CLOSE WINDOW

F115: 'phags pa chos bzhi pa'i mdo
Wyliee-texts produced with BDRC’s OCR application

མདོ།། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། ཐབས་གཅིག་ཏུ་བཞུགས ་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་བརྟན་ཞིང་ཟབ་པ། སྙན་ཅིང་རྒྱ་ཆེ་བའི་སྒྲ་དབྱངས་ཀྱིས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་རིགས་ཀྱི་བུ ་མཁས་པས། ཇི་སྲིད་འཚོའི་བར་དུ། གནས་བཞི་ལ་ཡིད་བརྟན་པར་མི་བྱའོ།། བཞི་གང་ཞེ་ན། དགེ་སློང་དག་རིགས་ཀྱི་བུ་མཁས་པས། བདག་ནི་བུ་དག་ལ་དགའ་བའོ།། ་ཉམ་དུ་ཇི་སྲིད་མཚོའི་བར་དུ་ཡིད་བརྟན་པར་མི་བྱ་བ་དང་། དགེ་སློང་དག་རིགས་ཀྱི་བུ་མཁས་པས། བདག་ནི་ཕོ་བྲང་འཁོར་ལ་དགའ་བའོ།། སྙམ་དུ་ཇི་སྲིད་མཆོག ་བར་དུ་ཡིད་བརྟན་པར་མི་བྱ་བ་དང་། དགེ་སློང་དག་རིགས་ཀྱི་བུ་མཁས་པས། བདག་ནི་གཟུགས་བཟང་བ། མཛེས་པ་ལྟ་ན་སྡུག་པ། ནད་ཉུང་བའོ།། སྙམ་པའོ།། ། ་ཇི་སྲིད་མཚོའི་བར་དུ་ཡིད་བརྟེན་པར་མི་བྱ་བ་དང་། དགེ་སློང་དག་རིགས་ཀྱི་བུ་མཁས་པ་བདག་ནི་ཕྱག་པ། ནོར་མང་བ་ཡོ་བྱད་ཕུན་སུམ་ཚོགས་པའོ་སྙམ་དུ། ་ཇི་སྲིད་མཚོའི་བར་དུ་ཡིད་བརྟན་པར་མི་བྱའོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགསོ་པས་དེ་སྐད་གསུངས་ནས། སྟོན་པས ་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ།། བུད་མེད་སྟེན་དུ་ག་ལ་རུང་། རྒྱལ་པོའི་ཕོ་བྲང་ག་ལ་དགའ། དབུའི་སྙིང་པོ་ག་ལ་ཡོད། ལོང་སྤྱོད་རྟག་པ་ལ་ཡིན།། ་ལོང་སྤྱོད་དག་ནི་འབབ་ཆུ་བཞིན། གྲུ་དེ་ཅི་འདྲ་ཁྱིམ་དེ་འདྲ། མེ་ཏོག་ཅི་འདྲ་གཟུགས་དེ་བཞིན། སྲོག་ནི་ཆུ་བུར་འདྲ་བ་ཡིན། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས ་བཀའ་སྩལ་པ་ནས། དགེ་སློང་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས ་པ་ལ་མངོན་པར་བསྟོད་དོ།། འཕགས་པ་ཆོས་བཞི་པོའི་མདོ།། རྫོགས་སོ།། །། རྒྱ་གར་སྐད་དུ། ་