| Wylie | e-texts produced with BDRC’s OCR application |
པ་ལ་མངོན་པར་བསྟོད་དོ།། འཕགས་པ་ཆོས་བཞི་པོའི་མདོ།། རྫོགས་སོ།། །། རྒྱ་གར་སྐད་དུ། ་ཧ་སྟི་ཀ་ཀྲཱ་ན་མ་མ་ཧཱ་ཡ་ན་སུ་ཏྲ། བོད་སྐད་དུ། གླང་པོའི་རྩལ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ ་འདི་སྐད་བདག་གིས་ཟོས་པ་དུས་གཅིག་ན། བཅོམ་ལྡན་འདས་བྱ་རྒོད་ཕུང་པོའི་རི་ལ། དགེ་སློང་ལྔ་བརྒྱ་ཙམ་གྱི་དགེ་སློང་གི་དགེ་འདུན་པོ་དང་། བྱང་ཆུབ ་སེམས་དཔའ་མངོན་པར་གྲགས་པ། གཟུངས་ཐོབ་པ། སྤོབས་པ་ཐོགས་པ་མེད་པ། གཉིས་སུ་མེད་པའི་ཆོས་འཆད་པ། རྫུ་འཕྲུལ་རྣམ་པར་འབྲུལ་བ་བསམ ་གྱིས་མི་ཁྱབ་པ་དང་ལྡན་པ་དྲུག་ཁྲི་དང་ཡང་ཐབས་གཅིག་ཏུ་བཞུགས་ཏེ། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་དཔེ་མེད ་བློ་གྲོས་དང་། མངོན་པར་གནོན་པའི་སྒྲ་སྒྲོགས་གཟི་བརྗིད་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་རིན་པོ་ཆེ་བཞིའི་མེ་ཏོག་རྒྱས་པ་དང་། ཀློག་ཆེན་པོ་སྒྲོན་མེ ་དང་། མཐའ་ཡས་པར་ལྟ་ཞིང་ཡུལ་ཐམས་ཅད་ལས་འདས་པ་དང་། རི་རབ་བརྩེགས་པ་ལྟར་མངོན་པར་འཕགས་པ་དང་། མངོན་པར་དགའ་བས་མགུས་པ ་སྐྱེད་པ་དང་། དཔུང་པ་དྲི་མ་མེད་པས་འོད་ཟེར་བཅོམ་པ་དང་། སེམས་ཅན་གྱི་བསམ་པ་ངེས་པའི་དོན་གྱི་ཕ་རོལ་ཏུ་བགྲོད་པར་དོང་བ་དང་། རྡོ་རྗེ་ལྟ་བུར་བརྟན ་པ་ཐོབ་པ་དང་། སྒྲར་བརྗོད་པ་དང་། དབྱངས་དང་། ང་རོ་ཐམས་ཅད་ལས་འདས་པ་དང་། ཚངས་པའི་སྒྲ་གཟི་བརྗིད་མངོན་པར་འཕགས་པ་དང་། གྲགས་པའི་སྒྲས ་འཇིགས་པ་བཅོམ་པ་དང་། དགེ་བའི་རྩ་བ་རིན་པོ་ཆེའི་ཐམས་ཅད་བསགས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པ ་དང་། དེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཁྲི་རྣམས་དང་ཐབས་ཅིག་གོ། དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ཕྱི་དྲོའི་དུས་ན་ནང་དུ་ཡང་དག་འཇོགས་ལས་ལངས ་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་སོང་ངོ་།། ཡང་དེའི་ཚེ་བཅོམ་ལྡན་འདས་ཤིང་གཞན་ཞིག་གི་དྲུང་ན་རབ་ཏུ་ཞི་བ་སྒྲུབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་མཉམ་པར ་གཞག་ཏེ་བཞགས་སོ།། དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་རྒྱང་རིང་པོ་ནས། བཅོམ་ལྡན་འདས་སྤྱོད་ལམ་རབ་ཏུ་ཞི་བ་མཐོང་བ་དང་། མྱུར་དུ་རྩཝ་བསྡུས་ནས ་ཕྱོགས་གཅིག་ཏུ་དཀྱིལ་མོ་དཀྲུང་བཅས། ལུས་བསྲང་སྟེ་དྲན་པ་མངོན་དུ་བྱས་ནས་འདུག་གོ། དེ་དེར་འདུག་མ་ཐག་ཏུ་ཨེ་མའོ་དེ་བཞིན་གཤེགས་པའི་སྤྱོད་པ ་རབ་ཏུ་ཞི་བ་འདི་དང་། བདེ་བ་དང་། ཡིད་བདེ་བ་འདི་ངོ་མཚར་ཏོ།། སེམས་ཅན་གང་དག་ཆོས་ཐམས་ཅད་རང་བཞིན་གྱིས་མཉམ་པར་གཞག་པར་རབ་ཏུ་ཤེས ་པ་དེ་དག་ནི་བདེ་བ་ལྡན་པ་ཡིན་ནོ།། སྙམ་དུ་སེམས་ཏེ། སེམས་ཀྱི་རྟོག་པ་དེ་ལྟ་བུ་སྐྱེས་སོ།། དེ་ནས་བཅོམ་ལྡན་འདས་དགོངས་ཤིང་མཁྱེན་བཞིན་དུ། ཏིང་ངེ ་འཛིན་དེ་ལས་བཞེངས་ཏེ། མགུར་གསལ་བའི་སྒྲ་བྱུང་ངོ་།། དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་བཅོམ་ལྡན་འདས་ཀྱི་མགུར ་གསལ་བའི་སྒྲ་ཐོས་པ་དང་། དགའ་མགུར་རངས་པར་གྱུར་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་ཏེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག ་སྟེ། བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་ངོ་མཚར་དུ་གྱུར་སྟེ། དེའི་ཚེ་ཚིག་སུ་བཅད་པ་འདི་དག་སྨྲས་སོ།། སྟོང་པའི་ཆོས་ལ་ཇི་ལྟར་བདག་བཟོད་བཞིན། ་གང་དག་སེམས་ཅན་ཡང་དག་མི་རྟོག་ཅིང་།། ཆོས་ལ་འང་ནམས་ཀྱང་རྟོག་པར་མི་བྱེད་པ།། འཇིག་རྟེན་ཆ་ནི་དེ་དག་མཉམ་པར་བཞག། སེམས་ཅན་འཁྲུལ་པ ་རྣམས་ཀྱང་མི་ལྟ་ཞིང་།། ཆོས་རྣམས་ན་མཁའ་བཞིན་དུ་བསམ་བྱས་ནས།། གང་དག་སྒྱུ་མས་ངོ་བོ་ཉིད་མོས་པ།། གང་དག་བདག་ཏུ་ལྟ་མེད་དེ་དག་བདེ།། འདི་དག ་སེམས་ཅན་ཡིན་ནམ་མ་ཡིན་ཞེས།། འདུ་ཤེས་ཐམས་ཅད་ལ་ནི་མི་དམིགས་པ།། སེམས་ཅན་ཀུན་ལ་འདུ་ཤེས་མེད་པ་དང་།། གང་དག་སེམས་ཅན་ལྟ་མེད ་དེ་དག་བདེ།། རིང་པོར་འདུ་ཤེས་རྣམས་ཀྱང་གང་མ་ཆགས།། ནམས་ཀྱང་དངོས་པོའི་འདྲ་ཤེས་རྨོངས་པ་མེད།། ལྡང་བར་མི་བྱེད་འདུག་པར་བྱེད་པའང་མེད།། ་གང་དག་སྲོག་ཏུ་ལྟ་མེད་དེ་དག་བདེ།། སེམས་ཅན་ཐ་དད་མི་བྱེད་མཁས་པ་གང་།། ཆོས་ཀྱི་དབྱིངས་དང་འགལ་བར་མི་འགྱུར་ལ།། གང་དག་འདུ་ཤེས་ཐམས་ཅད ་རྣམ་པར་ཤིགཀ་གང་དག་ཐ་དད་བློ་མེད་དེ་དག་བདེ།། གང་དག་སྦྱིན་དང་ཚུལ་ཁྲིམས་རྟག་ཏུ་གནས།། འཇུངས་པའི་བསམ་པར་ནམས་ཀྱང་མ་གྱུར་ཅིང་།། ་བོང་བུའི་ཆོས་ལའང་ཡང་དག་མི་གནས་པ།། ཡང་དག་ཚུལ་ཁྲིམས་རློམ་མེད་དེ་དག་དང་།། གང་དག་བཟོད་དང་ངེས་པའི་ཡོན་ཏན་འཕགས།། གང་དག་འཐབ ་མོ་དགའ་ལའང་མི་ལྟ་ཞིང་།། བརྩོན་འགྲུས་ལྡན་མིན་ལེ་ལོ་ཅན་ཡང་མིན།། གང་དག་བཟོད་པའི་འདུ་ཤེས་མེད་པ་དེ་དག་བདེ།། གང་དག་བསམ་གཏན་བྱེད་ཅིང ་བརྟན་པ་མི་གནས་པ།། དེ་ཡང་གཡེང་བར་རྣམས་པར་མི་སེམས།། མཉམ་པར་བཞག་པའི་ཆོས་རྣམས་རབ་ཏུ་ཤེས།། གང་དག་བསམ་གཏན་འདུ་ཤེས་མེད ་པ་དེ་དག་བདེ།། གང་དག་འདུ་ཤེས་མེད་ཅིང་འདི་ལ་ཤེས་རབ་མེད།། མི་ཤེས་དབང་དུ་འགྲོ་བའང་མ་ཡིན་ལ།། མཁས་པ་ཡང་མ་ཡིན་སློངས་པའང་ཡོད་མ་ཡིན།། ། ་གང་དག་ཤེས་རབ་འདུ་ཤེས་མེད་པ་དེ་དག་བདེ།། ཇི་ལྟར་དགོན་པ་དེ་བཞིན་གྲོང་ན་གནས།། གཉི་གར་འདུ་ཤེས་མཚུངས་ཤིང་མཉམ་པར་འཇུག། གྲོང་གི་སྤོད ་ཡུལ་སྨོན་པར་མི་བྱེད་ཅིང་།། གང་དག་དགོན་པས་མི་རློམ་དེ་དག་བདེ།། གང་དག་བསོད་སྙོམས་ཁྱིམ་དང་བཅས་པར་སྤྱོད།། དེ་དག་བསོད་སྙོམས་དེའི་འདུ་ཤེས་མེད།། ་བསྟོད་སྙོམས་སྤྱོད་པ་བདག་ཡིན་སྙམ་མི་སེམས།། གང་དག་བསོད་སྙོམས་འདུ་ཤེས་མེད་པ་དེ་དག་བདེ།། གང་དག་བོར་བའི་ཕྱག་དར་ཁྲོད་པ་རྣམས།། བླངས ་ནས་ལུས་ལ་འཆང་བར་བྱེད།། བདག་ནི་གོས་ངན་སྙམ་དུ་དེ་མི་སེམས།། གང་དག་གཞན་ལ་མི་སྨོད་དེ་དག་བདེ།། སངས་རྒྱས་གནང་། ་ཞིང་བདེ་གཤེགས་བསྔགས་པའི།། ཆོས་གོས་གསུམ་ལས་ལྷག་པར་མི་འཆང་ཞིང་།། བདག་ནི་འཇིགས་མེད་ཡིན་པར་མི་རྟོག་པ།། གང་དག་ང་རྒྱལ་མེད་པ ་དེ་དག་བདེ།། གང་ན་བདག་མེད་སེམས་ཅན་ཡོད་མིན་པའི།། གང་དག་ཆོས་མཆོག་དམ་པ་འཆང་བྱེད་པ།། བདག་ནི་འཆང་མཁན་ཡིན་པར་སེམས་དཔའ་མེད།། ་གང་དག་མེད་པར་མ་གྱུར་དེ་དག་བདེ།། དཀར་པོ་ཀུན་ལ་ཡང་དག་འདུ་ཤེས།། སྙིང་པོ་དང་ནི་རྫས་སུ་འདུ་ཤེས་མེད།། དཀར་དང་གནག་པར་གང་ཡང་མི་སེམས།། ་གང་དག་གཉིས་སུ་མེད་སྤོངས་དེ་དག་བདེ།། གང་དག་ལངས་ལ་ལངས་པར་འདུ་ཤེས་མེད།། འདུག་ཀྱང་འདུག་པར་འདུ་ཤེས་ཡོངས་མ་ཡིན།། ཉིན་མཚན། ་ཕྱེད་པར་འཆག་ཅིང་བརྩོན་འགྲུས་བརྩོམ།། གང་དག་སྤྲོས་པ་མེད་པ་དེ་དག་བདེ།། གང་དག་གནས་མིན་གནས་པར་མི་རྟོག་ཅིང་།། ཁྱད་པར་ཤེས་པ་ཞི་བར ་མི་རྟོག་ལ།། དེ་བཞིན་གཤེགས་དང་མུ་སྟེགས་ཁྱད་པར་མེད།། གང་དག་མཆོག་ཏུ་རློམ་སེམས་མེད་པ་དེ་དག་བདེ།། གང་ལ་གྲངས་དང་བགྲང་བའང་ཡོད་མ ་ཡིན།། ན་མཁའི་དབྱིངས་ལྟར་མཉམ་ཉིད་མི་གཏོང་ལ།། བདག་དང་སེམས་ཅན་ཐ་དད་མི་སེམས་པ།། གང་དག་ཁྱད་པར་ཐོབ་མེད་དེ་དག་བདེ།། གང་དག ་སྒྱུ་མར་གྱུར་ཅིང་རྨི་ལམ་སྤྱོད།། རབ་ཏུ་མ་རྨོངས་མིག་ཡོར་ལྟ་བུར་གྱུར།། འཇིག་རྟེན་དག་ན་ཆུ་ཟླ་བཞིན་དུ་སྤྱོད།། གང་དག་ཀུན་ཏུ་མི་བརྩོན་དེ་དག་བདེ། ་སེམས་ཅན་གང་དག་མཁས་ལ་དོན་དམ་ལྟ།། བརྡའ་དང་ཐ་སྙད་སྙིང་པོ་མེད་པར་ཤེས།། རབ་ཏུ་ཞི་བའི་ཆོས་རྣམས་རྗེས་སུ་རྟོགས།། གང་དག་མཚན་མའི ་སྤྱོད་ཡུལ་མ་ཡིན་དེ་དག་བདེ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་ལེགསོ།། ཞེས་བྱ་བ་བྱིན་ཏེ། ཤ་ར་དྭ་ཏིའི་བུ་འདི་ལྟར་ཤེས་རབ ་ལ་སྤྱོད་པའི་ཆོས་ལ་མཆོག་ཏུ་གྱུར་པ་དེ་ལེགསོ།། ལེགས་སོ།། ཤ་རིའི་བུ་དེ་བས་ན། བྱ་རྒོད་ཀྱི་ཕུང་པོའི་རི་འདི་ལ་དགེ་སློང་དང་བྱང་ཆུབ་སེམས་དཔའ་ཇི་སྙེད ་ནང་དུ་ཡང་དག་པར་འཇོག་ལ་ཞུགས་པ་དེ་དག་ཐམས་ཅད་ཁྱོད་ཀྱིས་སྡུས་ཤིག། ཤ་རིའི་བུས་གསོལ་པ། བཅོམ་ལྡན་འདས་བདག་ནི་མི་སྤྲོའོ།། དེ་ཅིའི་སླད་དུ ་ཞེ་ན། གླང་པོ་ཆེན་པོ་དག་ནི་མགུ་བར་དགའ་བའི་སླད་དུའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་ཉིད་ཀྱི་སྐ་ལས་འོད་ཟེར་བྱུང་ནས། དེས་འཇིག་རྟེན་གྱི་ཁམས་མཐའ ་ཡས་མུ་མེད་པར་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་བསྐུར་བ་དང་། བྱ་རྒོད་ཀྱི་ཕུང་པོའི་རི་གང་ན་བ་དང་། བཅོམ་ལྡན་འདས་གང་ན་བ་དེར་ལྷགས་ནས། ་བར་སྣང་གི་ན་མཁའ་ལ་གནས་པར་གྱུར་ཏོ།། དགེ་སློང་དང་། བྱང་ཆུབ་སེམས་དཔའ་གང་དག་ཡང་དག་འཇོག་ལ་ཞུགས་པ་དེ་དག་ཐམས་ཅད་ཀྱང་བཅོམ་ལྡན་འདས ་གང་ན་བ་དེར་ལྷགས་པར་གྱུར་ཏོ།། རྒྱལ་པོའི་ཁབ་གྲོང་ཁྱེར་ཆེན་པོ་ནས་ཀྱང་། སྲོག་ཆགས་བརྒྱ་སྟོང་དུ་མ་བཅོམ་ལྡན ་འདས་ག་ལ་བ་དེར་ལྷགས་པར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཐམས་ཅད་ཡོད་པའི་འཁོར་འདུས་པར་མཁྱེན་ནས་འཇམ་དཔལ་གཞོན་ནུར ་གྱུར་པའི་བཞིན་ལ་གཟིགས་སོ།། གཟིགས་ནས་ཀྱང་འཛུམ་པ་མཛད་དོ།། དེ་ནས་དེ་ཉིད་ཀྱི་ཚེ་འཇམ་དཔལ་གཞོན་ནུར་གྱུར་པ་བསྟན་ལས་ལངས་ཏེ།། ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་ལོག་སུ་ཐལ་མོ་སྦྱར་བ ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱ་དང ་རྐྱེན་མ་མཆིས་པར་འཛུམ་པ་མི་མཛད་ན། བཅོམ་ལྡན་འདས་འཛུམ་པ་མཛད་པའི་རྒྱུ་གང་རྐྱེན་གང་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། འཇམ་དཔལ་སངས་རྒྱས་ཁྲི་རྣམས་ཀྱིས་བྱ་རྒོད་ཀྱི་ཕུང་པོའི་རི ་འདི་ལ་གླང་པོའི་རྩལ་ལྟ་བུ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་བཤད་དོ།། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ ་ཟོས་པ་དང་མྱུར་བ་མྱུར་བར་རིངས་པའི་ཚུལ་དུ་བསྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ལ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས། ་ཏེ། བཅོམ་ལྡན་འདས་གང་ན་བ་དེར་ལོགསུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གང་ཡང ་གླང་པོའི་རྩལ་ལྟ་བུ་ཞེས་བགྱི་བའི་ཆོས་ཀྱི་རྣམ་གྲངས་དག་བཤད་ན་ལེག་སོ།། བདེ་བར་གཤེགས་པ་དག་ལ་བསྟན་ན་ལེག་སོ།། གང་བཅོམ་ལྡན ་འདས་ཀྱིས་འཇམ་དཔལ་གཞོནར་གྱུར་པའི་བཞིན་གཟིགས་ནས། འཛུམ་པ་མཛད་པའི་ཆོས་ཀྱི་རྣམ་གྲངས་དེ་དེང་སང་ཐོས་པར་དཀོན་ལ། ཆོས་ཀྱི ་རྣམ་གྲངས་དེ་ངོ་མཚར་དུ་འགྱུར་ཞིང་ཟབ་པ་ཟབ་པར་སྣང་བ་ལེགསོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་འདི་ལྟར་མཁས་ཤིང་སྤྱོད ་པ་ལེགསོ།། ལེགས་སོ།། དེ་བས་ན་ཀུན་དགའ་བོ་ཁྱོད་ལེགས་པར་ཤིན་ཏུ་ཡིད་ལ་ཟུང་ཤིག་དང་ངས་བཤད་དོ།། བཅོམ་ལྡན་འདས་ལེགས་སོ་ཞེས།། ་ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱིས་ལྟར་ཉན་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་འདིར་བཞུགས་པའི་ཕྱིར། འཇམ ་དཔལ་གཞོན་ནུར་གྱུར་པ་ལ་དེ་ལྟ་བུའི་མཛད་ནས། དེའི་ཕྱིར་གང་བདག་གིས། དེ་བཞིན་གཤེགས་པ་ལ། དེ་ལྟ་བུའི་ཟབ་མོ་ཟབ་པ། གང་ཉན་ཐོས་དང་།། ་རང་སངས་རྒྱས་རྣམས་དང་། མཚན་མར་ལྟུང་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མ་ཡིན་པ་ཞུ་བ་ཞུའོ་སྙམ་དུ་སེམས་པར་གྱུར། ་ཏོ།། འཇམ་དཔལ་གཞོན་ནུར་གྱུར་པ་དེ་ལྟར་ཡིད་ལ་བྱས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། གལ་ཏེ་ཞུས་ནས་ཞུས་པ་ལུང་བསྟན་པའི་སླད ་དུ།། བཅོམ་ལྡན་འདས་ཀྱིས་བཀའ་བདག་ལ་སྐབས་ཕྱེ་ན། བདག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག ་ཕྱོགས་འགའ་ཞིག་ཞའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཐམས་ཅད་དང་ལྡན་པའི་འཁོར་འདི་དག་ཀྱང་འདུས་ཀྱིས། འཇམ་དཔལ་ཁྱོད་གང་དང་གང་འདོད ་པ་ཞེས་ཤིག། འཇམ་དཔལ་གྱིས་གསོལ་བ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཡོན་ཏན་ཐམས་ཅད་ལ་གནས་ཤིང་། བྱང་ཆུབ་སེམས་དཔའི་སྤྱོད་པ ་ཐམས་ཅད་ལ་ཡང་མངའ་བ་ལགས། སེམས་ཅན་ཚད་མ་མཆིས་གྲངས་མ་མཆིས་པ་རྣམས་ཀྱང་ཡོངས་སུ་སྨིན་པར་བགྱིད་ཅིང་། སངས་རྒྱས་ཀྱི་ཞིང་ཐམས་ཅད ་ན་ཡང་། ཆུ་ཟླ་ལྟ་བུར་གདའ་བ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ ་ཏོ།། འཇམ་དཔལ་ཁྱོད་ཀྱིས་མདོར་དོན་ཆེན་པོ་ཞུ་བ་ཞེས་པ་ལེགས་སོ།། ལེགས་སོ།། དེའི་རྣམ་པར་དབྱེ་བ་རྒྱ་ཆེར་ལེགས་པར་ཤིན་དུ་ཉོན་ལ་ཡིད་ཟུང་ཤིག ་དང་། ངས་ཁྱོད་ལ་བཤད་དོ།། བཅོམ་ལྡན་འདས་དེ་བཞིན་གི་འཚལ་ལོ་ཞེས། འཇམ་དཔལ་གཞོན་ནུར་གྱུར་པ་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས ་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་པ། འཇམ་དཔལ་ཏུ་འདི་ལ་བྱང་ཆུབ་སེམས་དཔའ་ཆོས་དྲག་དང་ལྡན་ན། བྱ་བ་དེ་དག་ཀྱང་ཡོངས་སུ་རྫོགས་པར་བྱེད་ཅིང་།། ་ཡོན་ཏན་གྱི་ཆོས་ཐམས་ཅད་ལ་ཡང་གནས་པར་འགྱུར་རོ།། དྲུག་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་སྦྱིན་པ་བྱེད་པ། སྨིན་པའི་བདག་པོ་བདོག་པ་ཐམས་ཅད ་ཡོངས་སུ་གཏོང་བ་ཡིན་མོད་ཀྱི། བདག་སེར་སྣ་སྤྱོད་པ་ལས་རྣམ་པར་ལེགས་པར་མི་མཐོང་ངོ་།། ཚུལ་ཁྲིམས་ལ་གནས་པ་ཡིན་མོད་ཀྱི། བདག་ཚུལ་ཁྲིམས་ངན ་པའི་ལྟས་ལས་འདས་པར་ཡིན་པར་མི་ཤེས་སོ།། བཟོད་པ་དང་ངེས་པར་ལྡན་པ་ཡིན་མོད་ཀྱི། བདག་གིས་གནོད་སེམས་ཀྱི་སྤྱོད་པ་དང་བྲལ་བར་མི་མཐོང་ངོ་།། ་བརྩོན་འགྲུས་བརྩམ་པ་ཡིན་མོད་ཀྱི། ལུས་དང་ངག་སེམས་ཀྱིས་བརྩོན་པ་མ་ཡིན་ནོ།། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས ་པར་འཇུག་པ་ཐམས་ཅད་ལ་མཁས་པ་ཡིན་མོད་ཀྱི། སེམས་རྩེ་གཅིག་ཏུ་གནས་པར་གྱུར་པ་ཡང་མ་ཡིན་ནོ།། སྤྱོད་ཡུལ་ཤེས་རབ་ལ་གནས་པ་ཡིན་མོད་ཀྱིས།། ་བདག་འགྲོ་བ་ཐམས་ཅད་ལ་ཡོངས་སུ་མ་གྲོལ་བར་མཐོང་།། འཇམ་དཔལ་བྱང་ཆུབ་སེམས་དཔའ་ཆོས་འདི་དྲུག་དང་ལྡན་ན། བྱ་བ་དེ་དག་ཡོངས་སུ་རྫོགས་པར ་བྱེད་ཅིང་། ཡོན་ཏན་གྱི་ཆོས་ཐམས་ཅད་ལ་ཡང་གནས་པ་ཡིན་ནོ།། འཇམ་དཔལ་གཞན་ཡང་ཆོས་དྲུག་དང་ལྡན་ན། བྱང་ཆུབ་སེམས ་དཔའ་བྱ་བ་དེ་དག་ཡོངས་སུ་རྫོགས་པར་བྱེད་ཅིང་། ཡོན་ཏན་གྱི་ཆོས་ཐམས་ཅད་ལ་ཡང་གནས་པ་ཡིན་ནོ།། དྲུག་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ ་སེམས་དཔའ་ཅན་དམྱལ་བའི་གནས་ཡོངས་སུ་བཟུང་བ་ཡང་ཡོངས་སུ་འཛིན་པ། མཐོ་རིས་ཀྱི་ཆོས་ཀྱང་མྱོང་བར་བྱེད་པ་དང་། དུད་འགྲོར་འགྲོ་བའི་གནས་ཀྱང ་ཡོངས་སུ་འཛིན་ལ། མིའི་ཆོས་རྒྱ་ཆེན་པོ་ཡང་མོང་བར་བྱེད་པ་དང་། རིགས་དམའ་བར་སྐྱེ་བ་ཡོངས་སུ་བཟུང་བ་ཡང་ཡོངས་སུ་འཛིན་ལ། འཁོར་ལོས་བསྒྱུར ་བའི་རྒྱལ་སྲིད་ཀྱི་བདེ་བ་ཡང་མྱོང་བར་བྱེད་པ་དང་། སྐྱེ་བ་ཐམས་ཅད་དུ་རྟོགས་པར་ཡང་སྟོན་ལ། འགྲོ་བའི་ཁྱད་པར་གྱི་བྱ་བ་རྣམས་ཀྱང་མྱོང་བར་བྱེད་པ་དང་། ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་འགྲོ་བ་ཡང་མཁས་པ་ཡང་མཁས་པ་ཡང་ཡིན་ལ། གནས་ནས་ཀྱང་མི་འཕོ་འགྲོ་བ་ཡང་མེད། འོང་བ་ཡང་མེད་ཅིང་། སངས་རྒྱས ་ཀྱི་ཞིང་ཐམས་ཅད་དུ་ཡང་ཆུའི་ཟླ་བ་བཞིན་དུ་སྣང་བ་དང་། སྒྲ་སྐད་ཐམས་ཅད་ཀྱང་འབྱིན་པ། ཕན་ཚུན་འདྲེས་པར་ཡང་མི་བྱེད་པ་ཡིན་ཏེ། འཇམ་དཔལ་བྱང་ཆུབ ་སེམས་དཔའ་ཆོས་དེ་དྲུག་དང་ལྡན་ན། བྱ་བ་དེ་དག་སྟོན་ཅིང་ཡོན་གྱི་ཆོས་ཐམས་ཅད་ལ་ཡང་གནས་པ་ཡིན་ནོ།། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན ་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཅན་དམྱལ་བའི་གནས ་ཡོངསུ་བཟུང་བ་ཡང་འཛིན་ལ། མཐོ་རིས་ཀྱི་ཆོས་ཀྱང་མྱོང་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་འདི་ལ་བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོ་པད་མ་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། སེམས་ཅན་དམྱལ་བའི་གནས་ཡོངས་སུ་བཟུང་བ་ཡང་ཡོངས་སུ་འཛིན ་ཏེ། ལྷའི་བདེ་བ་གང་ཆུང་ཟད་ཡོད་པ་དེ་དག་ཐམས་ཅད་དེ་ན་མྱོང་བར་བྱེད་དོ།། སེམས་ཅན་དེ་དག་གིས་ཀྱང་དེ། དམྱལ་བས་དམྱལ་བར་མཐོང་སྟེ། དེ་ཆ ་ལུགས་དེས་སེམས་ཅན་དམྱལ་བའི་སེམས་ཅན་དེ་དག་དམྱལ་བ་དང་བྲལ་བར་གྱུར་པ་ལ་ཆོས་འཆད་དོ།། དེ་སེམས་ཅན་སྟོང་ཕྲག་དུ་མ་སེམས་ཅན་དམྱལ་བ་ལ ་རབ་ཏུ་ཐར་བར་བྱེད་དོ།། འཇམ་དཔལ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་ཅན་དམྱལ་བའི་གནས་ཡོངས་སུ་བཟུང་བ་ཡང་ཡོངས་སུ་འཛིན་ལ། མཐོ་རིས་ཀྱི ་ཆོས་ཀྱང་མྱོང་བར་བྱེད་པ་ཡིན་ནོ།། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་དུད་འགྲོའི་གནས་ཀྱང་ཡོངས་སུ་འཛིན ་ལ། མིའི་ཆོས་རྒྱ་ཆེན་པོ་ཡང་མྱོང་བར་བགྱིད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་འདི་ལ་བྱང་ཆུབ་སེམས་དཔའ་ཉེ་བར་ཞི ་ལ་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དུད་འགྲོའི་གནས་ཡོངསུ་འཛིན་ལ། སེམས་ཉམས་པ་མེད་པར་མིའི ་ཆོས་རྒྱ་ཆེན་པོ་མྱོང་བར་བྱེད་དོ།། དེ་ན་ལུགས་དེས་དུད་འགྲོར་འགྱུར་བའི་སེམས་ཅན་རྣམས་ལ་ཆོས་འཆད་དེ། དེ་སེམས་ཅན་སྟོང་ཕྲག་མང་པོ་ཆོས་ལ་འཇོག ་གོ། འཇམ་དཔལ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་དུད་འགྲོའི་གནས་ཀྱང་ཡོངས་སུ་འཛིན་ལ། མིའི་ཆོས་རྒྱ་ཆེན་པོ་ཡང་མྱོང་བར་བྱེད་པ་ཡིན་ནོ།། འཇམ་དཔལ ་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རིགས་དམའ་བར་སྐྱེ་བ་ཡོངས་སུ་བཟུང་བ་ཡང་ཡོངས་སུ་འཛིན་ལ། འཁོར་ལོ་སྒྱུར་བའི ་རྒྱལ་སྲིད་ཀྱི་བདེ་བ་ཡང་མྱོང་བར་བགྱིད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་འདི་ལ་བྱང་ཆུབ་སེམས་དཔའ་མངོན་པར་གནོན་ཅིང་། ་རྣམ་པར་གསལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཏིང་ངེ་འཛིན་དེ་མངོན་པར་གནོན་པ་དང་། རྣམ་པར་གསལ་བས་རིགས་དམའ་བར ་སྐྱེ་བ་ཡོངས་སུ་བཟུང་བ་ཡང་ཡོངས་སུ་འཛིན་ལ། འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་བདེ་བ་ཡང་སྐྱོང་བར་བྱེད་དེ། ཐབས་དེས་ཀྱང་སེམས་ཅན་སྟོང་ཕྲག་དུ ་མཆོས་ལ་འཇོག་གོ།། འཇམ་དཔལ་དེ་ལྟ་ན་བྱང་ཆུབ་སེམས་དཔའ་རིགས་དཔའ་བར་སྐྱེ་བ་ཡོངས་སུ་བཟུང་བ་ཡོངས་སུ་འཛིན་ལ། འཁོར་ལོས་སྒྱུར ་བའི་རྒྱལ་སྲིད་ཀྱི་བདེ་བ་ཡང་མྱོང་བར་བྱེད་པ་ཡིན་ནོ།། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་འགྲོ་བ་ཐམས་ཅད་དུ ་གཏོགས་པར་ཡང་སྟོན་ལ། འགྲོ་བའི་ཁྱད་པར་བགྱིད་པ་ཡང་མོང་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་འདི་ལ་བྱང་ཆུབ་སེམས ་དཔའ་སྤྱོད་པ་ཐམས་ཅད་ལ་བཏང་བ་སྣང་བའི་ཁྱད་པར་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་གོ། ཏིང་ངེ་འཛིན་དེ་ལ་གནས་ནས། འགྲོ་བ་ཐམས ་ཅད་དུ་གཏོགས་པར་ཡང་སྟོན་ཅིང་། འགྲོ་བའི་ཁྱད་པར་གྱི་བྱེད་པ་ཡང་མྱོང་བར་བྱེད་དེ། འཇམ་དཔལ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་འགྲོ་བ་ཐམས་ཅད་དུ་གཏོགས ་པར་ཡང་སྟོན་པས། འགྲོ་བའི་ཁྱད་པར་ཡང་མྱོང་བར་བྱེད་པ་ཡིན་ནོ།། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སངས ་རྒྱས་ཀྱི་ཞིང་ཐམས་ཅད་དུ་འགྲོ་བ་ལ་མཁས་ཤིང་གནས་ནས་ཀྱང་མི་གཡོ།། འགྲོ་བ་ཡང་མ་མཆིས། འོང་བ་ཡང་མ་མཆིས་ལ། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ། ་ཡང་ཆུའི་ཟླ་བ་ལྟར་གདའ་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་འདི་ལ་བྱང་ཆུབ་སེམས་དཔའ་གཟུགས་ཐམས་ཅད་རྣམ་པར ་གནོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་སྟེ། དེ་ཏིང་ངེ་འཛིན་ལ་གནས་པ་ན། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྣམས་སུ་བདག་གི་ལུས ་ཅིག་ཆར་སྣང་བར་བྱེད་པ་གནས་ནས་ཀྱང་མི་གཡོ།། འགྲོ་བ་ཡང་མེད། འོང་བ་མྱེད། སྙོམས་པར་ཞུགས་པ་ཉིད་ཀྱིས། སངས་རྒྱས ་བཅོམ་ལྡན་འདས་མཐོང་ཞིང་ཆོས་ཀྱང་ཉན་ཏེ། འཇམ་དཔལ་དེ་ལྟར་ན། བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་འགྲོ་བ་ལ་མཁས་པ་ཡང་ཡིན། ་ལ། གནས་ནས་ཀྱང་མི་གཡོ།། འགྲོ་བ་ཡང་མེད། འོང་བ་ཡང་མེད་དེ། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཡང་ཆུའི་ཟླ་བ་བཞིན་དུ་ཡང་སྣང་བ་ཡིན་ནོ།། འཇམ ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སྒྲ་སྐད་ཐམས་ཅད་ཀྱང་འབྱིན་པར་བགྱིད་ལ། ཕན་ཚུན་འདྲེས་པར་ཡང་མི་བགྱིད ་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་འདི་ལ་བྱང་ཆུབ་སེམས་དཔའ་མཐའ་ཡས་པར་འཁྱིལ་བ་ཞེས་བྱ་བའི་གཟུངས་ཐོབ་ནས། སེམས ་ཅན་གྱི་སེམས་ཀྱི་བསམ་པ་མཐའ་ཡས་པ་ལ་འཇུག་ཅིང་། སྒྲ་བཤད་པ་མཐའ་ཡས་པ་རྣམས་ཤེས། བདག་གིས་ཚུལ་མཐའ་ཡས་པ་རྣམས་ཀྱང་རབ་ཏུ་ཤེས།། ་དེ་གཟུངས་དེ་ཐོབ་པས་སྒྲ་སྐད་ཐམས་ཅད་ཀྱང་འབྱིན་ལ་ཕན་ཚུན་འདྲེས་པར་ཡང་མི་བྱེད་དེ། འཇམ་དཔལ་དེ་ལྟར་ན། བྱང་ཆུབ་སེམས་དཔའ་སྒྲ་སྐད་ཐམས་ཅད ་ཀྱང་འབྱིན་ལ། ཕན་ཚུན་འདྲེས་པར་ཡང་མི་བྱེད་པ་ཡིན་ནོ།། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐབ་མཁས་པ་ནི་མངོན ་པར་འབྱུང་བར་དཀའོ།། བཅོམ་ལྡན་འདས་འོན་ཀྱང་ཆོས་ཀྱི་རྣམ་གྲངས་འདི་རྟོགས་པར་འཚལ་བའི་བྱང་ཆུབ་སེམས་དཔའ་ཆོས་ཀྱི་རྣམ་གྲངས་ཇི་ལྟ་བུར་རྟོགས་པ ་བགྱི།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཆོས་ཀྱི་རྣམ་གྲངས་འདི་རྟོགས་པར་འདོད་པའི་བྱང་ཆུབ་སེམས་དཔའ་ན་མཁའི་རྟོགས་པར་བྱའོ།། གསོལ་པ། ་བཅོམ་ལྡན་འདས་ན་མཁའི་ཚུལ་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་འདི་ལྟ་སྟེ་དཔེར་ན། ན་མཁའ་ནི་ཆགས་པ་མ་མཆིས། ་ཞེ་སྡང་བ་མ་ཡིན། རྨོངས་པ་མ་ཡིན་ནོ།། དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་ཆགས་པ་མ་ཡིན།། ཞེ་སྡང་བ་མ་ཡིན། རྨོངས་པ་མ་ཡིནོ།། འདི་ལྟ་སྟེ་དཔེར་ན།། ་ནམ་མཁའ་ནི་སྦྱིན་པ་ཕུན་སུམ་ཚོགས་པ་མ་ཡིན་པ་ནས། ཤེས་རབ་ཀྱི་བར་དུ་ཕུན་སུམ་ཚོགས་པ་མ་ཡིན་ནོ།། དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་སྦྱིན་པ་ཕུན་སུམ ་ཚོགས་པ་མ་ཡིན་པས་ན། ཤེས་རབ་ཀྱི་བར་དུ་ཕུན་སུམ་ཚོགས་པ་མ་ཡིན་ནོ།། འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་ཡོངས་སུ་ཤེས་པར་བྱ་བ་མ་ཡིན། སྤང ་བར་བྱ་བ་མ་ཡིན་པ་ནོ།། འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་སྒོམ་པར་བྱ་བ་མ་ཡིན། མངོན་ཏུ་བྱ་བ་མ་ཡིན་ནོ།། དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་བསྒོམ ་པར་བྱ་བ་མ་ཡིན། མངོན་དུ་བྱར་ཡོད་པ་མ་ཡིན་ནོ།། འདི་ལྟ་སྟེ་དཔེར་ན། ན་མཁའ་ནི་མུན་པ་མ་ཡིན། སྣང་བ་ཡང་མ་ཡིན་ནོ།། དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་མུན ་པ་མ་ཡིན། སྣང་བ་མ་ཡིན་ནོ།། འདི་ལྟ་སྟེ་དཔེར་ན། ན་མཁའ་ནི་ཀུན་ཏུ་བཟུང་བར་བྱ་བ་མ་ཡིན་ནོ།། དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་ཀུན་ཏུ ་བཟུང་བར་བྱ་བ་མ་ཡིན་ནོ།། འདི་ལྟ་སྟེ་དཔེར་ན། ན་མཁའ་ནི་ལམ་གྱིས་ཡང་དག་པར་ཞུགས་པ་མ་ཡིན། ལམ་ངན་པ་མ་ཡིན་ནོ།། དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་ལམ ་གྱིས་ཡང་དག་པར་ཞུགས་པ་མ་ཡིན། ལམ་ངན་པར་ཞུགས་པ་མ་ཡིན་ནོ།། འདི་ལྟ་སྟེ་དཔེར་ན། ནམཁའ་ནི་ཉན་ཐོས་ཀྱི་ཐེག་པས་ཡང་དག་པར་ཞུགས་པ་མ་ཡིན།། ་རང་སངས་རྒྱས་ཀྱི་ཐེག་པས་མ་ཡིན། ཐེག་པ་ཆེན་པོ་ཡང་དག་པར་ཞུགས་པ་མ་ཡིན་ནོ།། དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་ཉན་ཐོས་ཀྱི་ཐེག་པས་ཡང་དག་པར་ཞུགས ་པ་མ་ཡིན། རང་སངས་རྒྱས་ཀྱི་ཐེག་པས་མ་ཡིན། ཐེག་པ་ཆེན་པོས་ཡང་དག་པར་ཞུགས་པ་མ་ཡིན་ནོ།། འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་སེམས་པར་བྱེད་པ་མ ་ཡིན། ཤེས་པ་མ་ཡིན་ནོ།། དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་སེམས་དཔར་བྱེད་པ་མ་ཡིན། ཤེས་པར་བྱེད་པ་མ་ཡིན་ནོ།། འདི་ལྟ་སྟེ་དཔེར་ན། ན་མཁའ་ནི་ལེན་པར ་བྱེད་པ་མ་ཡིན། འདོར་བར་བྱེད་པ་མ་ཡིན། དོར་བར་བྱེད་པ་མ་ཡིན་ནོ།། དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་ལེན་པར་བྱེད་པ་མ་ཡིན། འདོར་བར་བྱེད་པ་མ་ཡིན། བླང་བར ་བྱེད་པ་མ་ཡིན། དོར་བྱེད་པ་མ་ཡིན་ནོ།། འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་གང་གིས་ཀྱང་ཉོན་མོངས་པར་བྱ་བ་མི་ནུས་སོ།། དེ་བཞིན་དུ་མྱ་ངན་ལས་འདས་པའི ་མཐར་གཏུགས་པའི་ཆོས་ཐམས་ཅད་ཀྱང་ཀུན་ནས་ཉོན་མོངས་པ་མ་ཡིན་ཏེ། དེ་དག་ཞི་བར་ཡང་མི་འགྱུར་རོ།། ཉེ་བར་ཞི་བར་ཡང་མི་འགྱུར་རོ།། འདི་ལྟ་སྟེ་དཔེར་ན། ་ན་མཁའ་མི་གནས་པའི་ཕྱིར། གནས་མ་ཡིན། གནས་པ་ཡིན། གཡོ་བར་མི་བྱེད། འགལ་བར་མི་བྱེད་དོ།། བྱང་ཆུབ་སེམས་དཔའ་དེ་བཞིན་དུ་ཆོས་ཐམས་ཅད་མི ་གནས་པ་ལ་གནས་པར་བལྟའོ།། དེ་དག་ཡང་དག་པ་ཐོབ་པས་མི་འགུལ་མི་གཡོ་མི་གནས། གནས་པར་མི་བྱེད། དེ་ལ་འཇམ་དཔལ་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད ་ལྟ་བུ་ལ། གང་དེ་བཞིན་གཤེགས་པ་ལྟ་བར་འདོད་པ་དེ་དག་ནི་ལོག་པར་ལྟའོ།། གང་ལོག་པར་ལྟ་བ་དེ་དག་ནི་ཡང་དག་པར་ཞུགས་པའོ།། གང་ཡང་དག་པར ་ཞུགས་པ་དེ་དག་ལ་བྱིན་པ་ནི་འབྲས་བུ་ཆེ་བ་མ་ཡིན། ཕན་ཡོན་ཆེ་བ་མ་ཡིན་ནོ།། གང་དག་ལ་བྱིན་ན་འབྲས་བུ་ཆེ་བ་མ་ཡིན་ནོ།། ཕན་ཡོན་ཆེ་བ་མ་ཡིན་པ་དེ་དག་ནི། ་འཇིག་རྟེན་གྱི་སྤྲིན་གནས་སོ།། གང་འཇིག་རྟེན་གྱི་སྤྲིན་གནས་ཡིན་པ་དེ་དག་ལ་སྦྱིན་པའི་རྣམ་པར་སྨིན་པ་མེད་དོ།། གང་ལ་སྦྱིན་པའི་རྣམ་པར་སྨིན་པ་མེད་པ་དེ་དག ་གིས་འདུ་ཤེས་མེད་པ་ཡོངསུ་རྫོགས་པར་བྱེད་དོ།། གང་གིས་འདུ་ཤེས་མེད་པ་ཡོངས་སུ་རྫོགས་པར་བྱེད་དོ།། གང་གིས་འདུ་ཤེས་མེད་པ་ཡོངསུ་རྫོགས་པ ་བྱས་པ་དེ་དག་མྱུར་དུ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་འགྱུར་རོ།། དེ་ནས་འཁོར་དེའི་ནང་ནས་དགེ་སློང་ལྷག་པའི་ང་རྒྱལ་ཅན་དྲུག་ཅུ་བསྟན་པ་འདི་ཐོས་པ། ་པ་དང་། འདི་སུམ་དུ་གྱུར་ཏེ། མུན་ནག་གི་ལམ་དུ་གྱུར་ལ། དེ་བཞིན་གཤེགས་པ་ནི་མུན་ནག་གི་ལམ་དུ་སྟོན་ཏོ།། འདི་ལྟ་སྟེ། མུ ་སྟེགས་ཅན་གཞན་དག་ཀྱང་དེ་སྐད་སྟོན། དེ་བཞིན་གཤེགས་པ་ཡང་དེ་སྐད་སྟོན་པས། དེ་བཞིན་གཤེགས་པ་དང་། མུ་སྟེགས་ཅན་གཞན་གང་འོད་སྲང་དང་། མ་སྐར ་འགའ་བ་དང་། མི་དཀར་བའི་སྐྲའི་ལ་བ་ཅན་དང་། ཀུན་རྒྱལ་འབེའི་རི་ཏའི་བུ་དང་། དཔོན་པོ་ཀ་ཏ་ཡ་ན་དང་། གཅེར་བུ་པ་ཉེ་དུའི་བུ་རྣམས་ཀྱི་ཚིག་མཚུང་སོ་སྙམ་མོ།། ་དེ་ནས་བཅོམ་ལྡན་འདས་ཀྱིས་ཐུགས་ཀྱིས་དགེ་སློང་ལྷག་པའི་ང་རྒྱལ་ཅན་དེ་རྣམས་ཀྱི་སེམས་ཀྱིས་རྟོག་པ་མཁྱེན་ནས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ ་པ། འཇམ་དཔལ་དེ་དེ་བཞིན་ཏེ། གང་ངས་ཆོས་བཤད་པ་འདི་མུ་སྟེགས་ཅན་གཞན་རྣམས་དང་མཚུངས་ན། མུ་སྟེགས་ཅན་གཞན་རྣམས་ཀྱིས་ནི། དེ་བཞིན་གཤེག ་པས་ཆོས་བཤད་པ་མི་ཤེས་སོ།། དེ་སྐད་ཅེས་བཀའ་སྩལ་པ་དང་། དགེ་སློང་ལྷག་པའི་ང་རྒྱལ་ཅན་རྣམས་ལྷག་པར་སྡུག་བསྔལ་མི་དགའ་མ་མགུ། མ་རངས། ཆོས ་བཤད་པ་འདི་ཡང་མ་ཤེས་ནས་སྟན་ལས་ལངས་ཏེ་དོང་ངོ་།། དེ་ནས་ཚེ་དང་ལྡན་པ་ཤ་རིའི་བུས་དགེ་སློང་དེ་དག་ལ་འདི་སྐད་ཅེས་སྨྲས་སོ།། ཚེ་དང་ལྡན་པ་ཁྱེད་གར་དོང་། ་དེ་དག་གིས་དེ་ལ་འདི་སྐད་ཅེས་སྨྲས་སོ།། བཙུན་པ་ཤ་རིའི་བུ་ཆོས་བཤད་པ་འདི་དག་བདག་ཅག་གིས་མི་འཚལ་ལོ།། དེས་དེ་དག་ལ་འདི་སྐད་སྨྲས་སོ།། ཚེ་དང་ལྡན ་པ་དག་དེ་བཞིན་གཤེགས་པའི་དགོད་ཏེ་བསྟན་པ་ཡིན་པར་ཤེས་པར་བྱའོ།། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཅི་ལས་དགོངས་ཏེ། དེ་སྐད་བསྟན་པ་དེ་བཞིན་གཤེགས ་པ་ལ་ཞུ་བའི་བར་དུ་རེ་ཤིག་སྡོད་ཅིག། དེ་ནས་དགེ་སློང་དེ་དག་ཚེ་དང་ལྡན་པ་ཤ་རིའི་བུའི་ཚིག་ཐོས་ནས། སོ་སོའི་བསྟན་ལ་སླར་འཁོད་དོ།། དེ་ནས་བཅོམ་ལྡན་འདྲ། ་ལ་ཚེ་དང་ལྡན་པ་ཤ་རིའི་བུས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དགེ་སློང་དེ་དག་ཐེ་ཙོམ་བསྩལ་པའི་སླད་དུ། དེ་བཞིན་གཤེགས་པས་ཅི་ལ་དགོངས་ཏེ།། ་འདི་སྐད་བསྟན་པ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་རིའི་བུ་དེ་ཇི་སྙམ་དུ་སེམས། དགེ་སློང་གང་ཉེ་བར ་ལེན་པ་མེད་པར་ཟག་པ་ལ་སེམས་རྣམ་པར་གྲོལ་བ་དེ། སྒྲ་གང་གིས་ཀྱང་དངས་པ་དང་། སྐྲག་པ་དང་། ཀུན་ཏུ་སྐྲག་པར་འགྱུར་རམ། གསོལ་པ། བཅོམ་ལྡན ་འདས་མ་ལགསོ།། དགེ་སློང་བདེན་པ་མཐོང་བ་ཡང་སྒྲ་ཐམས་ཅད་ཀྱིས་མི་དངངས། ང་མི་སྐྲག་ཀུན་ཏུ་སྐྲག་པར་མི་འགྱུར་ན། དགེ་སློང་གང་ལེན་པ་མ་མཆིས་པར ་ཟག་པ་ལས། སེམས་རྣམ་པར་གྲོལ་བ་ལྟ་ཅི་སྨོས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་རིའི་བུ་འདི་ལ་སྐྱེས་བུ་བླུན་པོ་ཁ་ཅིག་ཡང་དག་པ་མ་ཡིན་པ ་ཆོས་རྣམས་བརྟགས་ནས། ལྷག་པའི་ང་རྒྱལ་དུ་གྱུར་ཅིང་གནསོ།། ཤ་རིའི་བུས་གསོལ། གང་ཐོས་ནས་འཁོར་ཐམས་ཅད་ཐེ་ཚོམ་མ་མཆིས་པར་འགྱུར ་བའི་ཚིག་བཤད་པ་དེ་དག་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་རིའི་བུ་གང ་གིས་དེ་བཞིན་གཤེགས་པ་རྨི་ལམ་དང་མཚུངས། སྒྱུ་མ་དང་མཚུངས་པར་མཐོང་བ་དེས། ཡང་དག་པར་མཐོང་ངོ་།། གང་ཡང་དག་པར་མཐོང་བ་དེ་དག་དེ་བཞིན་གཤེགས ་པ་ལ་ཡང་དག་པར་འདུ་ཤེས་མི་བྱེད། སྙིང་པོར་འདུ་ཤེས་པ་དང་། རྫས་སུ་འདུ་ཤེས་པ་དང་། དངོས་པོར་འདུ་ཤེས་པ་དང་། རིལ་པོར་འདུ་ཤེས་མི་བྱེད། གང་དེ་བཞི ་གཤེགས་པ་ལ་ཡང་དག་པར་འདུ་ཤེས་པ་མ་ཡིན། སྙིང་པོ་དང་། རྫས་དང་། དངོས་པོ་དང་། རིལ་པོར་འདུ་ཤེས་པ་མ་ཡིན་པར་དེ་དག་གིས་འདུ་བྱེད་ཐམས་ཅད ་བརྫུན་པར་མཐོང་ངོ་།། གང་གིས་འདུ་བྱེད་ཐམས་ཅད་བརྫུན་པར་མཐོང་བ་དེ་དག་གིས་ཆོས་ཐམས་ཅད་ལོག་པར་ཤེས་སོ།། གང་གིས་ཆོས་ཐམས་ཅད་ལོག་པར ་ཤེས་པ་དེ་དག་ཐམས་ཅད་དེ་བཞིན་གཤེགས་པས་ལོག་པར་ལྟ་བ་ཡོངས་སུ་རྫོགས་པ་ཡིན་པར་བསྟན་ཏོ།། དེ་དག་གིས་ལྟ་བར་གྱུར་པ་ཐམས་ཅད་ལོག་པ ་ཡིན་པར་ཡང་ཤེས་ཏེ། དེའི་ཕྱིར་ཡང་དག་ལོག་པར་ལྟ་བ་ཞེས་བྱའོ།། ཤ་རིའི་བུ་རྣམ་གྲངས་དེས་གང་དེ་བཞིན་གཤེགས་པ་བལྟ་བར་འདོད་པ་དེ་དག་ལོག་པར ་ལྟ་བ་ཞེས་བྱའོ།། ཤ་རིའི་བུ་དེ་དག་ནི་དེ་བཞིན་གཤེགས་པའི་སྐམ་འཁྲུགས་པར་ལྟ་བའོ།། གང་དེ་བཞིན་གཤེགས་པའི་སྐ་ལོག་པར་རྟོགས་པ་དེ་དག་ནི་དེ་བཞིན ་གཤེགས་པའི་འདུ་ཤེས་མེད་པའོ།། ཤ་རིའི་བུ་གང་འདི་ལྟར་ལོག་པར་ཤེས་པ་དེ་ནི་དེ་བཞིན་གཤེགས་པ་མཐོང་བའོ།། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་གང ་ལོག་པར་ལྟ་བ་དེ་དག་ཡང་དག་པར་ཞགས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་རིའི་བུ་གང་སོ་སོའི་སྐྱེ་བོ་རྣམས་རྟོག་པ་དང་། རྣམ་པར་རྟོག ་པ་དང་། སྤྱོད་པ་དང་། རྣམ་པར་སྤྱོད་པ་དང་། ལྡང་བྱེད་པ་དང་། ཀུན་དུ་ལྡང་བར་བྱེད་པ་དང་། རྟེན་པ་དང་། གནས་པ་དང་། ལེན་པ་དང་། འདོར་བ་དང་། བདག ་དང་། སེམས་ཅན་དང་། སྲོག་དང་། གང་ཟག་ཏུ་ལྟོ་བ་ཉེ་བར་ལེན་པ་དང་། བདག་ཏུ་འཛིན་པ་ལ་མངོན་པར་ཞེན་པ་དང་། བདག་གིར་འཛིན་པ་ལ་ཆགས་པ་དེ ་དག་གི་སྤྱོད་པ་དང་། ཤེས་རབ་དང་། གཡོ་བ་དང་། སྤྲོས་པ་དེ་ལྟ་བུ་དག་དེ་དག་གིས་ཤེས་ཏེ། དེ་དག་ནི་ཇི་ལྟ་བུར་ཡོད་པ་མ་ཡིན་པ་དེ་ལྟ་བུ་ཉིད་དུ་ཤེསོ།། ། ་ཤ་རིའི་བུ་མེད་པ་ཞེས་བྱ་བ་དེ་ནི་ཡང་དག་པ་མ་ཡིན་པའི་ཚིག་བླ་དགས་སོ།། ཡང་དག་པར་མ་ཡིན་པ་ཞེས་བྱ་བ་ནི་བརྫུན་ནོ།། བརྫུན་པ་ཞེས་བྱ་བ་དེ་ནི་ལོག ་པའི་ཚིག་བླ་དག་སོ།། དེ་ལྟར་གང་ཚུལ་འདི་ལྟ་བུ་ཡང་དག་པ་མ་ཡིན་པར་འཛིན་པ་དག་ཡང་དག་པར་མཐོང་བ་དེའི་ཕྱིར། དེ་དག་ཡང་དག་པར་ཞུགས་པ་ཞེས ་བྱའོ།། ཤཱརྗེའི་བུ་རྣམ་གྲངས་དེ་ཉིད་ཀྱིས་གང་ལག་པར་ལྟ་བ་དེ་དག་ཡང་དག་ཞུགས་པའོ།། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་ཡང་དག་པར་ཞུགས་པ ་དེ་དག་ལ་བསྩལ་ན་འབྲས་བུ་ཆེ་བ་མ་ལགས། ཕན་ཡོན་ཆེ་བ་མ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་རིའི་བུ ་གང་ཚུལ་འདི་ལྟ་བུས་ཡང་དག་པར་ཞུགས་པ་དང་ལྡན་པར་གྱུར་པ་དེ་དག་ལ། སྦྱིན་པ་ནི་མྱ་ངན་ལས་འདས་པ་ལ་གཞོལ། མྱ་ངན་ལས་འདས་པ་ལ་འབབ།། ་མྱ་ངན་ལས་འདའ་བ་ལ་བབ། མྱ་ངན་ལས་འདི་མཐར་ཐར་ཐུག་པར་གྱུར་ཏེ། མྱ་ངན་ལས་འདའ་བ་ཡང་འབྲས་བུ་ཆུང་བ་ཡང་མ་ཡིན། འབྲས་བུ་ཆེ་བ་ཡང་མ་ཡིན།། ་ཕན་ཡོན་ཆུང་བ་ཡང་མ་ཡིན། ཕན་ཡོན་ཆེ་བ་ཡང་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། མྱ་ངན་ལས་འདས་པ་ནི་འབྲས་བུ་ཐམས་ཅད་དང་བྲལ་བ་ཞིང་བཏགས་པ་མ་ཡིན། ་གདགས་པར་བྱ་བ་མ་ཡིན་པའི་ཕྱིར་རོ།། གསོལ་པ། བཅོམ་ལྡན་འདས་འོ་ན་དེ་བཞིན་གཤེགས་པས། མྱ་ངན་ལས་འདས་པ་གདགས་པ་མ་ཡིན་མཆིས་པ་ལ་ཇི ་ལྟར་ཕན་ཡོན་མཐའ་ཡས་པའི་སྨན་ཡོན་གྱི་བྱེ་བྲག་སྟན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་རིའི་བུ་སྐྱེ་བའི་སྤྱོད་ཡུལ་ཅན་བདག་དང་། སེམས་ཅན་དང་། ་སྲོག་དང་། གང་ཟག་ཏུ་སྨྲ་བ་རྣམས་མོས་པ་སྐྱེད་པའི་ཕྱིར། མྱ་ངན་ལས་འདས་པ་གདག་སུ་མེད་པ་ལ་ཡང་དེ་བཞིན་གཤེགས་པས་ཡོན་ཏན་མཐའ་ཡས་པའི་ཕན ་ཡོན་གྱི་བྱེ་བྲག་བསྟན་ཏོ།། ཤ་རིའི་བུ་འོན་ཀྱང་འཕགས་པ་རྣམས་ནི་སྦྱིན་པ་ལ་འཇུག་པར་མི་ལྟའི། འཕགས་པ་རྣམས་འདོད་ཆགས་དང་བྲལ་བ་དང་། སྦྱིན་པ་ལས ་ལྡོག་པར་བལྟའོ།། ཤ་རིའི་བུ་འདི་ལྟ་སྟེ་དཔེར་ན། ཞིང་བདག་ཞིང་ལ་ནས་ཀྱི་ས་བོན་བཏབ་སྟེ། དེའི་ནས་དེ་ཉིད་ལ་རྟེན་ནས། སྲེད་དང་། རྩཝ་དང་། སྔོ་རྣམས ་སྐྱེ་ན་ཤ་རིའི་བུ་དེ་ཇི་སྙམ་དུ་སེམས། སྲེད་དང་། བརྩ་དང་། སྔོ་འདི་དག་ཞིང་པ་དེའི་ལས་བྱས་པའི་འབྲས་བུ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས ་མ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་རིའི་བུ་འདི་ལྟ་སྟེ་དཔེར་ན། ཞིང་པས་ནས་ཀྱི་ས་བོན་བཏབ་པ་དེའི་ནས་དེ་དག་ཉིད་ལ་རྟེན་ནས། ་སྲེད་རྣམས་བྱུང་བ་དང་། རྩ་དང་། ངོ་རྣམས་སྐྱེ་བར་འགྱུར་ཏེ། ནས་ཀྱི་སྡེ་མ་གཞན་རྣམས་ཀྱང་འབྱུང་ངོ་།། དེ་བཞིན་དུ་འཕགས་རྣམས་ལ་སྦྱིན་པ་བྱིན་པ་ནི ་ཚེགས་ཆུང་ངུས་ལོང་སྤྱོད་ཆེན་པོར་འགྱུར་ལ། གཞན་ཡང་ཟག་པ་ཟད་པ་སྲེད་པའི་འབྲས་བུ་ཐམས་ཅད་སྐྱེམས་པར་བྱེད་དོ།། འདི་ལྟ་སྟེ་དཔེར་ན། ནས་འདོད ་པ་དག་ནི་འདི་ནི་ནས་ཀྱི་ས་བོན་དང་། འབྲས་བུ་མ་ཡིན་འདི་ནི་ནས་ཀྱི་ས་བོན་དེའི་སྲེད་པ་མ་ཡིན་ནོ་སྙམ་ནས། སྲེད་པས་མགུ་བར་མི་འགྱུར་ཞིང་། རྩ་དང་། ་ངོས་རངས་པར་མི་འགྱུར་བ་དེ་བཞིན་དུ་འདུས་མ་བྱས་པའི་ཞིང་ལ། སྦྱིན་པ་བྱིན་པ་འདས་བྱས་ཀྱི་འབྲས་བུ་ཡིན་པར་བསྟན་པར་མི་བྱའོ།། ཤ་རིའི་བུ་རྣམ་གྲངས ་དེས་གང་ཡང་དག་པ་ཞུགས་པ་དེ་དག་ལ་བྱིན་པའི་འབྲས་བུ་ཆེ་བ་མ་ཡིན། ཕན་ཡོན་ཆེ་བ་མ་ཡིན་ནོ།། གསོལ་པ། བཅོམ་ལྡན་འདས་གང་དག་ལ་བསྐུ་ལེན ་འབྲས་བུ་ཆེ་བ་མ་ལགས་ཤིང་། སྨན་ཡོན་ཆེ་བ་མ་ལགས་པ་དེ་དག་ཇི་ལྟར་འཇིག་རྟེན་གྱི་སྤྲིན་གནས་ལགས། བཅོམ་ལྡན་འདས ་ཀྱིས་བཀའ་སྩལ་པ། ཤ་རིའི་བུ་གང་འབྲས་བུ་ཆེ་བར་འདུ་ཤེས་པ་མ་ཡིན། འབྲས་བུ་ཆུང་བར་འདུ་ཤེས་པ་ཡང་མ་ཡིན་པ་དེ་དག་སྦྱིན་པ་སྐྱེ་བར་མི་འགྱུརརོ།། གང ་སྦྱིན་པ་སྐྱེ་བར་མི་འགྱུར་བ་དེ་དག་ནི་ལྷ་དང་བཅས་པའི་འཇིག་རྟེན་གྱི་སྦྱིན་གནསུ་འགྱུར་རོ།། ཤ་རིའི་བུ་དེ་ལ་ཟད་མི་ཤེས་པའི་ཞིང་ལ་སྦྱིན་པ་བྱིན་པ་ནི་མེ་ཏོག་ཀྱང་མི ་འཆགས་འབྲས་བུར་ཡང་མི་འགྱུར་རོ།། ཤ་རིའི་བུ་རྣམ་གྲངས་འདིས་གང་ལ་བྱིན་ན་འབྲས་བུ་ཆེ་བ་ཡང་མ་ཡིན། ཕན་ཡོན་ཆེ་བ་ཡང་མ་ཡིན་པ་དེ་དག་འཇིག་རྟེན་གྱི་སྦྱིན ་གནས་ཡིན་ནོ། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་གང་འཇིག་རྟེན་གྱི་སྤྲིན་གནས་དེ་དག་ལ་བྱིན་པ་རྣམ་པར་སྨིན་པ་མ་མཆིས་པ་ལགས། བཅོམ་ལྡན་འདས་ཀྱིས ་བཀའ་སྩལ་པ། ཤ་རིའི་བུ་ཇི་སྙམ་དུ་སེམས། སྨིན་པ་གང་མྱ་ངན་ལས་འདས་པའི་མཐའ་ཐུག་པ་འགྱུར་བ་དེ། རྣམ་པར་སྨིན་པའི་ཆོས་ཅན་ཡིན་ནམ། གསོལ ་པ། བཅོམ་ལྡན་འདས་མ་ལེགས་སོ།། བཅོམ་ལྡན་འདས་སྦྱིན་པ་མྱ་ངན་ལས་འདས་པའི་མཐར་ཐུག་པ། དེ་སྦྱིན་པའི་ཆོས་ཅན་ལགས་ན། འཕགས་པའི་གད ་ཟག་རྣམས་འདུས་མ་བྱས་པས་རབ་ཏུ་ཕྱེ་བར་མི་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་རིའི་བུ་ལེག་སོ།། ལེགས་སོ།། རྣམ་གྲངས་འདིས ་གང་འཇིག་རྟེན་གྱི་སྦྱིན་གནས་ཡིན་པ་དེ་དག་ལ་སྦྱིན་པ་རྣམ་པར་སྨིན་པ་མེད་པ་ཡིན་ནོ།། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་གང་སྦྱིན་པའི་གནས་སྨིན་པ ་མ་མཆིས་པ་དེ་དག་གིས། འདུ་ཤེས་མ་མཆིས་པ་ཡོངས་སུ་རྫོགས་པར་བགྱིས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་རིའི་བུ་དེ་ཇི་སྙམ་དུ་སེམ།། ་གང་ཆོས་རྣམས་ཀྱི་ངོ་བོ་ཉིད་ཤེས་པ་དེ་ཡོད་དམ་འོན་ཏེ་མེད། གསོལ་པ། བཅོམ་ལྡན་འདས་གང་ཆོས་ཐམས་ཅད་ཀྱིས་ངོ་བོ་ཉིད་འཚལ་བ་དེ་སྒྱུ་མའི་ངོ་བོ་ཉིད་འཚལ ་བ་ལགས་ཏེ། བཅོམ་ལྡན་འདས་དེ་ནི་མ་མཆིས་པ་ལགས་ཏེ། མཆིས་པ་མ་ལགས་སོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་བཅོམ་ལྡན ་འདས་ཀྱིས་སྒྱུ་མའི་ངོ་བོ་ཉིད་དུ་སྟན་ཏོ།། སྒྱུ་མ་ལྟ་བུ་གང་ལགས་པ་དེ་ཡང་མ་མཆིས་སོ།། གང་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་འཚལ་བ་འདི་ནི་འདུ་ཤེས་མ་མཆིས་པའོ།། ་དེ་ཅིའི་སླད་དུ་ཞེ་ན། འདི་ལ་གང་ཡང་དག་པར་འགྱུར་བའི་ཆོས་གང་ཡང་མི་དམིགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་རིའི་བུ་ལེགས་སོ་ལེགས་སོ།། ་དེ་དེ་བཞིན་ཏེ། ཤཱ་རིའི་བུ་འདི་ལ་ཆོས་འགའ་ཞིག་རྫས་སམ། ཡང་དག་པར་འགྱུར་ན། སེམས་ཅན་རྣམས་ཀྱིས་ཀྱང་མྱ་ངན་ལས་འདས་པར་མི་འགྱུར་རོ།། ་ངག་རིའི་བུ་གང་གི་ཕྱིར་ཆོས་ཐམས་ཅད་ཡང་དག་པ་མ་ཡིན། ཡོད་པ་མ་ཡིན། རྫས་མ་ཡིན་པ་དེའི་ཕྱིར། སེམས་ཅན་གང་གིའི་ཀླུང་གི་བྱེ་མ་སྙེད་མྱ་ངན་ལས ་ལས་འདས་ཀྱང་། སེམས་ཅན་མེད་པའི་ཕྱིར། སེམས་ཅན་རྣམས་ལས་གང་ཡང་ཟད་པར་མི་མངོན་ནོ།། ཤ་རིའི་བུ་དེ་ལྟ་བས་ན་གང་སེམས ་ཅན་ཐམས་ཅད་མེད་པའི་འདུ་ཤེས་པ་དང་། དེ་དག་ཀྱང་མི་དམིགས་པ་འདི་ནི་འདུ་ཤེས་མེད་པ་ཡོངས་སུ་རྫོགས་པའོ།། ཤ་རིའི་བུ་རྣམ་གྲངས་དེས་གང་དག་ལ་བྱིན་པ་རྣམ ་པར་སྨིན་པ་མེད་པ་དེ་དག་གིས་འདུ་ཤེས་མེད་པ་ཡོངས་སུ་རྫོགས་པར་བྱས་པ་ཡིན་ནོ།། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་གང་དག་གིས་འདུ་ཤེས་མེད་པ ་ཡོངས་སུ་རྫོགས་པར་བགྱིས་པའི་ཡེ་ཤེས་དེས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་འགྱུརརོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་རིའི་བུ་གང་གིས་མེད་པ ་མངོན་སུམ་དུ་བྱས་པ་དེ་དག་ནི་ཤེས་པའོ།། མེད་པ་གང་ཞེ་ན། མེད་པ་ཞེས་བྱ་བ་ནི་བདག་ཏུ་ལྟ་བ་དང་། སེམས་ཅན་དུ་ལྟ་བ་དང་། སྲོག་ཏུ་ལྟ་བ་དང་། གང་ཟག་ཏུ་ལྟ ་བ་དང་། ཆད་པར་ལྟ་བ་དང་། རྟག་པར་ལྟ་བའོ།། མེད་པ་ཞེས་བྱ་བ་ནི་སངས་རྒྱས་སུ་འདུ་ཤེས་པ་དང་། ཆོས་སུ་འདུ་ཤེས་པ་དང་། དགེ་འདུན་དུ་འདུ་ཤེས་པ་དང་། ་མྱ་ངན་ལས་འདས་པར་འདུ་ཤེས་པ་དང་། ཇི་ཙམ་དུ་སེམས་ཀྱི་སྦྱོར་བ་དང་། སྤྱོད་པ་དང་། ཤེས་པ་དང་། གཡོ་བ་དང་། སྤོས་པ་དེ་དག་ཐམས་ཅད་མེད་པའོ།། ་ཤ་རིའི་བུ་དེ་ལྟ་བས་ན་ཚུལ་ཁྲིམས་དེ་ལྟ་བུར་ཡང་དག་པ་མ་ཡིན་པ་དེ་དག་ལས་ཡོངས་སུ་གྲོལ་བ་དེ་དག་ནི་ཤེས་པའོ།། ཤ་རིའི་བུ་རྣམ་གྲངས་དེས་གང་གིས་འདུ་ཤེས ་མེད་པ་ཡོངས་སུ་རྫོགས་པར་བྱས་པ། དེ་དག་མྱུར་དུ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་འགྱུར་རོ།། དགོངས་ཏེ་གསུངས་པའི་བསྟན་པའི་ཚེ། བྱང་ཆུབ་སེམས་དཔའ་བཞི ་ཁྲི་ཉིས་སྟོང་གིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ།། དགེ་བསྙེན་དྲག་སྟོང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། ལྷའི ་བུ་སུམ་ཁྲི་དྲུག་སྟོང་རྣམས་ཀྱིས་ཡེ་ཤེས་མངོན་པར་རྟོགས་པར་གྱུར་ཏོ།། དགེ་སློང་ལྷག་པའི་ང་རྒྱལ་ཅན་དྲུག་བཅུ་པོ་དེ་རྣམས་ཀྱང་ཉེ་བར་ལེན་པ་མེད་པར་ཟག་པ་རྣམས ་ལས་སེམས་རྣམ་པར་གྲོལ་ལོ།། དེ་དག་སེམས་རྣམ་པར་གྲོལ་ནས་མགྲིན་གཅིག་ཏུ་ཚིག་སྨྲས་པ། བཅོམ་ལྡན་འདས་བདག་ཅག་ནི་དེང་སླན་ཆད་སྟོན་པ་དྲུག་པ་རྣམས ་ཀྱི་རྗེས་སུ་རབ་ཏུ་བྱུང་ངོ་།། དང་སླན་ཆད་བདག་ཅག་གི་སྟོན་པ་སངས་རྒྱས་མ་ལགས། ཆོས་ལ་མི་རྟེན། དགེ་འདུན་ལ་རྟེན་ནོ།། དེང་སླན་ཆད་བདག་ཅག་བྱ་བ་མ་མཆིས་པར་སྨྲ ་བ། རྒྱུ་མ་མཆིས་པར་སྨྲ་བ་ལས། མ་མཆིས་པར་སྨྲ་བ། རྣམ་པར་སྨིན་པ་མཆིས་པར་སྨྲ་བ། འདུལ་བ་མ་མཆིས་པར་སྨྲ་བའོ།། དེའི་ཚེ་འཁོར་དེ་ན་སྲོག་ཆགས་སྟོང ་ཕྲག་མང་པོ་རྣམས་འདི་སྙམ་དུ་གྱུར་ཏེ། འདི་ལྟར་དགེ་སློང་འདི་དག་འདི་ལྟ་བུ་ཡང་དག་པ་མ་ཡིན་པའི་ཚིག་སྨྲ་བ་ལས་ན། བཅོམ་ལྡན་འདས་ཀྱི་བསླབ་པ་ཕུལ་ནས། མུ་སྟེགས ་ཅན་གྱིས་མཚན་མ་འཛིན་པར་མི་འགྱུར་རམ་སྙམ་ཏུ་གྱུར་ཏོ།། དེ་ནས་ཚེ་དང་ལྡན་པ་ཤ་རིའི་བུའི་སེམས་ཀྱིས་འཁོར་དེ་དག་གི་སེམས་ཀྱིས་རྟོག་པ་ཤེས་ནས། དགེ་སློང་དེ ་དག་ལ་སྨྲས་པ། ཚེ་དང་ལྡན་པ་དག་ཅི་ལས་བསམ་ཏེ། དེང་ཕན་ཆད་བདག་སྟོན་པ་དྲུག་གི་རྗེསུ་རབ་ཏུ་བྱུང་ངོ་།། ཞེས་དེ་སྐད་སྨྲ། དེ་དག ་གིས་སྨྲས་པ། ཚེ་དང་ལྡན་པ་ཤ་རིའི་བུ་དེང་ཕན་ཆད་བདག་ཅག་གིས་སྟོན་པ་དྲུག་དང་མཉམ་ཞིང་མཚན་ཉིད་ཅིག་ཅིང་བྱེ་བྲག་རྣམ་པར་རིག་གོ། བདག་ཅག་གིས་སྟོན་པ ་ཐམས་ཅད་ཐ་དད་པ་མེད་པར་རིག་ནས། རྣམ་པར་མི་རྟོག་པ་རབ་ཏུ་བྱུང་བའི་རྗེས་སུ་རབ་ཏུ་བྱུང་ངོ་།། སྨྲས་པ། ཅི་ལ་བསམ་ནས་དེང་ཕན་ཆད་བདག་ཅག་གིས་སྟོན་པ་སངས ་རྒྱས་མ་ཡིན་ནོ།། ཞེས་དེ་སྐད་སྨྲ། དེ་དག་གིས་སྨྲས་པ། དེང་ཕན་ཆད་བདག་ཅག་ལ་བརྟེན་གྱི། གཞན་ལ་མི་རྟེན། བདག་ལ་སྐྱབསུ་དེ་དག་གི་གཞན་ལ་སྐྱབསུ་དོང་བ ་མ་ཡིན། བདག་སྟོན་པ་ཡིན་གྱི་སྟོན་པ་གཞན་མ་ཡིན་ནོ།། དེ་བས་ན་དེང་ཕན་ཆད་བདག་ཅག་གི་སྟོན་པ་སངས་རྒྱས་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། བདག་མ་གཏོག ་པར་སངས་རྒྱས་མེད། སངས་རྒྱས་མ་གཏོགས་པར་བདག་མེད་དོ།། སྨྲས་པ་ཅི་ལ་བསམས་ནས། དེང་ཕན་ཆད་བདག་ཅག་ཆོས་ལ་མི་རྟེན། དགེ་འདུན་ལ་མི་རྟེན ་ཅེས་དེ་སྐད་སྨྲ། དེ་དག་གིས་སྨྲས་པ། དེང་ཕན་ཆད་བདག་ཅག་གིས་གང་ལ་བདག་ལ་བརྟེན་པ་དང་། གང་ལྷན་ཅིག་འགྲོ་བའི་ཆོས་གང་ཡང་མི་དམིགས་སོ།། ་དེ་བས་ན་བདག་ཅག་དེང་ཕན་ཆད་ཆོས་ལ་མི་རྟེན། དགེ་འདུན་ལ་མི་བརྟེན་ཏོ།། སྨྲས་པ་ཅི་ལས་བསམས་ཏེ། བདག་ཅག་དེང་ཕན་ཆད་བྱ་བ་མེད་པར་སྨྲའོ།། ཞེས། ་དེ་སྐད་ཅེས་ཟེར། དེ་དག་གིས་སྨྲས་པ། བདག་ཅག་གིས་དེང་ཕན་ཆད་ཆོས་ཐམས་ཅད་མ་བྱས་པར་ཤེས་ཏེ། གང་ན་བྱས་པ་ཡང་མེད། འགྱུར་བ་ཡང་མེད་པའི་ཆོས་དེ ་བདག་ཅག་གིས་མངོན་དུ་བྱས་སོ།། དེའི་ཕྱིར་དེང་ཕན་ཆད་བྱ་བ་མེད་པར་སྨྲའོ།། སྨྲས་པ་ཙི་ལས་བསམས་ཏེ། དེང་ཕོན་ཆད་བདག་ཅག་རྒྱུ་མེད་པར་སྨྲའོ་ཞེས་དེ་སྐད་ཟེར ་ཏེ། དེ་དག་གིས་སྨྲས་པ། བདག་ཅག་སྲེད་པ་ཐམས་ཅད་དུ་འགྲོ་བར་སྐྱེ་བའི་རྒྱུ་དེང་ཟད་དེ། གང་ན་རྒྱུ་ཡང་མེད་རྐྱེན་ཀྱང་མེད་པའི་ཆོས་དེ་མངོན་དུ་བྱས་སོ།། དེའི་ཕྱིར་དེང ་བན་ཆད་བདག་ཅག་རྒྱུ་མེད་པར་སྨྲའོ།། སྦས་པ་ཅི་ལས་བསམས་ཏེ། དེང་ཕན་ཆད་བདག་ཅག་རྣམ་པར་སྨིན་པ་མེད་པར་སྨྲའོ་ཞེས་དེ་སྐད་ཟེར། དེ་དག་གིས་སྨྲས་པ།། ་དེང་ཕན་ཆད་བདག་ཅག་གིས་གང་ན་ལས་ཀྱང་མེད། ལས་ཀྱི་རྣམ་པར་སྨིན་པ་ཡང་མེད་ཅིང་། ཆོས་ཐམས་ཅད་ཤིན་དུ་ཡོངས་སུ་མྱ་ངན་ལས་འདས་པར་ཡོངས་སུ་ཤེས ་སོ།། དེ་ཕྱིར་བདག་ཅག་དེང་ཕན་ཆད་ལས་ཀྱི་རྣམ་པར་སྨིན་པ་མེད་པར་སྨྲའོ།། སྨྲས་པ་ཚེ་དང་ལྡན་པ་དག་ཅི་ལས་བསམས་ཏེ། དེང་ཕན་ཆད་བདག་ཅག་འབུལ་བ་མ ་ཡིན་པར་སྨྲའོ།། ཞེས་དེ་སྐད་ཟེར། དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་ཤ་རིའི་བུ་དེང་ཕན་ཆད་བདག་ཅག་གིས་གང་ན་འདུལ་བ་ཡང་མེད། འདུལ་བ་མ་ཡིན་པ་ཡང ་མེད་ཅིང་། ཆོས་ཐམས་ཅད་དུལ་བ་ཡོངས་སུ་ཤེས་སྟེ། དེ་ཕྱིར་བདག་ཅག་དེང་ཕན་ཆད་འདུལ་བ་ཡིན་པར་སྨྲའོ།། དེ་ནས་དགེ་སློང་དེ་དག་གི་ལྷག་པའི་ང་རྒྱལ་བསྟན ་པ་འདི་ལྟ་བུ་ཐོས་ནས། དགེ་སློང་སུམ་སྟོང་དྲུག་བརྒྱ་རྣམས་ཉེ་བར་ལེན་པ་མེད་པར་ཟག་པ་ལས་སེམས་རབ་ཏུ་རྣམ་པར་གྲོལ་ལོ།། དེ་ནས ་བཅོམ་ལྡན་འདས་ཀྱིས་དགེ་སློང་དེ་དག་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། དགེ་སློང་དག་གང་ན་ཆོས་གང་ཡང་རྟོགས་པར་མེད་པ་དེ་ནི་ཡང་དག་པ་ཐོབ་པ་ཡིན་གྱིས།། ་ལེགས་སོ་ལེགས་སོ།། དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་རྟོགས་པ་རྟོགས་པ་ཞེས་བགྱིས་པའི་རྟོགས ་དེ་ཆོས་གང་གིས་ཚིག་བླ་དགས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་རྟོགས་པ་རྟོགས་པ་ཞེས་བྱ་བ་དེ་ནི་སྐྱེ་བ་མེད་པའི་ཆོས་ལ་བཟོད ་པའི་ཚིག་བླ་དགས་སོ།། གསོལ་བ། སྐྱེ་བ་མ་མཆིས་པའི་ཆོས་ལ་བཟོད་པ་ཐོབ་པར་འཚལ་བའི་བྱ་ཆུབ་སེམས་དཔའ་ཇི་ལྟར་བསླབ་པར་བགྱི། ཇི་ལྟར་སྤྲད་པར ་བགྱི། ཇི་ལྟར་རྣལ་འབྱོར་དུ་འཇུག་པར་བགྱི། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་གཞོན་ནུར་གྱུར་པ་མི་སྐྱེ་བའི་ཆོས་ལ་བཟོད་པ་བསླབ ་པ་ཤེས་བྱའི་ཕྱིར། དེའི་ཚེ་ཚིག་སུ་བཅད་པ་འདི་སྐད་གསུངས།། ཐམས་ཅད་མཁྱེན་པ་བླ་མེད་པའི།། སངས་རྒྱས་ཡེ་ཤེས་ཐོབ་འདོད་པས།། ཆོས་རྣམས་གང་ཡང ་མི་བཟུང་ཞིང་།། ཆོས་རྣམས་གང་ཡང་མི་དོར་རོ།། གང་ཞིག་སྐྱེ་བར་འགྱུར་བ་ཡི།། ཆོས་ནི་གང་ཡང་མི་རྙེད་དོ།། ཆོས་རྣམས་འབྱུང་བ་མེད་པ་ལ།། བྱིས་པ་དག་ནི ་འབྱུང་བར་འདོད།། ཆོས་རྣམས་ཤེས་པར་བྱ་བ་དང་།། སྤང་བར་བྱ་བར་སྲོག་ཆགས་འཆང་།། བྱིས་པ་སྐྱེ་བའི་སྤྱོད་ཡུལ་ཅན།། སྐྱེ་བ་མེད་ལ་དང་མི་འགྱུར།། བྱང་ཆུབ་ལས ་ནི་དམ་པ་དང་།། ལམ་གྱི་ཆོས་རྣམས་བཏང་བྱས་ཏེ།། བྱིས་པ་གཉིས་ལ་ཆགས་པ་སྟེ།། གཉིས་སུ་མེད་པ་མི་ཤེས་སོ།། སྒྱུ་མ་སྣ་ཚོགས་གྱུར་པ་ལ།། བྱིས་པ་རྣམས་ཀྱིས ་ཐ་དད་མཐོང་།། འདི་ལ་ཐ་དད་ཡོད་མ་ཡིན།། དེ་དག་ཐམས་ཅད་མཚན་ཉིད་གཅིག། སོ་སོའི་སྐྱེ་བོར་གང་བརྗོད་དང་།། འཇིག་རྟེན་སངས་རྒྱས་མཁས་པ་དག། མི་གཉིས ་གཉིས་སུ་དབྱེར་མེད་དེ།། དེ་དག་རྒྱུ་མའི་ཚུལ་དུ་མཉམ།། བྱིས་པ་ཁ་གཅིག་སྨྲ་བ་ནི།། ནམ་ཞིག་བདག་ཅག་འདོད་ཆགས་ཟད།། ཞེ་སྡང་གཏི་མུག་ཞི་བར་འགྱུར།། ནམ ་ཞིག་ཉོན་མོངས་མེད་པར་འགྱུར།། མེད་ལ་ཡོད་པར་འདུ་ཤེས་པའི།། འདོད་ཆགས་ཞེ་སྡང་བ་ཞིག་པའི་ཕྱིར།། གང་དག་སྟོང་པ་ཉིད་སྟོང་པ།། དེ་དག་ཆད་པ་མྱ་ངན་འདས།། ་ཟད་པ་མེད་ཅིང་སྐྱེ་མེད་པར།། མྱ་ངན་འདས་པ་ཡང་དག་བསྟན།། ཟད་ཅིང་སྐྱེ་མེད་གང་བརྩོན་པ།། དེ་དག་ངའི་བསྟན་ལས་རིང་།། སྦྱིན་དང་ཚུལ་ཁྲིམས་འདུ་ཤེས ་དང་།། གང་དག་བྱང་ཆུབ་འདུ་ཤེས་དགའ།། དེ་དག་མཚན་མའི་སྤྱོད་ཡུལ་བས།། ངའི་བྱང་ཆུབ་དེས་མི་རྟོགས།། བྱིས་པ་མེད་པས་རྨོངས་པ་དག། ཆོས་རྣམས ་གསོག་ཏུ་མི་ཤེས་ཏེ།། ཆོས་རྣམས་མཚན་ཉིད་གཅིག་པ་ལ།། དེ་དག་ཐ་དད་འགྱེད་པར་བྱེད།། གང་གིས་ཆོས་འདི་ཤེས་པ་ནི།། ངོ་བོ་ཉིད་ཀྱིས་མཚན་མེད་པ།། སོར་མ ་ལྔའི་ལག་པ་བཞིན།། དེ་དག་བྱང་ཆུབ་རྙེད་མི་དགའ།། བྱང་ཆུབ་གང་དང་ཡང་མི་རིང་།། གང་དང་ཡང་ནི་ཉེ་བ་མེད།། རྟོག་དང་རྣམ་རྟོག་གང ་ལྡན་པ།། དེ་དག་གང་དུ་རིང་དུ་རིང་།། བྱིས་པ་ཕན་ཚུན་སྤྱོད་པ་དག། ཅིག་ལ་གཅིག་ནི་སློང་བྱེད་པ།། འདི་ནི་ཚུལ་ཁྲིམས་ལྡན་པ་ཡིན།། ཚུལ་ཁྲིམས་མི་ལྡན་འདི ་མི་སྲུན།། ཆོས་རྣམས་རྨི་ལམ་ལྟ་བུ་སྟེ།། འདུ་བྱས་ཐམས་ཅད་ཡང་དག་མིན།། སྒྱུ་མ་བཞིན་དུ་སྐྱེ་མཐོང་ནས།། མཁས་པའི་སྙིང་པོར་མི་འཛིན་ཏོ།། བདེན་པར། ་འདི་ལ་ཚུལ་ཁྲིམས་མེད།། ཚུལ་ཁྲིམས་མི་ལྡན་བདེན་པར་མེད།། ཆོས་རྣམས་བརྟེན་ཏེ་བྱུང་བ་ན།། འདི་ལ་བདག་ནི་ཡོད་མ་ཡིན།། བསྐལ་པ་བྱེ་བ་སྟོང་ཕྲག་ཏུ།། ་སྙོམས་ལས་མེད་པར་སྦྱིན་པ་བྱིན།། ཚུལ་ཁྲིམས་དག་ནི་མཆོག་བསྲུངས་ཀྱང་།། འདྲེས་པས་ང་ནི་ལུང་མ་བསྟན།། གང་ཚེ་ང་ནི་འདུ་ཤེས་བྲལ།། སྦྱིན་པའི་འདྲ། ་ཤེས་མ་ལུས་པར།། རྣམ་པར་རྟོག་པ་ཀུན་སྤངས་པ།། དེ་ཚེ་བྱང་ཆུབ་ལུང་བསྟན་ཏོ།། སྦྱིན་པས་ལོངས་སྤྱོད་འགྱུར་བར་བསྟན།། ཚུལ་ཁྲིམས་ཀྱིས་ནི་མཐོ་རིས ་བསྟན།། གང་དག་ཅུང་ཟད་མི་དམིགས་པ།། དེ་ནི་བྱང་ཆུབ་བླ་མེད་དོ།། བྱིས་པ་དམིགས་པ་གནས་པ་དག། མི་སྐྱེ་འདུས་མ་བྱས་པ་ཡི།། བཟོད་པ་དག་གིས་ཐོབ ་པོ་ཞེས།། མི་མཁས་པ་དག་རྟོགས་པར་བྱེད།། ཆོས་རྣམས་སྐྱེ་བ་མེད་པ་ལ།། གང་དག་སྐྱེ་བར་སེམས་པ་ནི།། བསྐལ་པ་བྱེ་བ་སྟོང་དུ་ཡང་།། དེའི་བཟོད་པ་རྙེད་པར ་དཀའ།། ཆོས་རྣམས་མིང་གི་ལུང་བསྟན་ཏེ།། ཆོས་རྣམས་ལ་ཚ་ནི་བྱེད་པ་མེད།། རྩ་བ་མེད་ཅིང་གནས་མེད་དེ།། ཐམས་ཅད་ན་མཁའི་མཚན་ཉིད་དོ།། སངས་རྒྱས་བྱེ་བ་མང་དེ། ་ཡིས།། འདོད་ཆགས་ཞེ་སྡང་སྤང་བའི་ཕྱིར།། ཆོས་མཆོག་དག་ཀྱང་བཤད་མོད་ཀྱི།། ཆོས་རྣམས་ཟད་པའང་ཡོད་མེད་དོ།། གལ་ཏེ་ཆོས་དེ་ཡང་དག་ན།། ཐམས་ཅད་ཡང་དག ་ཟད་པར་འགྱུར།། གང་ཕྱིར་དེ་དག་ཡང་དག་མིན།། དེ་བས་པས་མཐའ་ནི་མི་རྙེད་དོ།། འདོད་ཆགས་ཞེ་སྡང་མཐའ་ཡས་ཏེ།། གཏི་མུག་གི་ནི་མཐའ་ཡང་མིམེད།། གང་དག་གི་ནི་མཐའ ་མེད་པ།། དེ་དག་གི་ནི་རྩ་བ་མེད།། ས་བོན་མྱུ་གུ་མེད་ན་ནི།། འདབ་མ་འབྲས་བུ་ག་ལ་འབྱུང་།། འདབ་མ་མེད་པ་གང་ཡིན་པ།། དེ་ལ་མེ་ཏོག་ཡོད་མ་ཡིན།། ཆོས་རྣམས ་སྐྱེ་བ་མེད་པ་ལ།། སེམས་ཅན་ས་བོན་མེད་པའི་ཕྱིར།། སྐྱེ་མེད་མྱ་ངན་མངའ་བ་མེད།། ཇི་ལྟར་བུད་མེད་མོ་ཤམ་དག། དེ་ལྟ་བུ་ནི་ཡོད་མིན་ན།། བུའི་མྱ་ངན་བྱེད་པ་མེད།། ་ཆོས་རྣམས་ཐམས་ཅད་མ་སྐྱེས་པར།། དེ་ལྟར་རིག་ཅིང་མཐོང་ནས་ནི།། འཁོར་བ་དག་ཏུ་འཁོར་བ་ན།། སྡུག་བསྔལ་འཇིགས་པ་དེ་ལ་མེད།། བྱིས་པ་མེད་པོས་རྨོངས ་པ་དག། རྨོངས་པས་ཆོས་ཉིད་མི་ཤེས་ཏེ།། ན་མཁའ་ཁུར་དུ་ཐོགས་བྱས་ཏེ།། མི་མཁས་པ་དག་སྐྱོ་བར་འགྱུར།། མེད་ཅིང་མཐའ་ཡང་མེད་པ་པ་དང་།། གྲངས་མེད་པ ་དང་ཚད་མེད་པར།། གང་གིས་ཆོས་འདི་ཤེས་པ་ནི།། དེ་དག་ལ་ནི་སྐྱོ་བ་མེད།། ཇི་ལྟར་ཐོག་མའི་མཐའ་དག་ནི།། མེད་པ་དག་ཏུ་ངས་བསྟན་པ།། དེ་བཞིན་ཕྱི་མའི་མཐའ ་དག་དང་།། དབུས་ཀྱང་མཚན་ཉིད་གཅིག་པ་ཡིན།། རྟོག་པའི་མཐའ་ནི་མཐའ་མེད་དེ།། མཐའ་ནི་བསོ་བ་དང་མེད་པ་ཡིན།། དོན་རྣམས་དེ ་ལྟར་ཤེས་བྱས་ནས།། དངོས་པོ་གཉིས་སུ་མི་འགྱུར་རོ།། མཐའ་ནི་ན་མཁའ་མཐའ་ཉིད་དོ།། སེམས་ཅན་མཐའ་ནི་བསམ་མི་ཁྱབ།། མཐའ་ནི་མིག་ཡོར་ལྟ་བུ་སྟེ།། དེ་བས ་ཡེ་ཤེས་མི་འགྱུར།། རྣམ་པར་རྟོག་ལ་སྤྱོད་པ་ན།། སྡིག་པ་ཇི་ལྟར་ཟད་པར་འགྱུར།། ནམ་ཞིག་སངས་རྒྱས་བདག་འགྱུར་ཞེས།། སེམས་ནི་དེ་ལྟར་འཇུག་པར་འགྱུར།། ་སངས་རྒྱས་དག་ནི་མ་སྐྱེས་པས།། དེ་དག་འབྱུང་བ་གང་ཡང་མེད།། འབྱུང་བ་མེད་པའི་ཆོས་རྣམས་ལ།། བྱིས་པ་རྣམས་ནི་འབྱུང་བར་འདོད།། ནམ་མཁའ་ལ་ནི་རྟེན ་པ་དང་།། གནས་དང་གནས་པར་བྱ་མི་ནས།། ནམ་མཁའ་ལ་ནི་གནས་མེད་དེ།། ཐོགས་པ་མེད་ཅིང་དངོས་པོ་མེད།། ཇི་ལྟར་ན་མཁའ་དངོས་མེད་པ།། དེ་ལྟར་བྱང་ཆུབ་ཤེས ་པར་བྱོས།། ཇི་ལྟར་བྱང་ཆུབ་ཤེས་བྱ་བ།། དེ་ལྟར་སེམས་ཅན་ཤེས་པར་བྱོས།། ནམ་མཁའི་དབྱིངས་དང་བྱང་ཆུབ་དང་།། སེམས་ཅན་ཁམས་རྣམས་དེ་དག་མཉམ།། གང་གི ་དེ་དག་མཉམ་ཤེས་པ།། དེ་ཡིས་བྱང་ཆུབ་རྙེད་མི་དཀའ།། གང་དག་བྱང་ཆུབ་མི་བརྩོན་ཞིང་།། ཚུལ་བཞིན་དུ་ཡང་སེམས་མི་བྱེད།། ཆོས་རྣམས་ཚོལ་བར་མི་བྱེད་པ།། ་དེ་ཡིས་བྱང་ཆུབ་རྙེད་མི་དཀའ།། བྱང་ཆུབ་བཙལ་དུ་མེད་པ་སྟེ།། ཇི་ལྟར་ཚོལ་བ་ཐམས་ཅད་ལྟར།། སེམས་ཀྱི་ཐོབ་པ་རྣམས་ཀྱིས་ནི།། བླ་མེད་བྱང་ཆུབ་རྟོགས་མི་ནུས།། ་སྦྱིན་པས་བྱང་ཆུབ་ཐོབ་སྙམ་ནས།། སྦྱིན་པའི་སེམས་པ་གང་སེམས་པ།། བྱང་ཆུབ་ཐོབ་པ་གང་ཡང་མེད།། མ་ཐོབ་པ་ནི་བྱང་ཆུབ་མཆོག། ཚུལ་ཁྲིམས་སེམས་ལ་གང ་ཆགས་དང་།། བརྩོན་འགྲུས་ཡང་དག་ཉིད་རྟོག་ཅིང་།། གང་དག་འདུ་ཤེས་འཇུག་པར་བྱེད།། ངའི་སྟན་ལ་དེ་མི་སྦྱོར།། ཆོས་ཀུན་སྦྱོར་བ་མེད་པ་ལ།། ངའི་སྦྱོར ་བ་ཉེ་བསྟན་ཏེ།། ཅུང་ཟད་རྩོམ་པ་གང་མེད་པ།། དེ་ནི་སྦྱོར་བ་བླ་མེད་པའོ།། ཆོས་འདི་རྣམས་ནི་ཟག་པ་མེད།། ཆོས་འདི་ཟག་དང་བཅས་པ་ཞེས།། གང་ལ་འདུ་ཤེས ་དེ་ཡོད་པ།། དེ་ཡི་སེམས་ནི་ཚུལ་བཞན་མིན།། གང་གིས་ཆོས་རྣམས་བསམ་ཡས་པ།། ནམ་མཁའ་འདྲ་བ་མཐོང་བ་དང་།། མ་བཅིངས་པ་དང་མ་གྲོལ་བ།། དེ་ཡི་ཤེས ་རབ་བླ་ན་མེད།། གང་ཞིག་ཚུལ་ཁྲིམས་ལྡན་པར་རྟོག། ཚུལ་ཁྲིམས་མི་ལྡན་རྣམ་རྟོག་པ།། གཉིས་ནི་ཚུལ་ཁྲིམས་ངན་པར་བཤད།། གཉིས་སུ་མེད་པ་ཚུལ་ཁྲིམས ་མཆོག། ཆོས་རྣམས་ཐ་དད་བྱ་བ་མེད།། ཁྱད་པར་མེད་ཅིང་མཚན་མེད་པར།། གང་གིས་མཐོང་ཤིང་ཤེས་པ་དག། དེ་དག་ངའི་བསྟན་པ་འཛིན།། གང་གིས་སེམས་ནི་ནམ ་མཁའ་ལྟར།། མ་ཆགས་བཞིན་དུ་ཕྱོགསུ་འགྲོ། དེ་ལྟར་ཡེ་ཤེས་ཆགས་མེད་པ།། དེའི་དགེ་སྦྱོང་དག་ཉིད།། གང་གིས་ཅུང་ཟད་མ་བརྟགས་ཤིང་།། ཐམས་ཅད་དུ་ཡང ་སེམས་དཔའ་མེད།། སེམས་ཅན་མེད་ཅིང་ཆོས་མེད་པ།། དེ་དག་བྱང་ཆུབ་རྙེད་མི་དགའ།། འདོད་ཆགས་མཐའ་ལ་གང་མི་གནས།། འདོད་ཆགས་དང་ཡང་བྲལ་མ་གྱུར། ་འདོད་ཆགས་ལས་ཀྱང་རྒྱལ་མི་བྱེད།། དེ་ནི་བྱང་ཆུབ་མི་དཀོན་ནོ།། གང་དག་བསྐལ་པར་མི་སྐྱོ་ཞིང་།། མཐས་ཀྱང་འཇིགས་པར་མི་འགྱུར ་ལ།། འཁོར་བས་སྐྲག་པར་མི་འགྱུར་བ།། དེས་ནི་བྱང་ཆུབ་རྙེད་མི་དཀའ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཚིག་སུ་བཅད་པ་དེ་དག་གསུངས་ནས།། འཇམ་དཔལ ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། འཇམ་དཔལ་གང་ཆོས་ཀྱི་རྣམ་གྲངས་འདི་ལ་མོས་པར་བྱེད།། ཐེ་ཙོམ་དུ་མི་བྱེད། ནེམ་ནུར་མི་བྱེད། ལུང་སྤྲིན ་པར་མི་བྱེད། འཛིན་པར་མི་བྱེད། ཀློག་པར་མི་བྱེད། ཀུན་ཆུབ་པར་མི་བྱེད། གཞན་ལ་ཡང་རྒྱ་ཆེར་ཡང་དག་པར་སྟོན་པ་དེའི་ཕན་ཡོན་བསྔགས་པ་ཉི་ཤུ་ཡོད་པར་རེ་བར ་བྱའོ།། ཉི་ཤུ་གང་ཞེ་ན། ལྷས་བསྲུངས་པར་འགྱུར། ཀླུས་བསྲུངས་པར་འགྱུར། གནོད་སྤྲིན་གྱིས་བསྲུངས་པར་འགྱུར། སེམས་གཡེངས་པར་མི་འགྱུར། ་ཚེ་རྗེས་ནས་ཀྱང་ཚེ་རབས་དྲན་པར་འགྱུར། མངོན་པར་ཤེས་པ་ལྔ་ཐོབ་པར་འགྱུར། ཚེ་རྗེས་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་བྱམས་པ་མཐོང་བར་འགྱུར། དེ་སྟེ་ཆོས ་ཀྱི་རྣམ་གྲངས་འདི་སེམས་མི་གཡེང་བར་ཡིད་ལ་བྱེད་ཅིང་། གཉིད་ཀྱི་སྙོམས་པ་སེལ་ན་དེའི་རྨི་ལམ་དུ་སངས་རྒྱས་མཐོང་བར་འགྱུར།། བྱང་ཆུབ་སེམས་དཔའ་མཐོང ་བ་ཡང་རེ་བར་བྱའོ།། དེ་ཆོས་ཀྱི་རྣམ་གྲངས་འདི་ལ་མོས་པ། རྫས་སུ་འཐུན་པའི་ཆོས་རྣམས་ལ་བཟོད་པ་རེ་བར་བྱའོ།། ཆོས་ཀྱི་རྣམ་གྲངས་འདི་སེམས་ན། ཚེ་འདི་ཉིད ་ལ་ནི་རློམ་སེམས་མེད་པར་རེ་བར་བྱའོ།། དུག་མྱུར་བའི་ནང་ན་འདུག་ཡང་ཆོས་ཀྱི་རྣམ་གྲངས་འདི་ཡིད་ལ་བྱེད་ན་འཇིགས་པ་མེད་པར་བྱའོ།། སླར་རྒོལ་བ་ཚར་བཅད་པར་རེ་བར ་བྱའོ།། ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ཀྱང་ཐོབ་པར་རེ་བར་བྱའོ།། ཆོས་ཀྱི་རྣམ་གྲངས་འདི་རྟོགས་པར་བྱེད་པའི་ཚེ། ལས་ཀྱི་སྒྲིབ་པ་ཐམས་ཅད་བྱང་བར་བྱེད་པའོ།། ་ཆོས་ཀྱི་རྣམ་གྲངས་འདི་འཆང་བ་ན་ཡང་ཆོས་ཀྱི་སྒོ་བརྒྱ་སྟོང་དུ་མ་ཐོབ་པར་རེ་བར་བྱའོ།། བྱང་ཆུབ་ཀྱི་སེམས་མི་བརྗེད་པ་དང་། མཐའ་ཡས་འཁྱིལ་བའི་གཟུང ་ཐོབ་པར་ཡང་རེ་བར་བྱའོ།། ཆོས་ཀྱི་རྣམ་གྲངས་ཡིད་ལ་བྱེད་པ་ན་ཡང་བདུད་ཀྱི་སྐོར་བ་མེད་པར་རེ་བར་བྱའོ།། བྱང་ཆུབ་ཀྱི་སེམས་སངས་རྒྱས་མངོན་དུ་ཞུགས་པར ་ཡང་སྐྱེ་བར་རེ་བར་བྱའོ།། སྨོན་ལམ་ཐམས་ཅད་གྲུབ་པར་རེ་བར་བྱའོ།། སྲོག་ཆགས་ཀྱི་རིགས་རྐང་པ་མེད་པ་དང་། རྐང་པ་གཉིས་པ་དང་། རྐང་པ་བཞི་པ་དང་། ་རྐང་པ་མང་པོ་དུག་ཅན་རྣམས་ལས་བསྲུངས་པར་རེ་བར་བྱའོ།། དེ་ལ་མིའི་རྒྱལ་པོ་འཁྲུགས་པའི་འཇིགས་པ་མེད་པར་རོ་བྱིས་སྟེ། འཇམ་དཔལ་གང་སེམས་ལ ་ཐེ་ཙོམ་མེད་པ་དང་། ནེམ་ནུར་མེད་པར་ཆོས་ཀྱི་རྣམ་གྲངས་འདི་འཛིན་པར་བྱེད། འཆང་བར་བྱེད། ཀློག་པར་བྱེད། ཀུན་ཆུབ་པར་བྱེད། གཞན་ལ་ཡང་རྒྱས ་པར་ཡང་དག་པར་བསྟོན་པའི་ཆོས་སྨྲ་བ་དེ་ལ། ཡོན་ཏན་སྔགས་པ་ཉི་ཤུ་པ་འདི་རྣམས་ཡོད་པར་རེ་བར་བྱའོ།། དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན ་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། སྨན་གྱི་ཤིང་ཐམས་ཅད་ནི་སེམས་ཅན་རྣམས་ཀྱི་ནད ་ཐམས་ཅད་ཞི་བར་བགྱིད་དོ།། དེ་བཞིན་དུ་ཆོས་ཀྱི་རྣམ་གྲངས་འདི་ཡང་ནད་ཐམས་ཅད་རབ་ཏུ་ཞི་བར་བགྱིད་པར་ལྟ་བར་བགྱིའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ ་པ། དེ་དེ་བཞིན་ནོ།། འཇམ་དཔལ་དེ་དེ་བཞིན་ཏེ། ཁྱོད་ཀྱི་ཚིག་འདི་ལེགས་པར་སྨྲས་སོ།། ཆོས་ཀྱི་རྣམ་གྲངས་འདི་ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའོ།། ་དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་སྔོན་འདས་པའི་དུས་བསྐལ་པ་གྲངས་མེད་ཅིང་། ཤིན་དུ་གྲངས་མེད་པ་དེའི་ཚེ་དེའི་དུས་ན། གང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང ་དག་པར་རྫོགས་པའི་སངས་རྒྱས་སེང་གེའི་སྟབས་སུ་འགྲོ་བ་ཞེས་བྱ་བ་ཞིག་འཇིག་རྟེན་དུ་འབྱུང་བར་གྱུར་ཏེ། དེས་སྲོག་ཆགས་སྟོང་ཕྲག་དུ་མ་རྣམས་ལ་རྒྱང་རིང་པོ ་ནས་ཆོས་ཀྱི་རྣམ་གྲངས་འདི་བཤད་དོ།། དེའི་ཚེ་འཁོར་དེར་བྱང་ཆུབ་སེམས་དཔའ་རྡོ་རྗེ་རྒྱལ་མཚན་ཞེས་བྱ་བར་འདུས་ཏེ་འདུག་པར་གྱུར་ཏོ།། དེས་དེ་བཞིན་གཤེགས ་བ་དེ་ལས་ཆོས་ཀྱི་རྣམ་གྲངས་འདི་མཉན་ཏོ།། དེ་སེམས་གཡེང་བ་མེད་པ་དང་། ཐེ་ཚོམ་མེད་པ་དང་། ནེམ་ནུར་མེད་པས་ཆོས་ཀྱི་རྣམ་གྲངས། འདི་ཡོན་ཏན་བསྔག ་པ་དང་བཅས་པར་བཟུང་ཞིང་ཀུན་ཏུ་ཆུབ་པར་བྱས་ཏེ། ཀུན་ཆུབ་པར་བྱས་ནས་ཀྱང་མོས་པའི་མཐུ་དང་ལྡན་པར་གྱུར་ཏེ། གྲོང་དང་། གྲོང་ཁྱེར་དང་། ལྗོངས་དང་། ་ཡུལ་དང་། ཡུལ་འཁོར་དང་། ཕོ་བྲང་འཁོར་དུ་འོངས་ནས། བདག་ནི་སྨན་པའོ།། བདག་ནི་སྨན་པའོ་ཞེས་བདག་ཉིད་ཁས་འཆེའོ།། དེ་ནས་དེ་མ་ཐག་ཏུ་སྲོག་ཆགས་ནད ་སྣ་ཚོགས་ཀྱིས་གཟིར་བ་སྟོང་ཕྲག་དུ་མ་སྲོག་གི་སྐྱབས་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་རྡོ་རྗེ་རྒྱལ་མཚན་ག་ལ་བ་དེར་ལགས་སོ།། དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེ་རྒྱལ་མཚན ་མོས་པའི་མཐུས་གནས་པའི་སེམས་ཀྱིས། སེམས་ཅན་དེ་དག་ལ་ཆོས་ཀྱི་གཞུང་འདིས་བྲིམས་སོ།། ཆོས་ཀྱི་རྣམ་གྲངས་འདི་ལས་གང་རིགས་སྔགས་འབྱུང་བ་དེ་དག ་ཀྱང་བསྲུང་བ་དང་། སྒྲུབ་པ་དང་། ཡོངས་སུ་བཟུང་བར་བྱས་སོ།། འཇམ་དཔལ་དེ་ལ་རིག་སྔགས་ཀྱི་ཚིག་དེ་དག་ཀྱང་གང་ཞེ་ན།། །། ཏད་ཡ་ཐཱ། ཨ་ལ་ཏ་བི་ཏཱ ་ལ། བི་བྷི་ན། ཨ་ཏིཾ་ཥ་རྠ་ཨ་བྷི་ཏ། ཨ་ནུ་ཊ། བི་བྷ་མ། ནི་ཧི་ཁ་ག་རུ་ད། མ་ཡ་སུ་ཁ། ཨ་ན་ཏ། ཛ་ལ། ད་ན་སྨྲྀད་ཏྲ། ཨ་མྲིད་ཏྲ། འཛེ་ཏ་ཧི་ཏ། བརྦད་ཏྲ ་ལ། ཨང་ག་མང་ག། ཨརྠ་ཡུ་ཏ། ས་འབྲངས་ཨི་ཤ། རིག་སྔགས་ཀྱི་ཚིག་འདི་རྣམས་ཀྱིས་སེམས་ཅན་དེ་དག་བསྲུང་བ་བྱས་སོ།། དེས་གལ་ཏེ་གདུག་པས་ཟོས ་པའམ། གལ་ཏེ་མི་མ་ཡིན་པས་གཙེས་པ་འམ། སྲོག་ཆགས་ཀྱི་རིགས་དྲུག་ཅན་གང་ཡང་རུང་བ་འབའ་ཞིག་གིས་ཟིན་པ་འམ་གལ་ཏེ་ནད་སྐེམ་པ་དང་། མཛེས ་བྱུང་བ་དང་། གལ་ཏེ་རླུང་དང་། འཁྲིས་པ་དང་། བད་ཀན་དང་། འདུས་པའི་ནད་ཀྱིས་བཏབ་པ་ནང་སྣ་ཚོགས་ཀྱིས་རབ་ཏུ་གཟིར་བའི་སེམས་ཅན་དེ་དག་ནད་དེ་དག ་ལས་རབ་ཏུ་ཐར་བར་བྱས་སོ།། འཇམ་དཔལ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་རྡོ་རྗེ་རྒྱལ་མཚན་གྱིས་ཆོས་ཀྱི་རྣམ་གྲངས་འདི་ལ་གནས་ནས། ་སེམས་ཅན་དེ་རྣམས་རབ་ཏུ་ནད་ལས་རབ་ཏུ་ཐར་བར་བྱས་སོ།། འཇམ་དཔལ་ཁྱོད་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན། བྱང་ཆུབ་སེམས་དཔའ་རྡོ་རྗེ་རྒྱལ་མཚན ་ཞེས་བྱ་བ་དེ་གཞན་ཡིན་པ་སྙམ་དུ་སེམས་ན། དེ་དེ་ལྟར་མི་ལྟའོ།། དེ་ཅིའི་ཕྱིར་ཞེ་ན། དེའི་ཚེ་དེའི་དུས་ན། ང་ཉིད་བྱང་ཆུབ་སེམས་དཔའ་རྡོ་རྗེ་རྒྱལ་མཚན་ཞེས་བྱ ་བར་གྱུར་ཏེ། ངས་ཆོས་ཀྱི་རྣམ་གྲངས་འདི་ལ་མོས་ནས། སེམས་ཅན་དེ་རྙེད་ཀྱི་དོན་བྱས་སོ།། འཇམ་དཔལ་རྣམ་གྲངས་དེས་ཀྱང་ཁྱོད་ཀྱིས་འདི་ལྟར་རིག་པར་བྱས་ཏེ། ་སྨན་ཐམས་ཅད་ཀྱི་ཁ་བ་ཇི་ལྟ་བ་བཞིན་དུ་ཆོས་ཀྱི་རྣམ་གྲངས་འདི་ལ་བལྟ་བར་བྱའོ།། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རིག་སྔག ་ཀྱི་ཚིག་འདི་རྣམས་འཛིན་ཅིང་འཆང་བ་དང་། ཀུན་ཆུབ་པར་བགྱིད་པས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རིག་སྔགས་ཀྱི་ཚིག་འདི་རྣམས་འཛིན་ཅིང་འཆང་བ ་དང་། ཀུན་ཆུབ་པར་བགྱིད་པས། ཇི་ལྟ་བུར་ཀུན་ཏུ་སྤྱད་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་རིག་སྔགས་འདི་དག་འདོན་པའི་བྱང་ཆུབ ་སེམས་དཔའ་གཙང་སྦྲ་བྱ་བ་དང་། ཤི་ཟ་བར་ཀུན་ཏུ་སྤྱོད་པར་བྱའོ།། དེས་རྐང་པ་གཉིས་ཀྱང་མི་སྐའོ།། འད་འཛིའི་ནང་ན་གནས་པར་མི་བྱའོ།། སེམས་ཅན་ཐམས ་ཅད་ལ་ཡང་ཕྱི་ཕྱིར་ཞིང་བྱམས་པའི་སེམས་སུ་བྱའོ།། གང་དག་ལས་འཚོ་བ་འོང་བར་འགྱུར་བ་དེ་དག་ལ་སེམས་གདུག་པར་མི་བྱའོ།། ཆོས་ཀྱི་རྣམ་གྲངས་འདི་ཡང་གཙང ་སྒྲ་མ་བྱེད་པོས་ཁ་ཏོན་མི་བྱའོ།། ས་ཕྱོགས་མི་གཙང་བར་བཞག་པར་མི་བྱའོ།། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་བདག་ནི་འདི་སྙམ་བགྱིད་དེ། ཆོས་ཀྱི ་རྣམ་གྲངས་འདི་སྟོན་པའི་བྱང་ཆུབ་སེམས་དཔའ་བདག་གི་ལུས་དང་སྲོག་ལོ་མི་ལྟ་བར་བགྱིའོ།། སྙམ་དུ་སེམས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ ་དཔལ་དེ་དེ་བཞིན་ནོ།། དེ་དེ་བཞིན་ཏེ། ཁྱོད་ཇི་སྐད་ཟེར་བ་དེ་བཞིན་ནོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་པ། ་ཆོས་ཀྱི་རྣམ་གྲངས་འདི་སྐྱེ་བོ་མང་པོའི་དོན་བྱེད་པར་འགྱུར་གྱིས། ཀུན་དགའ་བོ་ཁྱོད་ཀྱིས་ཟུང་ཤིག། ཀུན་དགའ་བོ་སེམས་ཅན་གང་ཆོས་ཀྱི་རྣམ་གྲངས་འདི་ལ་མོས་པ་དེ ་དག་གླང་པོ་ཆེའི་རྩལ་དང་། གླང་པོ་ཆེན་པོའི་རྩལ་གྱིས་གནོན་པར་འགྱུར། ཀུན་དགའ་བོ་གང་ཆོས་ཀྱི་རྣམ་གྲངས་འདི་ལ་མོས་པ་དེ་དག་སེང་གེའི་འགྲོས་དང་། མཆོག ་གི་འགྲོས་སུ་འགྲོ་བར་འགྱུར་རོ།། ཀུན་དགའ་བོ་ཆོས་ཀྱི་རྣམ་གྲངས་འདི་བྱང་ཆུབ་སེམས་དཔའ་རྣམས་རབ་ཏུ་དགའ་བ་དང་། བྱང་ཆུབ་སེམས་དཔའ་འབྱུང་བར་བྱེད ་པར་འགྱུརརོ།། ང་འདས་པའི་ཕྱིར་ན་བྱང་ཆུབ་སེམས་དཔའི་ལག་ཏུ་འོང་བར་འགྱུར་རོ།། བྱང་ཆུབ་སེམས་དཔའི་གླེགས་བམ་དུ་འོང་བ་དང་། བྱང་ཆུབ་སེམས་དཔའི ་སྒྲོམ་བུ་འོང་བར་འགྱུར་རོ།། བྱང་ཆུབ་སེམས་དཔའ་གདོལ་པ་རྣམས་ཀྱི་ལག་ཏུ་འོང་བར་མི་འགྱུར། གླེགས་བམ་དུ་འོང་བ་དང་། ་སྒྲོམ་བུ་འོང་བར་མི་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཀྱི་རྣམ་གྲངས་འདི་དེ་བཞིན ་གཤེགས་པས་ཇི་སྐད་བཤད་པ་བཞིན་དུ་བདག་གིས་བཟུང་ངོ་།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཆོས་ཀྱི་རྣམ་གྲངས་འདི་ཇི་ལྟར་ཟིན་པ་བཞི།། ་དུ་གང་དག་ལ་བྱིན་པའི་སེམས་ཅན་དེ་དག་ལ་ཁྱོད་སྟོན་པའི་བྱ་བ་བྱེད་པ་ལེགསོ་ལེགསོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ ་ཀུན་དགའ་བོ་དང་། ཚེ་དང་ལྡན་པ་ཤ་རིའི་བུ་དང་། འཇམ་དཔལ་གཞོན་ནུར་གྱུར་པ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡིད ་རངས་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་བསྟོད་དོ།། གླང་པོའི་རྩལ་ལྟ་བུ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། །། རྫོགས་སོ།། །། ་