཾ་ཏྲེ། ས་མ་ཙིད་ཏེ་སྭཱ་ཧཱ། དེ་ནས་ཕ་རོལ་དུ་ཕྱིན་པ་དྲུག་ལ་མངོན་པར་བརྩོན་པར་གྱུར་ཅིག། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ ་ལ་གནས་པ་དང་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་གནས་པ་དང་། ན་མཁའ་མཛོད་དང་། ལག་ན་རིན་པོ་ཆེ་དང་། མངོན་པར་ཤེས་པ་ལྔ་དང་། དབང་ཐོབ་པ ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ་དང་། ནམས་ཀྱང་དབང་པོ་ཞི་ཞིང་དབང་པོ་དང་བྲལ་བར་མི་འགྱུར་བ་དང་། ལྟ་བ་ངན་པར་ལྟུང་བར་མི་འགྱུར་བ་དང་། ནམས་ཀྱང་ཡུལ ་འཁོར་ངན་པ་དང་། སྐྱེ་བོ་ངན་པའི་ནང་དུ་སྐྱེ་བར་མ་གྱུར་ཅིག། ནམས་ཀྱང་མི་ཁོམ་པར་སྐྱེ་བར་མ་གྱུར་ཅིག། ནམས་ཀྱང་སངས་རྒྱས་དང་དགེ་འདུན་མཐོང་བ་དང་། ཐོས་པ་དང་། ་མཆོད་པ་དང་། རིམ་གྲོ་བགྱིད་པ་དང་འབྲལ་བར་མ་གྱུར་ཅིག། རྣམས་ཀྱང་ཚུལ་ཁྲིམས་འཆལ་བར་མི་འགྱུར་བ་ནས། རྨི་ལམ་དུ་ཡང་ཉན་ཐོས་དང་། རང་བྱང་ཆུབ་འདོད་པའི་ཕྱིར ་ནམས་ཀྱང་བྱང་ཆུབ་ཀྱི་སེམས་དང་འབྲལ་བར་མ་གྱུར་ཅིག། ནམས་ཀྱང་སེམས་ཅན་ཡོངས་སུ་སྨིན་པར་བགྱིད་པ་དང་། འབྲལ་བར་མ་གྱུར་ཅིག། ནམས་ཀྱང་དགེ་བའི་བཤེས་གཉེན ་དང་འབྲལ་བར་མ་གྱུར་ཅིག། ནམས་ཀྱང་སྐད་ཅིག་ཏུ་ཡང་ཐབས་དང་ཤེས་རབ་དང་བྲལ་བར་མ་གྱུར་ཅིག། ནམ་ཀྱང་རིགས་དམའ་བ་དང་། བརྩོན་འགྲུས་ལེ་ལོ་ཅན་དུ་མ་གྱུར་ཅིག། ་བདག་ཚེ་རབས་ཚེ་རབས་སུ་སངས་རྒྱས་ཀྱི་ཆོས་རྣམས་ལ་བརྩོན་འགྲུས་སྤངས་པ་སྐྱེ་བར་གྱུར་ཅིག། སེམས་ཅན་ལ་སྨན་པའི་སླད་དུ་བདག་རྫུས་ཏེ་སྐྱེ་བར་གྱུར་ཅིག། ཇི་ལྟར་སངས་རྒྱས ་བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་དེ་དག་མ་འཁྲུགས་པ་ལྟར་བདག་སངས་རྒྱས་ཀྱི་རིགས་སུ་སྐྱེ་བར་གྱུར་ཅིག། དེ་ནས་བསྟན་བཅོས་ཐམས་ཅད་དང་། བཟོ་ཐམས་ཅད་དང་། ་ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་མངོན་དུ་གྱུར་ཅིག། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ ་དྲི་མ་མེད་པར་གྲགས་པ་ལ་ཕྱག་འཚལ་ལོ།། ཏདྱ་ཐཱ། ཀིར་ཏི་ཏ། སརྦ་ཛི་ནེ་བྷྲྀ། ཨ་ཏི་ཀི་ར་ཏི་ཏ། སརྦ་ཛི་ནི་བྷི། བད་ཛྭ་ཨ་ཀ་རེ། བད་སམ་བྷ་བེ། བད་ཛ་བྷེ་ཏེ་ཀ་རེ་སྭཱ་ཧཱ། ས་དང་ཆུ ་དང་མེད་དང་། རླུང་དང་། ན་མཁའ་ཉེ་བར་མཚོ་བ་ལྟར། དགེ་བ་བཅུའི་ལས་ཀྱི་ལམ་འདི་དག་གིས་ཡང་དག་པར་བསྒྲུང་པའི་ཕུང་པོ་ལྔ་པོ་གང་ལགས་པ་དེ་དག་ཐམས་ཅད་དང་བྲར ་དུ་འགྱིས་ནས། སངས་རྒྱས་དང་ཆོས་དང་དགེ་འདུན་ཡོངས་སུ་སྤྱོད་པ་དག་ལ་འབུལ་བར་བགྱིའོ།། ནམ་གུང་ནས་ཀྱང་བྱརྒོད་དང་། ་ཀི་དང་། ཁྱི་དང་། ཝ་དང་། གཅན་ཟན་དང་། བྱ་རྣམས་ཀྱིས་ལྤགས་པ་དང་། ཤ་དང་། རྒྱུས་པ་དང་། རུས་པ་དང་། རྐང་དང་ཁྲག་རྣམས་ཡོངས་སུ་ཟ་བར་གྱུར་ཅིག། ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་གྱུར་ཅིག། དེ་ནས་ཁམས་གསུམ་ན་རྡུལ་ཕྲ་མོ་ཇི་སྙེད་པའི་སེམས་ཅན་དེ་སྙེད་སེམས་ཀྱི་སྐད་ཅིག ་གཅིག་ལ་རྣམ་པར་གྱུར་ཅིག། རྣམ་པར་ཐར་པ་བགྱིས་ནས་ཕྱིར་མི་ལྡོག་པའི་ས་དག་ལ་རབ་ཏུ་འགོད་པར་གྱུར་ཅིག། དེ་ནས་མཐོང་བས་ཀྱང་སེམས་ཅན་རྣམས་ཡོངས་སུ་སྨིན་པར ་བགྱིད་པར་གྱུར་ཅིག། ཐོས་པ་དང་དྲན་པས་ཀྱང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་གྱུར་ཅིག། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ན་མཁའི་སྙིང་པོ་ལ་ཕྱག་འཚལ་ལོ ་ཏདྱ་ཐཱ། གརྦེ་གརྦྷེ། གརྦྷ། བི་དོ་དྷི་ནི་སྭཱ་ཧཱ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པར་བཞེད་པ་གང ་ལགས་པ་དེ་དག་ལ། བདག་གི་བསམ་པ་དང་ལྷག་པའི་བསམ་པ་རུས་པའི་ཁོང་ནས་དགའ་བ་དང་། རྐང་གི་ཁོང་ནས་དགའ་བས་སེམས་ཅན་ཐམས་ཅད་དང་ལུས་ཐམས་ཅད ་བཏུད་ནས་སེམས་ཅན་ལ་སྨན་པའི་སླད་དུ། སེམས་ཅན་གྱི་ཁམས་དང་། ལས་ཀྱི་ཁམས་དང་ཉོན་མོངས་པའི་ཁམས་དང་། ནམ་མཁའི་ཁམས་ཇི་ཙམ་པ་དེ་ཙམ་དུ་མྱ་ངན་ལས ་མི་འདའ་ཞིང་བཞུགས་པར་གསོལ་བར་འཚལ་ལོ།། དེ་བཞིན་གཤེགས་པ་ཡོན་ཏན་འབྱུང་གནས་ལ་ཕྱག་འཚལ་ལོ།། ཏདྱ་ཐཱ། ག་ག་ན། ཨ་ཀ་རེ་ག་ག་ན། སཾ་བྷ་ཏེ། ག་ག་ན། ་ཀཱིར་ཏི་ཀ་རེ་སྭཱ་ཧཱ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་བྱང་ཆུབ་སེམས་དཔའ་ཚོགས་ཤིན་དུ་བསགས་པ་གང་ལགས་པ་རྣམས་དང་། ཚོགས་ཆུང་ངུ་གང་ལགས་པ ་རྣམས་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་གང་ལགས་པ་རྣམས་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་གང་ལགས་པ་དེ་རྣམས་ལ་བདག་བསྐུལ་མ་འདེབས་ཏེ། དེ་རྣམས་ལ་བདག་གི ་ལུས་དང་། ངག་དང་། ཡིད་ཀྱིས་ལེགས་པར་སྤྱད་པ་དེ་དབུལ་བར་བགྱིའོ།། དགེ་བའི་རྩ་བ་དེས་ཚོགས་རྣམས་ཤིན་དུ་བསགས་ཤིང་དགེ་བའི་རྩ་བ་རྣམས་ལེགས་པར་བསགས་ནས། ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་གྱུར་ཅིག། བདུད་བཞི་ཚར་བཅོད་པར་གྱུར་ཅིག། ་སེམས་ཅན་ཡོངས་སུ་སྨིན་པར་བགྱིད་པར་གྱུར་ཅིག། སེམས་ཅན་ལ་སྨན་པའི་སླད་དུ། སེམས་ཅན་གྱི་ཁམས་དང་། ལས་ཀྱི་ཁམས་དང་། ཉོན་མོངས་པའི་ཁམས་དང་། ནམ་མཁའི ་ཁམས་ཅི་ཙམ་པ་དེ་ཙམ་དུ་བཞུགས་པར་གསོལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་བློ་གྲོས་མི་ཟད་པ་ལ་ཕྱག་འཚལ་ལོ།། ཏདྱ་ཐཱ། ཨ་ཀྲཱ་ཡེ། ཨཀྐ ་ཡེ། ཨཀྐ་ཡ། བི་ཤོ་དྷེ་ན་སྭཱ་ཧཱ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན། རྡུལ་ཕྲ་མོ་སྙེད་ཀྱི་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཡང་དག་པར་རྫོགས་པའི་ས ་རྒྱས་དང་། བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱི་སྨོན་ལམ་ཆེན་པོ་བཅུ་པོ་ཁྲི་ཁྲག་གྲངས་མེད་པ་དེ་དག་མཛད་པ་རྣམས་ལ་ལྷུན་གྱིས་གྲུབ་པ ་འཇུག་པ་དེ་བཞིན་དུ། བདག་ཚེ་རབས་ཚེ་རབས་སུ་འཇུག་པར་གྱུར་ཅིག། དེ་ནས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དགེ་བར་འགྱུར་བ་ནི། ཇི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས ་པ་འོད་དཔག་མེད་དེའི་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དང་། ཇི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དེ་མི་འཁྲུགས་པ་དེའི་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ ་དང་། ཇི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་པདྨའི་སྤྱན་དེའི་འཇིག་རྟེན་གྱི་ཁམས་པདྨ་ཅན་དང་། ཇི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀུན་དུ་བཟང་པོ་དེའི་འ ་རྟེན་གྱི་ཁམས་མིག་མི་འཛུམས་པ་དང་། ཇི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་པོ་ཆེ་མེ་ཏོག་དེའི་འཇིག་རྟེན་གྱི་ཁམས་རིན་ཆེན་ལྡན་པ་དང་། ཇི་ལྟར་བཅོམ་ལྡན་འདས ་དེ་བཞིན་གཤེགས་པ་སྤོབས་པ་བརྩེགས་པ་དེའི་འཇིག་རྟེན་གྱི་ཁམས་དྲི་གསུང་ཞིམ་པ་དང་། ཇི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་པོ་ཆེ་བཀོད་པ་དེའི་འཇིག་རྟེན ་གྱི་ཁམས་རིན་པོ་ཆེ་བཀོད་པ་དང་། ཇི་ལྟར་མ་འོངས་པའི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བདེན་པའི་བློ་གྲོས་ཏོག་གི་རྒྱལ་པོའི་སངས་རྒྱས་ཀྱི་ཞིང་དང་། ཇི་ལྟར་བཅོམ་ལྡན ་འདས་དེ་བཞིན་གཤེགས་པ་གསེར་གྱི་མེ་ཏོག་དེའི་སངས་རྒྱས་ཀྱི་ཞིང་དང་། ཇི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་སྦྱིན་པ་དེའི་སངས་རྒྱས་ཀྱི་ཞིང་དང་། རྨི ་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དྲ་བ་ཅན་གྱི་འོད་དེའི་སངས་རྒྱས་ཀྱི་ཞིང་དང་། ཇི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས ་པའི་སངས་རྒྱས་ཤཱཀྱ་ཐུབ་པས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞི་ལེགས་པར་བསྟན་པ་དང་། ཇི་ལྟར་བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཐམས ་ཅད་ཀྱི་ཡུལ་ལ་འཇུག་པ་ཡེ་ཤེས་སྣང་བ་བརྒྱན་གྱི་གླིང་བཞིར་སངས་རྒྱས་ཀྱི་ཞིང་རིན་པོ་ཆེ་ཆེན་པོའི་པདྨའི་སྙིང་པོར་བྱུང་བ་མངོན་པར་བསྒྲུབས་པ་དེ་ལྟ་བའི་སངས་རྒྱས་ཀྱི་ཞིང་དེར་བྱང ་ཆུངབ་སེམས་དཔའ་དེ་རྣམས་ཀྱི་མཐུ་རབ་ཏུ་བྱུང་ཞིང་། དེར་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཅིག། ཇི་ལྟར་འདས་པ་དང་། ་མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱི་སྨོན་ལམ་ཆེན་པོ་ཤིན་དུ་ཡོངསུ་དག་པས་བསྒྲུབས་པ། རང་གི་བསོད ་ནམས་ལས་ངེས་པར་སྐྱེས་པ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པར་སངས་རྒྱས་ཀྱི་ཞིང་བསྟན་པ་དེ་དག་ཡོངས་སུ་བཟུང་བ་དང་། ཡོངས་སུ་འཛིན་པ་དང་། ཡོངས་སུ་འཛིན་པར་འགྱུར་བ་དེ ་ལྟ་བུ་བདག་གི་སངས་རྒྱས་ཀྱི་ཞིང་གཅིག་ཏུ་འགྱུར་ཞིང་ཆུ་ཞེས་དཔག་ཏུ་མེད་པ་དང་། ཡོན་ཏན་གྱི་བརྒྱན་དཔག་ཏུ་མེད་པའི་མིང་དང་། སངས་རྒྱས་ཀྱི་ཞིང་ཁྱད་པར་དུ་འཕགས་པ་མངོན ་པར་མཐོ་བའི་རྒྱན་བཀོད་པར་མཐོང་བ་དང་། རེག་པ་དང་ཐོས་པ་དང་དྲན་པས་ལྷན་ཅིག་མངོན་པར་རྫོགས་པར་བྱང་ཆུབ་པར་གྱུར་ཅིག། སངས་རྒྱས་ཀྱི་ཞིང་དེར་སེམས་ཅན་གང་དག་ས ་རྒྱས་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཡོངས་སུ་བཏང་བ། མར་མི་འཛིན་པ། བར་མི་འཛིན་པ། དགེ་སློང་དུ་མི ་འཛིན་པ། བྲམ་ཟེར་མི་འཛིན་པ། རིགས་ཀྱི་རྒན་རབས་ཀྱི་རྗེས་མི་རྙོགས་པ། ངང་ཚུལ་ངན་པ། སྡིག་པའི་ཆོས་ཡང་དག་པར་སྤྱོད་པ། རྒྱུ་བསྲེགས་པ། བསམ་པ་བསྲེགས་པ། ་ས་བོན་བསྲེགས་པ། དགེ་བའི་རྩ་བ་ཆད་པ། ངན་སོང་ལ་མངོན་པར་ཕྱོགས་པ། མཚམས་མེད་པ་ལྔ་དང་ལྡན་པ། བྱང་ཆུབ་སེམས་དཔའི་གཏུམ་པོ།། དམ་པའི་ཆོས་སྤོང་བ་དེ་རྣ ་སངས་རྒྱས་ཀྱི་ཞིང་དེར་འདས་པ་དང་པོར་འབྱུང་བར་འགྱུར་ཞིང་། བདག་གིས་དེ་དག་ཐམས་ཅད་ཞི་བའི་ལམ། བླ་ན་མེད་པའི་སངས་རྒྱས་ཉིད་ལ་དགོད་པར་གྱུར་ཅིག། དེ་ནས་ཇི་ཙམ་དུ ་ཁམས་གསུམ་དུ་སྐྱེས་པའི་སེམས་ཅན་མ་འོངས་པའི་འཕགས་པ་ཉན་ཐོས་རྣམས་དང་། དེ་དག་མྱ་ངན་ལས་འདས་པའི་སྐུའི་མཆོད་རྟེན་དང་། གཞལ་མེད་ཁང་དང་། དྲི་གཙང ་ཁང་དང་། ཆོས་ཉིད་གང་ལགས་པ་དང་། ཆོས་ཉིད་གང་ལགས་པ་དེས། འཕགས་པ་ཉན་ཐོས་དེ་དག་ཏུ་འབྱེད་པའི་ཆོས་ཉིད་དང་། དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས ་སུ་བསྒོམས་པའི་སྐུ་གདུང་གང་ལགས་པ་དེ་དག་ལ་བདག་གི་བསམ་པ་དང་། ལྷག་པའི་བསམ་པས་སེམས་ཐམས་ཅད་དང་། ལུས་ཐམས་ཅད་བཏུད་ནས་ཕྱག་འཚལ་ལོ།། ་གང་བདག་ཁམས་གསུམ་འདིའི་གླིང་བཞི་དག་ན། འཕགས་པ་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་པའི་སྐུ་མདོར་ན ་འཇིག་རྟེན་གྱི་ཁམས་འདི་འམ། འཇིག་རྟེན་གྱི་ཁམས་གཞན་རྣམས་ན། མངོན་པར་འདུ་བྱེད་པར་འགྱུར་བ་དང་། མཆོད་པ་བྱས་དང་། མངོན་པར་བྱེད་པ་དང་། མཆོད་པ་བྱེད ་འགྱུར་བ་དང་། འཕགས་པ་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དང་། དེ་བཞིན་གཤེགས་པའི་སྐུ་གདུང་གི་མཆོད་རྟེན་དང་། གཞལ་མེད་ཁང་དང་། དྲིག ་ཁང་དང་། ཆོས་ཉིད་གང་ལགས་པ་དེ་དང་། ཆོས་ཉིད་གང་ལགས་པ་དེས་འཕགས་པ་དེ་དག་རབ་ཏུ་འབྱེད་པའི་ཆོས་ཉིད་དེ་དང་། དེ་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ ་བསྒོམས་པའི་སྐུ་གདུང་གང་ལགས་པ་དེ་དག་ལ། བདག་གི་བསམ་པ་དང་། ལྷག་པའི་བསམ་པས་སེམས་ཐམས་ཅད་དང་། ལུས་ཐམས་ཅད་བཏུད་ནས་ཕྱག་འཚལ་ལོ།། ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། ཏདྱ་ཐཱ། ཙན་དྲ་པྲ་བྷེ། ཙན་ད་ནེ། ཙུར་ཎེ། ཀཱི་ལ་བས་པ་ཏེ། སརྦ་ཏ་ཐཱ་ག་ཏ། ཨོཾ་དྷིཥྛི་ཏ། ཨ་ནུ་མོ ་དི་ཏ་སྭཱ་ཧཱ། ཇི་ལྟར་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱིས་བརྒྱན་ཆེན་པོ་ཟབ་མོས་པ། ་རོལ་ཏུ་ཕྱིན་པ་དྲག་ལས་ངེས་པར་འབྱུང་བ་སྣ་ཚོགས་ཚད་མེད་པའི་མཆོད་པ་དང་། མངོན་པར་འདུ་མཛད་པ་བསྒྲུབས་པ་དང་། སྒྲུབ་པ་དང་། སྒྲུབ་པར་འགྱུར་བ་དེ་དག་ལས ་བདག་གི་བསྐལ་པར་འགྱུར་བ་གང་ལགས་པ་དེ་དག་ཐམས་ཅད་ཀྱང་། བདག་གི་ལགས་སོ་བར་བཟུང་ནས། བདག་གི་བསམ་པ་དང་། ལྷག་པའི་བསམ་པས་སེམས་ཅན་བམ ་ཅད་དང་། ལུས་ཐམས་ཅད་བཏུད་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཕྲ་མོ་སྙེད་ཀྱི་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང ་ཆུབ་སེམས་དཔའ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་དང་བཅས་པ་དེ་རྣམས་ལ་དབུལ་བར་བགྱིའོ།། དགེ་བའི་རྩ་བ་དེས་སེམས་ཅན་ཐམས་ཅད་དང་ཕ་རོལ་ཏུ་ཕྱིན་པ ་ཐམས་ཅད་དང་། ས་ཐམས་ཅད་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་མངོན་དུ་གྱུར་ཅིག། དེ་བཞི ་གཤེགས་པ་རྔ་སྒྲའི་རྒྱལ་པོ་ལ་ཕྱག་འཚལ་ལོ།། ཏདྱ་ཐཱ། ཊ་ཀེ་ཊ་ཀེ། ཊ་ཀ་ཊ་ཀ་སྭཱ་ཧཱ། བྲི་ཕྱོགས་ཀྱི།། བམ་པོ་གཉིས་པ། ་གང་དག་སྲིད་པ་གསུམ་པོ་འདི་ན། ལྷ་དང་མིའི་དྲི་དང་བདུག་སྤོས་ཀྱི་རྣམ་པ་དང་། མེ་ཏོག་དང་། འབྲས་བུ་དང་། རོ་བྲོ་བ་དང་། ལོ་ཏོག་གི་རྣམ་པ་དང་། གསེར་དང་དངུལ ་དང་། ནོར་བུ་དང་མུ་ཏིག་དང་། བཻ་དཱུརྱ་དང་། རྡོའི་སྙིང་པོ་ལ་སོགས་པ་བདག་གི་བ་མེད་ཅིང་། ཡོངས་སུ་གཟུང་བ་མེད་པ་གང་ལགས་པ་དེ་དག་བདག་དང་། སེམས་ཅན་ཐམས་ཅད ་ཐུན་མོང་དུ་བགྱིས་ནས། དེ་རྣམས་ཞིང་དེར་འདུས་པ་གཉིས་པ་ལ་འབྱུང་བར་འགྱུར་ཞིང་། བདག་གིས་དེ་དག་ཐམས་ཅད་ངག་ཆགས་དང་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད ་སྤངས་པ། ཐམས་ཅད་མཁྱེན་པའི་ཡེ་ཤེས་འགོད་པར་གྱུར་ཅི།། དེ་བཞིན་གཤེགས་པ་དུང་གི་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ།། ཏདྱ་ཐཱ། ཤང་ཁེ་ཤང་ཁེ། ཤང་ཁེ། པ་ཎ ་ཌ་རེ་སྭཱ་ཧཱ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་འདུས་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱི་སངས་རྒྱས་ཀྱི་མཛད་པ་དང་། བྱང་ཆུབ ་སེམས་དཔའི་མཛད་པ་དེ་དག་ཐམས་ཅད་བདག་ཅིག་པུ་གཉིས་སུ་མ་མཆིས་པས་རིམ་གྱིས་སངས་རྒྱས་ཀྱི་ཆོས་རྣམ་ལ་འཕེལ་བར་བགྱི་བར་སྤྲོས། སངས་རྒྱས་བཅོམ་ལྡན་འདས ་དང་བྱང་ཆུབ་སེམས་དཔའ་དེ་དག་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པའི་ཆོས་ཉིད་མངོན་དུ་མཛད་ཅིང་། དེ་ལ ་གཞན་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་མངོན་དུ་མཛད་ནས་བདེ་བར་བཞུགས་པ། ཚེགས་ཆུང་ངུ་ས་བཞུགས་སུ་གསོལ།། དེ་བཞིན་གཤེགས་པ་ལྷུན་པོའི་རྩེ་མོའི་འོད་ཀྱི་རྒྱལ ་པོ་ལ་ཕྱག་འཚལ་ལོ།། ཏདྱ་ཐཱ། ཤི་ཁེ་ཤི་ཁེ། ཤི་ཀ་བན་དེ་སྭཱ་ཧཱ། དེའི་འོག་ཏུ་བདག་ཚོགས་ཤིན་དུ་བསགས། བརྣག་པ་ཡོངས་སུ་རྫོགས། བསག་པ་ཡོངས་སུ་རྫོགས། སངས ་རྒྱས་ཀྱི་བྱ་བ་ཡོངས་སུ་རྫོགས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཅིག། མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་འ ་ལོ་རབ་ཏུ་བསྐོར་བར་བགྱི། དེ་བཞིན་ཉིད་ཀྱི་འཁོར་ལོ།། ཡང་དག་པའི་མཐའ་འཁོར་ལོ་དང་། ཇི་ལྟ་བ་བཞིན་གྱི་འཁོར་ལོ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པའི་འཁོར་ལོ། ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་འཁོར་ལོ་དང་། ངེས་པར་འབྱུང་བའི་འཁོར་ལོ་དང་། ངེས་པར་འབྱེད་པའི་འཁོར་ལོ་དང་། ཕུང་པོ་ད ་ཁམས་དང་སྐྱེ་མཆེད་མི་དམིགས་པའི་འཁོར་ལོ་དང་། ནམཁའ་ལྟ་བུའི་འཁོར་ལོ་དང་། ཆོས་ཀྱི་དབྱིངས་དབྱེར་མེད་པའི་འཁོར་ལོ་དང་། ་བག་ཆགས་དང་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤང་བའི་འཁོར་ལོ་དང་། ང་དང་བདག་དང་། རྟག་པ་དང་། ཆད་པ་དང་། བདག་དང་བདག་གིར་འཛིན་པ་དང་། ཉན་ཐོས ་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་སུ་མངོན་པར་ཞེན་པའི་བར་མི་དམིགས་པའི་འཁོར་ལོ་དང་། མདོར་ན་གང་ན་འཁོར ་ལོ་མེད་པ། དེ་ལྟ་བུའི་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་གྱུར་ཅིག། རབ་ཏུ་བསྐོར་ནས། སེམས་ཅན་རྣམས་ཡོངས་སུ་སྨིན་པར་གྱུར་ཅིག། ཡོངས་སུ་སྨིན་པར་བགྱིས་ནས། སེམས ་ཅན་གྱི་ཁམས་དང་། ལས་ཀྱི་ཁམས་དང་། ཉོན་མོངས་པའི་ཁམས་དང་། ན་མཁའི་ཁམས་ཇི་ཙམ་པ་དེ་ཙམ་དུ་གནས་པར་གྱུར་ཅིག། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར ་བ་ལ་ཕྱག་འཚལ་ལོ།། ཏདྱ་ཐཱ། མནྱེམ་ནྱེ། སརྦ་མན་ནྱན་པྲ་ཧ་སྭཱ་ཧཱ།། དགེ་བའི་རྩ་བ་དེ་དག་དང་། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་ཡོངས་སུ་སྦྱོང་བ་དང་། དེ་བཞིན་དུ་སེམས ་ཅན་ཡོངས་སུ་སྨིན་པར་བགྱིས་པའི་དགེ་བའི་རྩ་བ་དང་། རབ་ཏུ་འབྱུང་བའི་དགེ་བའི་རྩ་བ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་དང་། རིམ་གྲོ་དང་། བསྙེན་བཀུར ་བགྱིས་པའི་དགེ་བའི་རྩ་བ་དང་། ཕ་མ་དང་བླ་མ་དང་། ཡོན་གནས་དང་། མཁན་པོ་དང་། སློབ་དཔོན་དང་། དམན་པ་དང་། དཀྲེན་པ་དང་། སྡུག་ཕོངས་པ་ལས་བསྒྲུབས ་པའི་དགེ་བའི་རྩ་བ་དང་། དམ་པའི་ཆོས་རྣམ་པར་འབྱེད་པའི་དགེ་བའི་རྩ་བ་དང་། རྗེས་སུ་ཡི་རང་བ་དང་། འབོལ་བ་དང་། བཤགས་པ་དང་ལྡན་པ་དང་། ཕྱག་འཚལ་བ་དང་།། ་མཆོད་པ་དང་ལྡན་པ་དང་། བྱིས་པ་ནས་གཟུང་ནས་ད་ལྟར་འམ། སྐྱེ་བ་ཐོག་མ་དང་མ་མཆིས་པའི་འཁོར་བ་ནས་འཁོར་བའི་སྐྱེ་གཞན་དག་ཏུ་བསགས་པ་ནས། ཕུང་པོ་ལྷག་མ ་མེད་པའི་མྱ་ངན་ལས་འདས་པའི་མཐའི་བར་གང་ལགས་པ་དེ་དག། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བགྱིས་ནས། མཆོག་དང་།། གཙོ་བོ་དང་། གྱ་ནོམ་པ་དང་། རབ་དང་ཕུལ ་དང་། བླ་ན་མ་མཆིས་པ་དང་། གོང་ན་མ་མཆིས་པ་དང་། གོང་མའི་ཡང་གོང་མ་དང་། མཉམ་པ་མ་མཆིས་པ་དང་། མི་མཉམ་པ་མ་མཆིས་པ་དང་། དམིགས་པ་མ་མཆིས་པ་དང་།། ་རྣམ་པར་རྟོག་པ་མ་མཆིས་པ་དང་། མཚན་མ་མ་མཆིས་པ་དང་། སྤྲོས་པ་མ་མཆིས་པ་དང་། ཡིག་གེ་མ་མཆིས་དང་། ཉོན་མོངས་པ་མ་མཆིས་པ་དང་། ཆགས་པ་མ་མཆིས་པ ་ནམཁའ་ལྟར་མཉམ་པ་དང་། ལུས་དང་སེམས་གྲོལ་བ་དང་། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཡོངས་སུ་བསྔོ་བར་བགྱིའོ།། ཇི་ལྟར་འདས་པ་དང་། མ་འོངས་པ ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱིས་གཉིས་སུ་མེད་པའི་ཆོས་མངོན་དུ་མཛད་ནས་ཡོངས་སུ་བསྔོས་པ་དང་། ཡོངསུ་བསྔོ། ་བ་དང་། ཡོངས་སུ་བསྔོ་བར་འགྱུར་བ་དེ་ལྟར་བདག་གིས་ཀྱང་ཡོངས་སུ་བསྔོ་བར་བགྱིའོ།། དེ་ལྟར་ཆོས་ཉིད་དེ་དང་། ཇི་ལྟར་དེ་བཞིན་ཉིད་དེ་དང་། ཇི་ལྟར་ཡང་དག་པའི་མཐའ་དེ་ད ་ཇི་ལྟར་ཆོས་ཉིད་ཀྱི་དབྱིངས་དེ་དང་། ཇི་ལྟར་སྟོང་པ་ཉིད་དེ་དང་། ཇི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་ནས་ཇི་ལྟར་དེ་ཁོ་ན་ཉིད ་མཐོང་བའི་བར་གང་ལ་གཉིས་སུ་མེད་ཅིང་། གཉིས་མ་ཡིན་པ་མེད་པ་དེ་ལྟར་ཡོངས་སུ་བསྔོ་བར་བགྱིའོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། ། ་ཏདྱ་ཐཱ། བུདྡྷེ་བུདྷེ། སརྦ་བུདྷེ། བི་ཥ་ཡ། བི་ཤོ་དྷ་ནི་སྭཱ་ཧཱ། འཕགས་པ་ཡོངས་སུ་བསྔོ་བའི་རྒྱལ་པོ་བསྔགས་དང་བཅས་པ་ཇི་སྙེད་པ་རྫོགས་སྷོ།། ། ་