CLOSE WINDOW

F120: 'phags pa chos kyi phyag rgya zhes bya ba theg pa chen po'i mdo
Wyliee-texts produced with BDRC’s OCR application

མདོ། རྫོགས་སོ།། @། རྒྱ་གར་སྐད་དུ། ཨཱརྱ་དཱར་མ་མུད་དྲ་ན་མ་མ་ཧཱ་ཡ་ན་སུ་ཏྲ། བོད་སྐད་དུ། འཕགས་པའི་ཆོས་ཀྱི་ཕྱག ་བརྒྱ་ཞེས་བྱ་བ་ཐེག་པ་ཆེན་པའི་མདོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལེ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་ཅིག་ན། བཅོམ ་ལྡན་འདས་གཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྤྲིན་གྱི་ཀུན་དགའ་ར་བ་ན། དགེ་སློང་ལྔ་སྟོང་ཐམས་པའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དག་དང་ཐབས་གཅིག་ཏུ་བཞུགས་ཏེ། དེ་ནས་ཚེ་དང་ལྡན་པ་ཤ་རིའི་བུ་བཅོམ་ལྡན་འདས་ཀྱི་མཐུས་སྟན ་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་གཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་ལོག་སུ་ཐལ་མོ་སྦྱར ་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་རབ་ཏུ་བྱུང་རབ་ཏུ་བྱུང་བ་ཞེས་བགྱི་ན། བཅོམ་ལྡན་འདས་ཇི་ཙམ་བགྱིས་ན་ལེགས ་པར་གསུངས་པའི་ཆོས་འདུལ་བ་དགེ་སློང་རབ་ཏུ་བྱུང་བ་འཕགས་པ་འཇིག་རྟེན་ལས་འདས་པའི་རྫོགས་པར་སྤེན་པ་ལགས། བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། ་ཤ་རིའི་བུ་སོ་སོའི་སྐྱེ་བོའི་ཆོས་རྣམས་ལས་ཀྱང་འདས་ལ་ཟག་པ་མེད་པའི་ཆོས་རྣམས་ཀྱང་མ་ཐོབ་པ་དེ་ཙམ་གྱིས་ན། དགེ་སློང་ལེགས་པར་གསུངས་པའི་ཆོས ་འདུལ་བ་ལ་རབ་ཏུ་བྱུང་བ། འཕགས་པ་འཇིག་རྟེན་ལས་འདས་པའི་རྫོགས་པར་སྙེན་པ་ཡིན་ཏེ། དེ་ལྟར་རབ་ཏུ་བྱུང་བ་གང་དག་ཡིན་པ་དེ་དག་ནི་ཡང་དག་པར ་རབ་ཏུ་བྱུང་བ་ཡིན་གྱི། དེ་ལྟ་མ་ཡིན་པར་རབ་ཏུ་བྱུང་བ་གང་དག་ཡིན་པ་དེ་དག་ནི། ལོག་པར་རབ་ཏུ་བྱུང་བ་ཡིན་ནོ།། ཤ་རིའི་བུ་དགེ་སློང་དེ་ལྟ་བུས་ནི་དད་པས ་བྱིན་པ་ལོངས་སྤྱོད་པར་འོས། གོས་དང་། ཟས་དང་། མལ་ཆ་དང་། སྟན་དང་། ན་བའི་གསོས་དང་། སྨན་ཟོང་རྣམས་ལོང་སྤྱོད་པར་འོས་སོ།། ཤ་རིའི་བུ་གཞན ་ཡང་བཅོམ་ལྡན་འདས་བརྩོན་པ་མི་གཏོང་བའི་དགེ་སློང་གང་ཡིན་པ་དེ་ནི། གཟུགས་གཏོང་བར་མི་བྱེད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། ་རྣམ་པར་ཤེས་པ་གཏོང་བར་མི་བྱེད་དེ། དེ་ཙམ་གྱིས་ན་དགེ་སློང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ། འཕགས་པའི་འཇིག་རྟེན་ལས་འདས ་། པའི་རྫོགས་པར་སྨིན་པས་རྫོགས་པར་བསྟེན་པ་ཡིན་ཏེ། དེ་ལྟར་རབ་ཏུ་བྱུང་བ་གང་ཡིན་པ་དེ་དག་ནི་དེ་ཡང་དག་པར་རབ་ཏུ་བྱུང་བ་ཡིན་གྱི ་དེ་ལྟར་མ་ཡིན་པར་རབ་ཏུ་བྱུང་བ་གང་དག་ཡིན་པ་དེ་དག་ནི་ལོག་པར་རབ་ཏུ་བྱུང་བ་ཡིན་ནོ།། ཤ་རིའི་བུ་དགེ་སློང་དེ་ལྟ་བུས་ནི་དད་པས་བྱིན་པ་ལོངས་སྤྱོད་པར ་འོས་ཏེ། གོས་དང་། ཟས་དང་། མལ་ཆ་དང་། སྟན་དང་། ན་བའི་གསོས་དང་། སྨན་ཟོང་རྣམས་ལོངས་སྤྱོད་པར་འོས་སོ།། དེ་ནས་ཚེ་དང་ལྡན་པ་རབ་འབྱོར ་གྱི། ཚེ་དང་ལྡན་པ་ཤ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ།། ཚེ་དང་ལྡན་པ་ཤ་རིའི་བུ་བཅོམ་ལྡན་འདས་ཀྱི་ཅི་ལ་དགོངས་ཏེ། སོ་སོའི་སྐྱེས་པོའི་ཆོས་རྣམས་ལས ་ཀྱང་མ་འདས་ལ། ཟག་པ་མེད་པའི་ཆོས་རྣམས་ཀྱང་མ་ཐོབ་པ་དེ་ཙམ་གྱིས་ན། དགེ་སློངས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ།། ་འཕགས་པ་འཇིག་རྟེན་ལས་འདས་པའི་རྫོགས་པར་བསྙེན་པ་ཡིན་ཏེ། དེ་ལྟར་རབ་ཏུ་བྱུང་བ་གང་དག་ཡིན་པ་དེ་དག་ནི་ཡང་དག་པར་རབ་ཏུ་བྱུང་བ་ཡིན་གྱི། དེ་ལྟར ་མ་ཡིན་པར་རབ་ཏུ་བྱུང་བ་གང་དག་ནི་ལེགས་པར་རབ་ཏུ་བྱུང་བ་ཡིན་ནོ།། ཤ་རིའི་བུ་དགེ་སློང་དེ་ལྟ་བུས་ནི་དད་པས་བྱིན་པ་ལོང་སྤྱོད་པར་འོས་ཏེ། གོས་དང་། ཟས་དང་། ་མལ་ཆ་དང་། སྟན་དང་། ན་བའི་གསོས་དང་། སྨན་ཟོང་རྣམས་ལོང་སྤྲད་པར་འོ་སོ་ཞེས་དེ་སྐད་བཀའ་སྩ་ལ། ཤ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་སོ་སོའི ་ཡིན་པ་དེ་དག ་ཕྱི་རོལ་ན་ཡང་མི་དམིགས། ་སྐྱེ་བོའི་ཆོས་རྣམས་ནི་སྒྱུ་མ་ལྟ་བུ་སྟེ། དེ་དག་ནི་འདའ་བར་བྱ་བར་མི་ནུས་སོ།། ཚེ་དང་ལྡན་པ་རབ་འབྱོར་སོ་སོའི་སྐྱེ་བོའི་ཆོས་རྣམས་ཡོངས་སུ་མ་གྲུབ་སྟེ། དེ་དག། ་ནི་འདའ་བར་བྱར་སླ་བ་མ་ཡིན་ནོ།། ཚེ་དང་ལྡན་པ་རབ་འབྱོར་སེམས་ཅན་གྱི་ཁམས་ནི་ནང་ན་ཡང་མི་དམིགས་ཏེ། གཉིས་ཀ་མེད་པ་ཡང་མི་དམིགས་ཏེ། སེམས་ཅན་གྱི ་ཁམས་ཀྱི་རང་བཞིན་གང་ཡིན་པ་དང་། སོ་སོའི་སྐྱེ་བོའི་ཆོས་རྣམས་ཀྱི་རང་བཞིན་གང་ཡིན་པ་དེ་དག་ནི་འདའ་བར་བྱ་བ་སླ་བ་མ་ཡིན་ནོ།། ཚེ་དང་ལྡན་པ་རབ་འབྱོར ་བཅོམ་ལྡན་འདས་ཀྱི་འདི་སྐད་དུ་སོ་སོའི་སྐྱེ་བོའི་ཆོས་རྣམས་ལས་ཀྱང་མ་འདས་ལ། ཟག་པ་མེད་པའི་ཆོས་རྣམས་ཀྱང་མ་ཐོབ་པ་དེ་ཙམ་གྱི་ན། དགེ་སློང་ལེགས ་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་འཕགས་པ་འཇིག་རྟེན་ལས་འདས་པའི་རྫོགས་པར་བསྙེན་པར་རྫོགས་པར་བསྙེན་པ་ཡིན་ཏེ། དེ་ལྟར་རབ་ཏུ་བྱུང ་བ་གང་ཡིན་པ་དེ་དག་ནི་ཡང་དག་པར་རབ་ཏུ་བྱུང་བ་ཡིན་གྱི། དེ་ལྟ་མ་ཡིན་པར་རབ་ཏུ་བྱུང་བ་གང་དག་ཡིན་པ་དེ་དག་ནི་ལོག་པར་རབ་ཏུ་བྱུང་བ་ཡིན་ནོ།། ་ཤཱ་རིའི་བུ་དགེ་སློང་དེ་ལྟ་བུས་ནི་དང་བས་བྱིན་པ་ལོངས་སྤྱད་པར་འོས་ཏེ། གོས་དང་། ཟས་དང་། མལ་ཆ་དང་། སྟན་དང་། ན་བའི་གསོས་དང་། སྨན་ཟོང ་རྣམས་ལོངས་སྤྱད་པར་འོས་སོ་ཞེས་གང་གསུངས་པ་དེ་ཡང་། ཚེ་དང་ལྡན་པ་རབ་འབྱོར་གང་དག་གི་བསྟེན་ཏམ། གནས་མེད་པ་དེ་དག་ཇི་ལྟར་ཐོབ་པ་རུང་། ་ཚེ་དང་ལྡན་པ་རབ་འབྱོར་གལ་ཏེ་ཟག་པ་མེད་པའི་ཆོས་རྣམས་ཐོབ་ཏུ་རུང་ན་ནི། དམིགས་པ་ལས་དགྲ་བཅོམ་པ་འབྱུང་བར་འགྱུར་རོ།། ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཆོས་ཉིད་ནི་ལྟོས་པ་མེད་པ་སྟེ། ཚེ་དང་ལྡན་པ་རབ་འབྱོར་བཅོམ་ལྡན ་འདས་ཀྱི་དེ་ལ་དགོངས་ནས་འདི་སྐད་དུ་སོ་སོའི་སྐྱེ་བོའི་ཆོས་རྣམས་ལས་ཀྱང་འདས་ལ་ཟག་པ་མེད་པའི་ཆོས་རྣམས་ཀྱང་མ་ཐོས་པ་དེ་ཙམ་གྱི་ན། དགེ་སློང ་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ། འཕགས་པ་འཇིག་རྟེན་ལས་འདས་པའི་རྫོགས་པར་བསྙེན་པས་རྫོགས་པར་བསྙེན་པ་ཡིན་ཏེ། ་དེ་ལྟར་རབ་ཏུ་བྱུང་བ་གང་དག་ཡིན་པ་དེ་དག་ནི་ཡང་དག་པར་རབ་ཏུ་བྱུང་བ་ཡིན་གྱི། དེ་ལྟར་མ་ཡིན་པར་རབ་ཏུ་བྱུང་བ་གང་དག་ཡིན་པ་དེ་དག་ནི་ལོགས་པར་རབ་ཏུ་བྱུང ་བ་ཡིན་ནོ།། ཤ་རིའི་བུ་དགེ་སློང་དེ་ལྟ་བུ་ནི་དད་པས་བྱིན་པ་ལོངས་སྤྱོད་པར་འོས་ཏེ། གོས་དང་། ཟས་དང་། མལ་ཆ་དང་། སྟན་དང་། ན་བའི་གསོས་དང་། སྨན ་ཟོང་རྣམས་ལོངས་སྤྱོད་པ་འོས་སོ་ཞེས་བཀའ་སྩལ་ཏོ།། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཡང་ཚེ་དང་ལྡན་པ་ཤ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ།། ཚེ་དང་ལྡན ་པ་ཤ་རིའི་བུ། བཅོམ་ལྡན་འདས་ཀྱིས་ཅི་ལ་དགོངས་ཏེ། བརྩོན་པ་མི་གཏོང་བའི་དགེ་སློང་གང་ཡིན་པ་དེ་ནི། གཟུགས་གཏོང་བར་མི་བྱེད། ཚེར་བ་དང་། འདུ་ཤེ ་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་གཏོང་བར་མི་བྱེད་དོ།། དགེ་སློང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལས་རབ་ཏུ་བྱུང་བ། འཕགས་པ་འཛིན ་རྟེན་ལས་འདས་པའི་རྫོགས་པར་བསྙེན་པ་ཡིན་ཏེ། དེ་ལྟར་རབ་ཏུ་བྱུང་བ་གང་དག་ཡིན་པ་དེ་དག་ནི་ཡང་དག་པར་རབ་ཏུ་བྱུང་བ་ཡིན་གྱི། དེ་ལྟ་མ་ཡིན་པར་རབ་ཏུ ་བྱུང་བ་གང་དག་ཡིན་པ་དེ་དག་ནི་ལེགས་པར་རབ་ཏུ་འབྱུང་བ་ཡིན། ཤ་རིའི་བུ་དགེ་སློང་དེ་ལྟ་བུས་ནི་དད་པས་བྱིན་པ་ལོངས་སྤྱོད་པར་འོས་ཏེ། གོས་དང་། ་ཟས་དང་། མལ་ཆ་དང་། སྟན་དང་། ན་བའི་གསོས་དང་། སྨན་ཟོང་རྣམས་ལོངས་སྤྱོད་པར་འོས་སོ།། ཞེས་དེ་སྐད་བཀའ་སྩ་ལ། ཤ་རིའི་བུས་སྨྲས་པ། ་ཚེ་དང་ལྡན་པ་རབ་འབྱོར་བཅོམ་ལྡན་འདས་ཀྱི་ཆོས་ཉིད་ལས་དགོངས་ནས་འདི་སྐད་བརྩོན་པ་མི་གཏོང་བའི་དགེ་སློང་གང་ཡིན་པ་དེ་ནི། གཟུགས་གཏོང་བར་མི་བྱེད། ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་གཏོང་བར་མི་བྱེད་ཅེས་བཀའ་སྩལ་ཏོ།། ཚེ་དང་ལྡན་པ་རབ་འབྱོར་ཆོས་ཀྱི་དབྱིངས་ནི་ནང་ན ་ཡང་མི་དམིགས། ཕྱིར་རོལ་ན་ཡང་མི་དམིགས། གཉི་ག་མེད་པར་ཡང་མི་དམིགས་སོ།། ནང་གདགས་པ་ནི་གདག་སུ་མེད་པ་དང་། སྐྱེ་བ་མེད་པའི་གདགས། ་དེ་ལྟར་ན་སེམས་ཅན་གྱི་ཁམས་མཉམ་པ་ཉིད་ཀྱིས་ཆོས་དབྱིངས་མཉམ་པ་ཉིད་དོ།། ཆོས་ཀྱི་དབྱིངས་མཉམ་པ་ཉིད་ཀྱིས་སེམས་ཅན་གྱི་ཁམས་མཉམ་པ ་ཉིད་དོ།། དེ་ལྟར་ན་སེམས་ཅན་གྱི་ཁམས་དང་། ཆོས་ཀྱི་དབྱིངས་འདི་ནི་གཉིས་སུ་མེད་དེ་གཉིས་བྱར་མེད་དོ།། གང་གཉིས་སུ་མེད་དེ་གཉིས ་སུ་བྱར་མེད་པ་དེ་ལ་ནི། གསལ་བ་ཡང་མེད། གཞག་པ་ཡང་མེད་དོ།། གང་གསལ་བ་ཡང་མེད། གཞག་པ་ཡང་མེད་པ་དེ་ནི་འདའ་བ་འམ། འཐོབ་པར་བྱར་མི་ནུས ་ཏེ། ཚེ་དང་ལྡན་པ་རབ་འབྱོར་བཅོམ་ལྡན་འདས་ཀྱི་དེ་ལ་དགོངས་ནས་འདི་སྐད་དུ་བརྩོན་པ་མི་གཏོང་བའི་དགེ་སློང་གང་ཡིན་པ་དེ་ནི་གཟུགས་གཏོང་བར་མི་བྱེད། ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་བཏོང་བར་མི་བྱེད་དོ།། དེ་ཙམ་གྱིས་ན། དེ་དགེ་སློང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ ་རབ་ཏུ་བྱུང་བ། འཕགས་པ་འཇིག་རྟེན་ལས་འདས་པའི་རྫོགས་པར་བསྙེན་པས་རྫོགས་པར་བསྙེན་པ་ཡིན་ཏེ། དེ་ལྟར་རབ་ཏུ་བྱུང་བ་གང་ཡིན་པ་དེ་དག་ནི་ཡང་དག་པར་རབ ་ཏུ་བྱུང་བ་ཡིན་གྱི། དེ་ལྟར་མ་ཡིན་པར་རབ་ཏུ་བྱུང་བ་གང་དག་ཡིན་པ་དེ་དག་ནི། ལེགས་པར་རབ་ཏུ་བྱུང་བ་ཡིན་ནོ།། ཤ་རིའི་བུ་དགེ་སློང་དེ་ལྟ་བུས་ནི་དད་པས་བྱིན་པ ་ལོངས་སྤྱད་པར་འོས་ཏེ། གོས་དང་། ཟས་དང་། མལ་ཆ་དང་། སྟན་དང་། ན་བའི་གསོས་དང་། སྨན་ཟོང་རྣམས་ལོངས་སྤྱོད་པར་འོས་སོ།། ཞེས་བཀའ་སྩལ ་ཏོ།། དོགས་པ་མེད་པའི་དགེ་སློང་ནི་འདོགས་པ་ཁས་མི་ལེན་ཏོ།། ཡི་གེ་མེད་ཅིང་ཡི་གེ་ལས་འདས་པའི་དགེ་སློང་གང་ཡིན་པ་དེ་ནི། འགྲང་བས་སྙན་པར་མི་ནུས་ལ། ་དེ་ན་འོང་བ་ཡང་མེད། འགྲོ་བའང་མེད། འགྲེང་བའང་མེད། འདུག་པ་ཡང་མེད། ཉལ་བ་ཡང་མེད་དོ།། རྟོག་པ་ཅན་མ་ཡིན་པའི་དགེ་སློང་ནི་བརྟགས་པ་ལ་ལོང་སྤྱོད། ་པའོ།། རྟོག་པ་ཅན་གྱི་དགེ་སློང་ནི་མ་བརྟགས་པ་ལོངས་སྤྱོད་པ་ཏེ། ཚེ་དང་ལྡན་པ་རབ་འབྱོར། བཅོམ་ལྡན་འདས་ཀྱི་དེ་ལ་དགོངས་ནས། དེ་ཙམ་གྱི་ན། དགེ་སློང་ལོགས ་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ། འཕགས་པའི་འཇིག་རྟེན་ལས་འདས་པའི་རྫོགས་པར་བསྙེན་པས་རྫོགས་པར་བསྙེན་པ་ཡིན་ཏེ། དེ་ལྟར་རབ་ཏུ ་བྱུང་བ་གང་དག་ཡིན་པ་དེ་དག་ནི་ཡང་དག་པར་རབ་ཏུ་བྱུང་བ་ཡིན་གྱི། དེ་ལྟ་མ་ཡིན་པར་རབ་ཏུ་བྱུང་བ་གང་དག་ཡིན་པ་དེ་དག་ནི་ལེགས་པར་རབ་ཏུ་བྱུང་བ་ཡིན་ནོ།། ་ཤ་རིའི་བུ་དགེ་སློང་དེ་ལྟ་བུས་ནི་དད་པས་བྱིན་པ་ལོངས་སྤྱོད་པར་འོས་ཏེ།། གོས་དང་། ཟས་དང་། མལ་ཆ་དང་། སྟན་དང་། ན་བའི་གསོས་དང་། སྨན་ཟོང་རྣམས་ལོངས ་སྤྱད་པར་འོས་སོ།། ཞེས་བཀའ་སྩལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱི་ཚེ་དང་ལྡན་པ་ཤ་རིའི་བུ་ལ་ལེགསོ་ཞེས་བྱ་བ་བྱིན་ཏེ། ཤ་རིའི་བུ་ལེག་སོ་ལེགསོ།། ཁྱོད་ཀྱིས ་ཇི་སྐད་བསྟན་པ་བཞིན་དུ། ངས་དེ་ལས་དགོངས་ནས་སྙན་པ་ཡིན་ཏེ། འདི་ན་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་ཡིན་ནོ།། ཤ་རིའི་བུ་ཕྱག་རྒྱ ་འདི་མངོན་པའི་ང་རྒྱལ་ཅན་བརྟགས་པར་འདོད་པས་ནི། ཕྱག་རྒྱ་དེའི་མདུན་དུ་བརྗོད་པར་བྱའོ།། ཤ་རིའི་བུ་ཤིན་ཏུ་བརྟགས་པ་ནི་ཕྱག་བརྒྱ་འདི་ནི་མངོན་པའི་ང ་རྒྱལ་ཅན་མང་པོ་བརྟག་པར་ནུས་སོ།། ཆོས་ཀྱི་རྣམ་གྲངས་འདི་སྙན་པ་ན། དགེ་སློང་བདུན་བརྒྱ་ལེན་པ་མེད་པར་ཟག་པ་རྣམ་ལས་སེམས་རྣམ་པར ་གྲོལ་ལོ།། སྲིད་པ་ཐ་མའི་དགེ་སློང་བརྒྱ་ནི་ཆོས་ཀྱི་རྣམ་གྲངས་འདི་ལ་མ་ཞུགས་ཤིང་མ་རྟོགས་ལ་མ་མོས་ནས། སྟན་ལས་ལངས་ཏེ་དོང་ངོ་།། དགེ་སློང་ལྔ་ནི་སྤོང་བ་བྱས་ཤིང་། ་ཟློག་པ་བྱས་ནས། རང་གི་ལུས་དང་བཅས་ཏེ། སེམས་ཅན་དམྱལ་བ་ཆེན་པོར་ལྟུང་ངོ་།། བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། ཤ་རིའི་བུ་ངས་ཀྱེ་མཆོས་འདི་ནི་འཇིག་རྟེན་ཐམས ་ཅད་དང་མི་ཐུན་ནོ་སྙམ་སྟེ། དེ་ལ་དགོངས་ནས་དེ་སྐད་བསྟན་མོད་ཀྱི། འོད་ཀྱང་གང་དང་ཡང་མི་མཐུན་པ་མེད་དོ།། ཤ་རིའི་བུ་དཔེར་ན། མི་ལ་ལ་ཞིག་གཉིད་ཀྱིས་ལོག་པའི་རྨི་ལམ་དུ ་སྐྱེ་བོ་ཕལ་པོ་ཆེའི་མདུན་དུ་ཁྱེད་ལ་ངས་ཆོས་བཤད་པར་བྱའོ།། ཆོས་དེ་ཡང་འཇིག་རྟེན་ཐམས་ཅད་དང་མི་མཐུན་ནོ།། ཞེས་ཚིག་དུ་སྨྲས་ན། ཤ་རིའི་བུ་འདི་ཇི་སྙམ་དུ་སེམས།། ་ཆོས་དེ་དང་། མི་མཐུན་པ་གང་དག་ཡིན་པའི་མི་དེ་དག་ཡོད་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་པ་ལག་སོ།། བཅོམ་ལྡན་འདས་ཀྱིས་བཀའ ་སྩལ་པ། ཤ་རིའི་བུ་དེ་བཞིན་དུང་ཡང་ཀྱེ་མ་ཆོས་འདི་ནི་འཇིག་རྟེན་ཐམས་ཅད་དང་མི་མཐུན་ནོ་ཞེས་དེ་སྐད་དུ་ཡང་སྟོན་ལ། འཇིག་རྟེན་དེ་ཡང་ཡང་དག་པར་མི་མཐོང་ངོ་།། ་རྟེན་མེད་པ་ལས་ནི་ཆོས་ཀྱང་འགྲང་དུ་མེད་དོ། འཇིག་རྟེན་གདགས་པ་ཡང་མེད་དོ། ཤ་རིའི་བུ་འཇིག་རྟེན་ཐམས་ཅད་དང་མི་མཐུན་པ་ཞེས་བྱ་བ་ནི་ཆོས་མ་འདྲེས་ཤིང་ཆོས ་རྩཐ་དད་པ་ཁོ་ན་ཡང་མ་ཡིན་ནོ།། ་རྣམས་འདྲེས་པ་མེད་པ་ལ་བྱང་ང་གསུང་སོ།། གསོལ་པ། བཅོམ་ལྡན་འདས་པ་འདྲེས་པ་ཞེས་འཕྱེ་བའི་ཚིག་གི་དོན་གང་ལགས། དཀའ་སྩལ་པ་གང་དུམ ་འདྲེས་པ་ཞེས་བྱ་བ་ནི་ཆོས་རྣམས་རོ་ཅིག་པར་གདགས་པ་ཡིན་ཏེ། གཅིག་པུ་ཁོ་ན་ཡང་མ་ཡིན།། ཤ་རིའི་བུ་མ་འདྲེས་པ་ཞེས་བྱ་བ་དེ་ནི་སྟོང་པ་ཉིད་ཀྱི་ཚིགས་ཐ་དགས་སོ།། ་གསོལ་པ། བཅོམ་ལྡན་འདས་སྟོང་པ་ཉིད་ཅེས་བྱ་བའི་ཚིག་གིས་དོན་གང་ལགས། བཀའ་སྩལ་པ། ཤ་རིའི་བུ་སྟོང་པ་ཉིད་ཅེས་བྱང་ནི་གདགས་སུ་མེད་པའོ།། གང ་གདགས་སུ་མེད་པ་དེ་ནི་གདགས་པར་མི་ནུསོ།། གང་གདགས་པར་མི་ནུས་པ་དེ་འཇིག་རྟེན་པ་ཡང་མ་ཡིན། འཇིག་རྟེན་ལས་འདས་པ་ཡང་མ་ཡིན་ནོ།། ཤ་རི་བུ་འཇིག་རྟེན ་པ་ཡང་མ་ཡིན། འཇིག་རྟེན་ལས་འདས་པ་ཡང་མ་ཡིན་པ་དེ་ནི་སྟོང་པ་ཉིད་ཅེས་བྱའོ།། བཅོམ་ལྡན་འདས་ཀྱི་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཤ་རིའི་བུ་དང་། ་དགེ་སློང་གི་དགེ་བདུན་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་། ལྷ་དང་མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡིད། ་