CLOSE WINDOW

F114: 'phags pa chos kyi tshul zhes bya ba theg pa chen po'i mdo
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཨཱརྱ་དྷར་མ་ནེ་ཏྲི་ནཱ་མ་མ་ཧཱ་ཡ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཆོས་ཀྱི་ཚུལ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། སངས་རྒྱས ་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ ་ན། སྨྱུག་མ་ལས་བྱས་པའི་འཁོར་གྱི་ཁྱམས་ན་བཞུགས་ཏེ། དེའི་ཚེ་སྨྱུག་མ་ལས་བྱས་པའི་འཁོར་གྱི་ཁྱམས་སུ་འདུས་ཤིང་། འཁོད་པའི་བྱང་ཆུབ་སེམས་དཔའ ་རབ་ཏུ་མང་པོ་དག་འདི་སྙམ་དུ་སེམས་ཏེ། བདག་ཅག་གིས་ཇི་ལྟར་གནས་པར་བྱ། ཇི་ལྟར་བསྒྲུབས་པར་བྱ། ཇི་ལྟར་རྣལ་འབྱོར་དུ་བྱ། ཇི་ལྟར་སེམས་ཅན་རྣམས ་ཡོངསུ་སྨིན་པར་བྱ་སྙམ་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རབ་ཏུ་མང་པོ་དེ་དག་གིས་བསམ་པ་མཁྱེན་ནས། སྨྱུག་མ་ལས་བྱས ་བྱས་པའི་འཁོར་གྱི་ཁྱམས་ག་ལ་བ་དེར་གཤེགས་ཏེ། བྱོན་ནས་གང་ན་བཏིང་བ་ལ་བཞུགས་སོ།། བཞུགས་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ ་རབ་ཏུ་མང་པོ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས་ཀྱི་བུ་དག་ལེགས་སོ།། ལེག་སོ།། ཁྱོད་ཀྱིས་རྟོགས་པ་ནི་བཟང་ངོ་།། ཡིད་ཀྱི་འདྲི་བ་ནི་མཛེསོ།། ་སྤོབས་པ་ནི་དགེའོ།། ཡིད་ལ་བྱ་ནི་ཚུལ་བཞིན་ནོ།། རིགས་ཀྱི་བུ་དག་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་རྣམས་ཀྱི་ཚུལ་གང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་སྟོན་པར་བྱེད་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་བརྗོད་པར་བྱེད་པ་དེ་ལྟ ་བུའི་ཆོས་ཀྱི་ཚུལ་ངས་ཁྱོད་ལ་བཤད་དོ།། བཅོམ་ལྡན་འདས་ལེག་སོ་ལེག་སོ་ཞེས་གསོལ་ནས། བྱང་ཆུབ་སེམས་དཔའ་དེ་དག་བཅོམ་ལྡན་འདས་ཀྱི ་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན། མྱ་ངན་ལས་འདས་པའི་བསམ ་པ་ཅན་དུ་གྱིས་ཤིག། འཁོར་སྦྱོར་བ་ཅན་དུ་གྱིས་ཤིག། འཁོར་བ་དང་མྱ་ངན་ལས་འདས་པ་ལ་གནས་པར་མ་བྱེད་ཅིག། དེ་དག་གིས་གསོལ་པ། བཅོམ་ལྡན ་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་མྱ་ངན་ལས་འདས་པའི་བསམ་པ་ཅན་དང་། འཁོར་བར་སྦྱོར་བ་ཅན་ལགས། ཇི་ལྟར་ན་འཁོར་བ་དང་མྱ་ངན་ལས ་འདས་པ་ཡང་མི་གནས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཆི་བ་མེད་པའི་བདེ་བ་ལ་རེག་པར་བྱ་བའི་ཕྱིར།། མྱ་ངན་ལས་འདས་པའི ་བསམ་པ་ཅན་ཡིན། དགེ་བའི་རྩ་བ་བསྐུལ་བའི་ཕྱིར་འཁོར་བར་སྦྱོར་བ་ཅན་ཡིན། འཕགས་པ་དང་སོ་སོའི་སྐྱེ་བོ་དང་སྟོན་པའི་ཕྱིར།། འཁོར་བ་དང་མྱ་ངན་ལས ་འདས་པ་ལའང་མི་གནས་ཏེ། དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དེ་ལྟ་བས་ན་རང་གི་སེམས་ཡོངས་སུ་སྦྱོང་ཤིག། ཕ་རོལ་གྱི་སེམས ་བསྲུང་ཤིག། སེམས་དཔའ་ཅན་དུ་གྱིས་ཤིག། གསོལ་པ་བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་རང་གི་སེམས་ཡོངསུ་སྦྱོང་བར་བགྱིད་པ་ལགས། ་ཇི་ལྟར་ན་གཞན་གྱི་སེམས་སྲུང་བ་ལགས། ཇི་ལྟར་ན་སེམས་པ་ལགས། བཀའ་སྩལ་པ། ཉོན་མོངས་པ་སེལ་བས་རང་གི་སེམས་ཡོངས་སུ་སྦྱོང་བར་བྱེད་པ་ཡིན། ་ཁོང་ཁྲོ་བ་མེད་པས་གཞན་གྱི་སེམས་བསྲུང་བ་ཡིན། བྱང་ཆུབ་ཀྱི་སེམས་མ་གཏོགས་པས་སེམས་ཡིན་ཏེ་དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་གི་དེ་ལྟ་བས་ན་བྱ་བ ་དང་ཡང་འགལ་བར་མ་བྱེད་ཅིག། བྱ་བ་མ་ཡིན་པ་ལ་ཡང་སྣང་བར་གྱིས་ཤིག། བྱས་པ་ལ་ལན་རེ་བ་མེད་པར་གྱིས་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར ་ན་བྱང་ཆུབ་སེམས་དཔའ་རྣམས་བགྱི་བ་དང་མི་འགའ་བར་བགྱིད་པ་ལགས། ཇི་ལྟར་ན་མི་བགྱིད་པ་ལ་ཡང་གདའ་བ་ལགས། ཇི་ལྟར་ན་བགྱིས་པ་ལ་ལན་ལ་ར ་བ་མ་མཆིས་པ་ལགས། བཀའ་སྩལ་པ། བྱ་བ་དང་འགའ་བར་མི་བྱ་བ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ལ་འཇུག་པས། ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད ་ཆེས་པར་བྱའོ།། བྱ་བ་མ་ཡིན་པ་ལ་སྣང་བ་དེ་ནི་སྙིང་རྗེ་ཆེན་པོ་ལ་འཇུག་པའོ།། བྱས་པ་ལ་ལན་ལ་རེ་བ་མེད་པ་ནི་ལན་དུ་ཕན་འདོགས་པ་རེ་བ་མེད་པ་སྟེ། འདི་ནི ་ཚུ་ལོ།། རིགས་ཀྱི་བུ་དེ་དག་དེ་ལྟ་བས་ན་དུས་མ་ཡིན་པར་ནི་མ་ལྡང་ཤིག་དུས་ལ་བབ་ན་ནི་མ་ཉལ་ཅིག། ཉལ་བ་རྣམས་ནི་སློང་ཅིག། རྟག་ཏུ་ནི་ཉོལ་ཅིག། གསོལ་པ།། ་བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་དུས་མ་ལགས་པར་མི་སྡང་བ་ལགས། ཇི་ལྟར་ན་དུས་ལ་བབ་ན་མི་ཉལ་བ་ལགས། ཇི་ལྟར་ན་ཉལ་བ་རྣམ ་སློང་བ་ལགས། བཀའ་སྩལ་པ། དུས་མ་ཡིན་པར་མི་ལྡང་བ་ནི་སྣོད་དུ་མ་གྱུར་པ་རྣམས་ལ་ཆོས་མི་བསྟན་པའོ།། དུས་ལ་བབ་ན་མི་ཉལ་བ་ནི་སྣོད་དུ་གྱུར་པ་ལས ་འདའ་བར་མི་བྱའོ།། ཉལ་བ་རྣམས་བསླང་བ་ནི་དུས་དང་དུས་མ་ཡིན་པས་བསྐལ་པའོ།། རྟག་ཏུ་ཉལ་བ་ནི་སྙོམས་པར་འཇུག་པ་ལས་མི་ཉལ་བ་སྟེ། དེ་ནི་ཚུལོ།། ་རིགས་ཀྱི་བུ་དག་དེ་ལྟ་བས་ན། ཡིད་བརྟེན་པ་མེད་པར་གྱིས་ཤིག། ཡིད་བརྟན་པ་གཞིག་པར་གྱིས་ཤིག། ཡིད་མ་བསྟན་པ་རྣམས་ལ་ཡིད་བརྟན་པར་གྱིས་ཤིག། ་གསོལ་པ་བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཡིད་མི་རྟོན་པ་ལགས། ཇི་ལྟར་ན་ཡིད་བརྟོན་པ་འཇིག་པར་བགྱིད་པ་ལགས། ཇི་ལྟར་ན་ཡིད་མ ་བརྟན་པ་རྣམས་ཡིད་རྟོན་པ་ལགས།། བཀའ་སྩལ་པ། ཡིད་མི་བརྟན་ཅེས་བྱ་བ་ནི་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལ་ཡིད་མི་གཞག་པའོ།། ་ཡིད་བརྟན་པ་གཞག་པར་བྱ་བ་ནི་སྙོམས་པར་འཇུག་པ་བཟློག་པར་བྱའོ།། ཡིད་མ་བརྟན་པ་རྣམས་ལ་ཡིད་བརྟན་པར་བྱ་བ་ནི་ལོག་པར་ཞུགས་པ་རྣམས་ལ་སྟེ། ་དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་ནོར་དང་ལྡན་པར་གྱིས་ཤིག། བྱས་པ་ཤེས་པ་མེད་པར་སྦྱོར་ཅིག། ཅི་ལ་ཡང་ལན་རེ ་བར་མ་བྱེད་ཅིག། རྙེད་པ་ཆེན་པོས་ཉེ་བར་འཚོ་བར་གྱིས་ཤིག། གསོལ་པ་བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ནོར་དང་ལྡན་པ་ལགས། ཇི་ལྟར་ན་བྱས ་པ་འཚལ་བ་མ་མཆིས་པར་སྦྱོར་བ་ལགས། ཇི་ལྟར་ན་ཅི་ལ་འང་ལན་མི་རེ་བ་ལགས། ཇི་ལྟར་ན་རྙེད་པ་ཆེན་པོས་ཉེ་བར་འཚོ་བར་ལགས། བཀའ་སྩལ་པ།། ་ནོར་དང་ལྡན་ཞེས་བྱ་བ་ནི་ནོར་བདུན་དང་ལྡན་པའོ།། བྱས་པ་ཤེས་པ་མེད་པར་སྦྱར་བ་ནི་སེར་སྣ་ཅན་རྣམས་སྦྱིན་པ་ལ་སྦར་བ་དང་། ཤེས་རབ་འཆལ་པ་རྣམས་ཤེས ་རབ་ལ་སྦྱར་བའོ།། ཅི་ལའང་ལན་རེ་བ་མེད་པ་ནི་རང་གི་དགོས་པ་ལའང་ནན་ཏན་དུ་བྱ་བའོ།། རྙེད་པ་ཆེན་པོས་ཉེ་བར་འཚེ་བ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི ་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་སྟེ། དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་ཆགས་པ་ཡང་ཤེས་པར་གྱིས་ཤིག། ཆགས་པ་རྣམ་ལ་ཡང་སྤྱོད་ཅིག། ཆགས་པ་ལ ་ཞེས་པ་རྣམས་ལའང་ལྟོས་ཤིག། ཆགས་པ་མེད་པ་ལ་སྲུང་ཤིག། གསོལ་པ་བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཆགས་པ་ཡང་ཤེས་པར ་གྱིས་ཤིག། ཆགས་པ་རྣམས་ལ་ཡང་སྤྱོད་པ་ལགས། ཇི་ལྟར་ན་ཆགས་པ་ལགས། ཇི་ལྟར་ན་ཆགས་པ་མ་མཆིས་པ་སྲུང་བ་ལགས་བཀའ་སྩལ་པ། ཆགས་པ ་ཤེས་པར་བྱ་བ་ནི་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམ་སོ།། ཆགས་པ་རྣམས་ལ་སྤྱད་པ་ནི་སྐྱེ་མཆེད་དྲུག་བཅད་པའོ།། ཆགས་པར་ཞེན་པ་ལ་བལྟ་བའི་སོ་སོའི ་སྐྱེ་བོ་ཡོངས་སུ་སྨིན་པར་བྱའོ།། ཆགས་པ་མེད་པ་བསྲུང་བ་ནི་སྐྱོན་མེད་པར་མི་འཇུག་པ་ཏེ། དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་འཇིགས་པར་གྱིས་ཤིག། ་མངོན་པར་དགའ་བ་མེད་པར་གྱིས་ཤིག། སྙིང་རྩེ་བ་མེད་པར་གྱིས་ཤིག། སྙིང་རྗེ་བ་མེད་པར་གྱིས་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས ་དཔའ་རྣམས་འཇིགས་པར་བགྱིད་པ་ལགས། ཇི་ལྟར་ན་མངོན་པར་དགའ་བ་མ་མཆིས་པ་ལགས། ཇི་ལྟར་ན་སྙིང་བརྩེ་བ་མ་མཆིས་པ་ལགས། ཇི་ལྟར་ན་སྙིང་རྗེ ་བ་མ་མཆིས་པ་ལགས། བཀའ་སྩལ་པ། འཇིགས་ཤེས་བྱ་བ་ནི་ཉན་ཐོས་དང་། རང་སངས་རྒྱས་ཀྱིས་ས་འཇིགས་པའོ།། མངོན་པར་དགའ་བ་མེད་ཅེས་བྱ་བ་ནི ་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལ་དགའ་བ་མེད་པའོ།། སྙིང་རྗེ་བ་མེད་པ་ནི་རང་གི་དངོས་པོ་མགོ་ལ་སོགས་པ་ཡོངས་སུ་བཏང་བ་ལ་སྟེ། དེ་ནི་ཚུལོ།། ་རིགས་ཀྱི་བུ་དག་དེ་ལྟ་བས་ན་བདེན་པ་ཡང་ཁོང་དུ་ཆུད་པར་གྱིས་ཤིག། རྫུན་དུ་སྨྲ་བ་ཡང་སྤོང་ཤིག། གསོལ་པ་བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས ་བདེན་པ་ཁོང་དུ་ཆུད་པར་བགྱིས་ལགས། ཇི་ལྟར་ན་བརྫུན་དུ་སྨྲ་བ་མི་སྤོང་བ་ལགས། བཀའ་སྩལ་པ། བདེན་པ་ཁོང་དུ་ཆུད་པར་བྱ་བ་ནི། ཉན་ཐོས་དང་རང་སངས་རྒྱས ་འདུལ་བའི་ཕྱིར་རོ།། བརྫུན་དུ་སྨྲ་བ་མི་སྤོང་བ་ནི་འདུས་ལ་ཉེ་བར་སྤྱོད་པའི་ཕྱིར་ཏེ། དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ ་ལྟ་བས་ན་ཕ་རོལ་ཏུ་ཕྱིན་པར་བགྱིས་ཏེ། ཚུལ་རོལ་གྱི་ངོགས་ལ་བལྟ་བས་ན་ཕ་རོལ་ཕྱིན་པར་བགྱིས་ཏེ། ཚུ་རོལ་གྱི་ངོགས་ལ་བལྟ་བར་བགྱིས་ཤིག། ཕ་རོལ ་ཏུ་བྱིན་པར་མ་བྱེད་པར་ཕ་རོལ་གྱི་ངོགས་ལ་བལྟ་བར་གྱིས་ཤིག། གསོལ་པ་བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཕ་རོལ་ཏུ་ཕྱིན་ཅིང་། ་ཚུལ་རོལ་གྱི་ངོགས་ལ་བལྟ་བ་ལགས། ཇི་ལྟར་ན་ཕ་རོལ་ཏུ་ཕྱིན་པར་མི་བགྱིད་ཅིང་ཕ་རོལ་གྱིས་ངོགས་ལ་བལྟ་བ་ལགས། བཀའ་སྩལ་པ། ཕ་རོལ་ཏུ་ཕྱིན ་པ་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་དང་། བསམ་པ་ལའོ།། ཚུ་རོལ་གྱི་ངོགས་ལ་ལྟ་བ་ནི་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེ་བའི་ཕྱིར་རོ།། ་ཕ་རོལ་དུ་ཕྱིན་པར་མི་བྱ་བ་ནི་ཕ་རོལ་བསྒྲལ་བའི་ཕྱིར་རོ།། ཕ་རོལ་གྱི་དོགས་ལ་ལྟ་བ་ནི་རྟག་ཏུ་མྱ་ངན་ལས་འདའ་བ་གཞོལ་བར་བྱ་བ་སྟེ། དེ་ནི་ཚུལ་ལོ།། རིག ་ཀྱི་བུ་དག་དེ་ལྟ་བས་ན་རྟག་ཏུ་མི་མཐུན་པར་ཡང་གྱིས་ལ་བརྩོད་པ་མེད་པ་མཆོག་ཏུ་ཡང་བགྱིས་ཤིག། བྱམས་པ་ལ་གནས་ལ་སྐྱོན་ཡང་མཐོང་བར་གྱིས་ཤིག། ་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་རྟག་ཏུ་མཐུན་པར་བགྱིད་པ་དང་། བརྩོད་པར་མ་མཆིས་པར་མཆོག་ཏུ་བགྱིད་པ་ལག། ་ཇི་ལྟར་ན་བྱམས་པ་ལ་གནས་ཤིང་སྐྱོན་ཡང་མཐོང་བ་ལགས། བཀའ་སྩལ་པ། རྟག་ཏུ་མི་མཐུན་པར་བྱེད་པ་ནི་དམ་པའི་ཆོས་ཡོངས་སུ་བཟུང་བའི་ཕྱིར་རོ།། ་རྩོད་པ་མེད་པ་ལ་མཆོག་ཏུ་བྱེད་པ་ནི་བསམ་པ་དག་པའི་ཕྱིར་རོ།། བྱམས་ལ་གནས་པ་ནི་སེམས་ཅན་ཡོངས་སུ་བསྐྱབ་པའི་ཕྱིར་རོ།། ཉེས་པ་མཐོང་བ་ནི་འདུས་བྱས ་ཀྱི་དངོས་པོ་ཐམས་ཅད་དེ་དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་ཟད་པ་ཡང་ཟད་པར་མ་བྱེད་ཅིག། ཟག་པའི་ཆོས་ཉིད་ཀྱང་ཁོང་དུ་ཆུད་པར་གྱིས་ཤིག། གསོ ་པ་བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཟད་པ་ཟད་པར་མི་བགྱིད་པ་ལགས། ཇི་ལྟར་ནི་ཟད་པར་མི་ལྟུང་བ་ལགས། ཇི་ལྟར་ན་ཟད་པའི་ཆོས་ཉིད ་ཁོང་དུ་ཆུད་པ་ལགས། བཀའ་སྩལ་པ་ཟད་པ་ཞེས་བྱ་བ་ནི་འདུས་བྱས་སོ།། མི་ཟད་པ་ཞེས་བྱ་བ་ནི་འདུས་མ་བྱས་སོ།། དེ་ལ་བྱང་ཆུབ་སེམས་དཔའ་དགེ་བའི ་རྩ་བ་སྩོགས་པའི་ཕྱིར་འདས་ཀྱང་ཟད་པར་མི་བྱའོ།། ཐབས་མཁས་པས་འདུས་མ་བྱས་སུ་ལྟུང་བར་མི་བྱའོ།། ཟད་པའི་ཆོས་ཉིད་ཁོང་དུ་ཆུད་པར་བྱ་བ་ནི་མི་རྟག ་པའི་མཐར་འགྱུར་བ་སྟེ། དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ཅན་མུན་པའི་ནང་ན་ཡང་གནས་པར་གྱིས་ཤིག། སྣང་བ་ཡང་ཟིན་པར་གྱིས་ཤིག། མི་བྱ ་བ་ནི་གྱིས་ཤིག། བྱ་བ་ནི་ཡལ་བར་ཞོག་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་སུན་པའི་ནང་ན་གནས་པ་ལགས། ཇི་ལྟར ་ན་སྣང་བ་ཟིན་པ་ལགས། ཇི་ལྟར་ན་མི་བགྱི་བགྱིད་པ་ལགས། ཇི་ལྟར་ན་བགྱི་བ་ལ་ཡལ་བར་གཞོག་པ་ལགས། བཀའ་སྩལ་པ། ་མུན་པ་ཞེས་བྱ་བ་ནི་མི་ཤེས་པ་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་དུ་བདེན་པ་ཐོབ་པར་བྱའོ།། སྣང་བ་ཞེས་བྱ་བ་ཞི་ཤེས་རབ་སྟེ། ཤེས་རབ་དེས་ཀྱང ་མུན་པ་བསྩལ་བར་བྱའོ།། མི་ཞེས་བྱ་བ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའོ།། བྱ་བ་ཞེས་བྱ་བ་ནི་མངོན་པར་འདུ་བྱ་བ་མེད་པའོ།། དེ་བྱང་ཆུབ་སེམས་དཔའ ་རྣམས་ཀྱིས་ཡལ་བར་གཞག་པར་བྱ་སྟེ། དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་ཟབ་མོའི་ཆོས་ཀྱི་སྣང་བ་ཡང་གནས་པར་གྱིས་ཤིག། སྣང་བའི་ཆོས་རྣམ ་ལའང་བརྙས་པར་མ་བྱེད་ཅིག། སྣང་བ་ནང་མི་སྣང་བའང་མ་གནས་ཤིག། གསོལ་པ་བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཟབ་མོའི་ཆོས་ཀྱི ་སྣང་བ་ལ་གནས་པ་ལགས། ཇི་ལྟར་ན་སྣང་བར་གྱུར་པའི་ཆོས་རྣམས་ལ་བརྙས་པ་མ་མཆིས་པ་ལོགས། ཇི་ལྟར་ན་སྣང་བ་དང་མི་སྣང་བ་ལ་མི་གནས་པ་ལགས།། ་བཀའ་སྩལ་བ། ཟབ་ཅེས་བྱ་བ་ནི་རྟེན་ཅིང་འབྲེལ་བར་འགྱུར་བ་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ལྟ་བ་ཐམས་ཅད་དང་བྲལ་བར་ཆོས་ཐམས་ཅད ་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པར་རིག་པར་བྱའོ།། ཆོས་གང་དག་རྟེན་ཅིང་འབྲེལ་པར་འབྱུང་བས་སྣང་བར་གྱུར་པ་དེ་དག་ལ་ཡང་སེམས་ཅན་ཡོངས་སུ་སྨི ་པར་བྱ་བའི་ཕྱིར། བརྙས་པར་མི་བྱའོ།། སྣང་བ་དང་མི་སྣང་བ་ལ་གནས་པར་མི་བྱ་བ་ནི་གཉིས་དང་མི་འབྲལ་བའི་ཕྱིར། དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས ་ན་གང་ཡང་དག་པར་བསྡུ་བར་བྱ་བ་དེ་ལ་འདོད་པ་མེད་པར་གྱིས་ཤིག། ཡང་དག་པར་བསྡུ་བའི་ཕྱིར་ཡང་བརྩོན་འགྲུས་མ་ཀློང་ཅིག། གསོལ་བ། བཅོམ་ལྡན ་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་གང་ཡང་དག་པར་བསྡུ་བར་བགྱི་དེ་བ་ལ་འདོད་མ་མཆིས་པ་ལགས། ཇི་ལྟར་ན་ཡང་དག་པར་བསྡུ་བར་བགྱི་བའི ་སླད་དུ་བརྩོན་འགྲུས་ལྷོད་པར་མི་བགྱིད་པ་ལགས། བཀའ་སྩལ་པ། ཡང་དག་པར་སྔ་པ་ཞེས་བྱ་བ་ནི་དགེ་བའི་རྩ་བ་རྣམས་སོ།། དེ་ལ་འདོད་པ་མེད་པ་ནི་མི་ལྟ ་བར་སེམས་ཅན་རྣམས་ལ་གཏོང་བའོ།། ཡང་དག་པར་བསྡུ་བ་ལ་བརྩོན་འགྲུས་ཀྱི་ཀློང་པ་ནི་དགེ་བའི་རྩ་བ་ལ་ངོམས་མི་ཤེས་པར་བརྩོན་པར་བྱ་བ་སྟེ། དེ་ནི་ཚུལོ།། ་རིགས་ཀྱི་བུ་དག་དེ་ལྟ་བས་ན་གཏིང་དཔག་དཀའ་བར་གྱིས་ཤིག། སྤྱོད་པ་བསལ་བ་ལ་ཡང་སྣང་བར་གྱིས་ཤིག། གསོལ་པ་བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ ་སེམས་དཔའ་རྣམས་གཏིང་དཔག་དཀའ་བ་ལགས། ཇི་ལྟར་ན་སྤྱོད་པ་བསལ་ཡང་གདའ་བ་ལག་སོ།། བཀའ་སྩལ་པ། གཏིང་དཔག་དཀའ་བ་ཞེས་བྱ་བ་ནི་ཟབ ་པ་ལ་སྙོམས་པར་འཇུག་པ་སྟེ། གང་ལ་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཀྱང་གཏིང་མི་རྙེད་པའོ་སྤྱོད་པ་བསལ་བ་ལ་ཡང་སྣང་བ་ཞེས་བྱ་བ་ནི་བྱིས་པ་སོ་སོའི ་སྐྱེ་བོའི་ཆོས་རྣམས་དང་འདྲ་བ་སྟེ། དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་ལམ་ལས་གཟུར་བར་གྱིས་ཤིག། ལམ་གོལ་བ་ཡང ་སྣང་བར་གྱིས་ཤིག། ཡང་དག་པའི་ལམ་ཡང་མ་འདོར་ཅིག་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ལམ་ལས་གཟུར་བ་ལགས། ་ཇི་ལྟར་ན་ལམ་གོལ་བ་ཡང་གདའ་བ་ལགས། ཇི་ལྟར་ན་ཡང་དག་པའི་ལམ་མི་མདོར་བ་ལགས། བཀའ་སྩལ་པ། ལམ་ལས་བཟུང་བ་ཞེས་བྱ་བ་ནི་ཉན་ཐོས ་དང་རང་སངས་རྒྱས་ཀྱི་ལམ་ལས་འབྱོལ་བའོ།། ལམ་གོལ་བ་ན་སྣང་བ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་རོ།། ཡང་དག་པའི་ལམ་མི་འདོར་བ་ནི་འདི་ལྟ ་སྟེ། ཕ་རོལ་ཏུ་ཕྱིན་པ་ནི་ལམ་སྟེ། དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་ཕྱིར་མི་ལྡོག་པའི་གོ་ཆ་ཡང་བགོ་བར་བགྱིས་ཤིག། ཐམས་ཅད་ཀྱང་ཕྱིར་ལྡོག ་པར་གྱིས་ཤིག་ཕྱིར་ལོག་ནས་ཀྱང་སྒྲོལ་ཅིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཕྱིར་མི་ལྡོག་པའི་གོ་ཆ་དགོས་པ་ལགས། ་ཇི་ལྟར་ན་ཐམས་ཅད་ལས་ཕྱིར་མི་ལྡོག་པ་ལགས། ཇི་ལྟར་ཕྱིར་ལྡོག་ནས་བསྒྲོལ་བ་ལགས། བཀའ་སྩལ་པ། ཕྱིར་མི་ལྡོག་པའི་གོ་ཆ་བགོས་ཤེས་བྱ་བ ་ནི་ཆོས་དང་མཐུན་པའི་དམ་བཅས་པ་ལ་གནས་པའོ།། ཐམས་ཅད་ལས་ཕྱིར་ལྡོག་པ་ནི་ཆོས་དང་མི་ལྡན་པའི་བཅས་པ་ལས་ལྡོག་པའོ།། ཕྱིར་མི་ལྡོག་པ་ནས ་བསྒྲལ་བ་ནི་མི་དགེ་བའི་ཆོས་ཐམས་ཅད་ཀྱིས་སྟེ། དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་འདམ་པར་གྱིས་ཤིག། རྟག་ཏུ་བྱ་བར་གྱིས་ཤིག། རྟེན་པར་གྱིས་ཤིག། ་བློ་དགོད་ཅིང་མི་དགོད་པར་ཡང་གྱིས་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་རྣམས་འདུལ་བ་ལགས། ཇི་ལྟར་ན་རྟག་ཏུ་བྱ་བ་ལག། ་ཇི་ལྟར་ན་བརྟན་པ་ལགས། ཇི་ལྟར་ན་བློ་དགོད་ཅིང་། མི་དགོད་པར་ཡང་ལགས། བཀའ་སྩལ་པ། འདམ་ཞེས་བྱ་བ་ནི་བདུད་ཟིལ་གྱིས་གནོན་པའི་ཕྱིར་རོ།། རྟག ་ཏུ་བྱ་བ་ནི་གཅིག་བརྒྱད་ཅིང་མི་གནས་པའི་སེམས་གཞན་དང་གཞན་ཤེས་པའོ།། བརྟན་པ་ནི་སྒྲུབ་པའོ།། བློ་དགོད་ཅིང་མི་དགོད་པ་ནི་དགེ་བའི་ཆོས་གཞན་དང་གཞན ་ལ་དམིགས་པའི་ཕྱིར་ཏེ། དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དེ་དག་དེ་ལྟ་བས་ན་རྗེ་སུ་ཆགས་པར་ཡང་གྱིས་ཤིག། རྟག་ཏུ་ཞེ་འགྲས་པར་ཡང་གྱིས་ཤིག། ཡུན་རིང་པོར ་ལྟ་བར་ཡང་གྱིས་ཤིག། བྱས་པ་མི་བཟོ་བར་ཡང་གྱིས་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་རྗེསུ་ཆགས་པ་ལགས།། ་ཇི་ལྟར་ན་རྟག་ཏུ་ཞེ་འགྲས་པ་ལགས། ཇི་ལྟར་ན་ཡུན་རིང་པོར་ལྟ་བ་ལགས། ཇི་ལྟར་ན་བྱས་པ་མི་གཟོའི་བ་ལགས།། བཀའ་སྩལ་པ། རྔ་རྗེས་སུ་ཆགས ་པ་ཞེས་བྱ་བ་ནི་ཐེག་པ་ཆེན་པོའོ།། ཞེས་འགྲས་པ་ཞེས་བྱ་བ་ནི་ཐེག་པ་དམན་པ་པའོ།། ཡུན་པོར་ལྟ་བ་ནི་འཁོར་བ་ཡོངས་སུ་བཟང་བའི་ཕྱིར་རོ།། བྱས་པ ་མི་བཟོ་བ་ནི་སྡིག་པ་བྱས་པ་རྣམས་ལ་ཕྱིས་པ་ལན་མེ་གློན་པ་སྟེ། དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དེ་ལྟ་བས་ན་གཏོང་བ་ཡང་ཤིན་ཏུ ་ཐོང་ཤིང་། སེར་སྣ་ཅན་དུ་ཡང་གྱིས་ཤིག། འཛིན་པའི་སེམས་ཀྱང་མེད་པར་གྱིས་ཤིག། གསོལ་པ་བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་གཏོང། ་བ་ཤིན་ཏུ་གཏོང་བ་ལགས། ཇི་ལྟར་ན་སེར་སྣ་ཅན་ལགས། ཇི་ལྟར་ན་འཛིན་པའི་སེམས་མ་མཆིས་པ་ལགས། བཀའ་སྩལ་པ། གཏོང་བ་ནི་ཤིན་ཏུ་གཏང་བ་ནི་སེཾས ་ཅན་ཐམས་ཅད་ཡོངས་སུ་མི་གཏང་བའི་ཕྱིར་སྤེན་པ་གཏོང་བའོ།། སེར་སྣ་ཅན་དུ་བྱ་བ་ནི་སྣོད་དུ་གྱུར་པ་རྣམས་ལའོ།། འཛིན་པ་མེད་པའི་སེམས་སུ་བྱ་བ་ནི་ཆོས་ལ ་སློ་དཔོན་གྱི་དཔེའ་མཁྱུད་མེད་པའི་ཕྱིར་ཏེ། དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་གང་དག་སྤངས་པ་དེ་དག་ཡོངས་སུ་ཟུང་ཤིག། གང་དག་ཡོངས་སུ ་གཟུང་བ་དག་ནི་ཡལ་བར་ཞོག་ཤིག། ནད་པ་ལྟར་ཡང་གྱིས་ཤིག། གསོལ་བ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་གང་དག་སྤངས་པ་དེ་དག ་ཡོངས་སུ་འཛིན་པ་ལགས། ཇི་ལྟར་ན་གང་དག་ཡོངས་སུ་འཛིན་པ་དེ་དག་ཡལ་བར་འཇོག་ལགས། ཇི་ལྟར་ན་ནད་པ་ལྟ་བུ་གྱུར་པ་ལགས། དེ་ལྟར་ན་ནད་པ་རྣམ ་ཀྱང་གསོ་བ་ལགས། བཀའ་སྩལ་པ། གང་དག་སྤངས་པ་དེ་དག་ཡོངས་སུ་བཟུང་བ་ནི་ལོག་པ་ཉིད་དུ་ངེས་པའི་སེམས་ཅན་སངས་རྒྱས་ཐམས་ཅད་ཀྱིས་སྤངས་པ ་དེ་དག་བྱང་ཆུབ་སེམས་དཔའ་ཡོངས་སུ་གཟུང་བར་བྱའོ།། གང་དག་ཡོངས་སུ་གཟུང་བ་དེ་དག་ཡལ་བར་གཞག་པ་ན་སློབ་པ་དང་མི་སློབ་པ་ཐམས་ཅད་དོ།། ནད་པ་ལྟར ་ཡང་བྱ་ཞིང་ན་བ་རྣམས་ཀྱང་གསོ་བར་བྱ་བ་ནི་བསམས་པ་བཞིན་དུ་དགའ་བ་དང་ན་བསྟན་ནས། སོ་སོའི་སྐྱེ་བོ་རྣམས་ལ་ཆོས་བསྟན་ཏོ།། དེ་ནི་ཚུལ་ལོ།། ་རིགས་ཀྱི་བུ་དེ་ལྟ་བས་ན། བདུད་ཀྱི་ལས་རྣམས་ནི་འབར་བར་གྱིས་ཤིག། སངས་རྒྱས་ཀྱི་ཆོས་རྣམས་ནི་ཞི་བར་གྱིས་ཤིག། གསོལ་པ། བཅོམ་ལྡན་འདས་ཇི ་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་བདུད་ཀྱི་ལས་རྣམས་ནི་འབར་བར་བགྱིས་པ་ལགས། ཇི་ལྟར་ན་སངས་རྒྱས་ཀྱི་ཆོས་རྣམས་ནི་ཞི་བར་བགྱིད་པ་ལགས། བཀའ ་སྩལ་པ། བདུད་ཀྱི་ལས་འབར་བར་བྱེད་པ་ནི་དགེ་བའི་ཆོས་ལ་བརྩོན་པ་རྣམས་ལའོ།། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་རྣམས་ཞི་བར་བྱེད་པ་ནི་ཆོས་ཐམས་ཅད ་ཉོན་མོངས་པ་དང་། ཉེ་བའི་ཆོས་ཉོན་མོངས་པ་མེད་པར་སྦྱོར་བ་སྟེ། དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་བདུད་རྣམས་དང་ནི་འཐབ་པར་གྱིས་ཤིག། ་སྟོན་པ་ནི་མ་ཚོལ་ཅིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་བདུད་དང་འཐབ་པ་ལགས། ཇི་ལྟར་ན་སྟོན་པ་ཆེས་ཚོལ་བ ་ལགས། བཀའ་སྩལ་པ། བདུད་དང་འཐབ་པར་བྱ་བ་ནི་བྱང་ཆུབ་སེམས་དཔའ་དག་གང་གི་ཚེ། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་དེའི་ཚེ། བར་ཆད་བྱ ་བའི་ཕྱིར་བདུད་བརྩོན་པར་བྱེད་པ་ནའོ།། སྟོན་པ་མི་ཚོར་བ་ནི་དགེ་བའི་ཆོས་ཐམས་ཅད་དང་ལྡན་པ་སྟེ། དེ་ནི་ཚུལ་ལོ།། རིགས་ཀྱི་བུ ་དག་དེ་ལྟ་བས་ན་གང་དག་ཉན་ཐོས་ཀྱིས་སྨད་པར་བྱ་བ་དེ་ཁྱེད་ཀྱིས་མ་སྨད་ཅིག། གང་ལ་ཉན་ཐོས་མངོན་པར་དགའ་བ་དེ་ལ་ཁྱེད་དགའ་བར་མ་བྱེད་ཅིག། གསོལ་བ་བཙོ ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་གང་དག་ཉན་ཐོས་ཀྱིས་སྨད་པར་བགྱི་བ་དེ་དག་ལ་མི་སྨོད་པ་ལགས། ཇི་ལྟར་གང་ལ་ཉན་ཐོས་དགའ་བ་ལགས།། ་བཀའ་སྩལ་པ། ཉན་ཐོས་ནི་སྐྱེ་བའི་གནས་རྣམས་ལ་སྨོད་དེ། དེ་དག་ཁྱེད་ཀྱིས་སྨད་པར་མི་བྱའོ།། ཉན་ཐོས་ནི་རང་ཡོངས་སུ་མྱ་ངན་ལས་འདས་པ་ལ་མངོན ་པར་དགའ་ན། དེ་ལ་ཁྱེད་ཀྱིས་མངོན་པར་དགའ་བར་མ་བྱེད་སྟེ། དེ་ནི་ཚུལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་འཇིག་རྟེན་ན་གནས་པར་གྱིས་ཤིག། འཇིག་རྟེན་གྱི་ཆོས ་རྣམས་མྱོང་བར་གྱིས་ཤིག། འཇིག་རྟེན་གྱིས་ཀྱང་མགོས་པར་གྱིས་ཤིག། འཇིག་རྟེན་ན་ཐོགས་པ་རྣམས་ཀྱང་སྒྲོལ་ཅིག། གསོལ་པ་བཅོམ་ལྡན་འདས་ཇི་ལྟར། ་ན་བྱང་ཆུབ་སེམས་དཔའ་རྣམས་འཇིག་རྟེན་གནས་པ་ལགས། ཇི་ལྟར་ན་འཇིག་རྟེན་གྱིས་ཆོས་རྣམས་མྱོང་བ་ལགས། ཇི་ལྟར་ན་འཇིག་རྟེན་གྱི་མ་གོས་པ་ལག། ་ཇི་ལྟར་ན་འཇིག་རྟེན་དུ་ཐོགས་པ་ལ་སྒྲོལ་བ་ལགས། བཀའ་སྩལ་པ། འཇིག་རྟེན་ན་གནས་པར་བྱ་བ་ན་འདོད་པ་དང་། གཟུགས་དང་། གཟུགས་མེད་པ་རྣམ ་སོ།། འཇིག་རྟེན་གྱི་ཆོས་རྣམས་མྱོང་བར་བྱ་བ་ནི་འཇིག་རྟེན་གྱི་ཆོས་བརྒྱད་པོ་དག་གོ། འཇིག་རྟེན་གྱིས་མི་གོས་པར་བྱ་བ་ནི་བདེ་བ་དང་སྡུག་བསྔལ་གྱིས་མི་སྐྱོད ་པའི་ཕྱིར་རོ།། འཇིག་རྟེན་དུ་ཐོགས་པ་ལ་སྒྲལ་བ་ནི་ཁམས་གསུམ་གྱི་བརྩོན་ར་ནས་གདོན་པ་སྟེ། དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་ཡང་བར་གྱིས ་ཤིག། ལྕི་བར་གྱིས་ཤིག། སྡུག་བསྔལ་གྱིས་ཤིག། བདེ་བར་གྱིས་ཤིག། གསོལ་པ་བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཡང ་བ་ལགས། ཇི་ལྟར་ན་ལྕི་བ་ལགས། ཇི་ལྟར་ན་ཡང་སྡུག་བསྔལ་བ་ལགས། ཇི་ལྟར་ན་བདེ་བ་ལགས། བཀའ་སྩལ་པ། ཡང་ནི་སེམས་ཅན་ཐམས་ཅད ་ཀྱིས་བྱ་བ་ནི་ཡོད་པ་ལ་སྙིང་ལས་སུ་བྱེད་པའོ།། ལྕི་བ་ནི་ཡི་དམ་ལ་བརྟེན་པའོ།། སྡུག་བསྔལ་བར་བྱ་བ་ནི་མི་མཐུན་པའི་གཉེན་པོ་རྣམས་ལའོ།། བདེ་བར་བྱ ་བ་ནི་བསོད་ནམས་བྱ་བའི་ཕྱིར་རོ།། དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་མི་སྣང་བར་ཡང་གྱིས་ཤིག། ཐམས་ཅད་དུ་ཡང་སྣང་བར་གྱིས་ཤིག། བྱོལ ་བར་བྱ་བ་རྣམས་ལ་ནི་བྱོལ་ཅིག། བསྡུད་པ་བྱ་བ་རྣམས་ལ་ནི་སྡོད་ཅིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་མི་གད ་བ་ཡང་ལགས། ཇི་ལྟར་ན་ཐམས་ཅད་དུ་གདའ་བ་ཡང་ལགས། ཇི་ལྟར་ན་བྱོལ་སོང་བར་བགྱི་བ་རྣམས་ལ་འབྱོལ་བ་ལགས། ཇི་ལྟར་ན་བསྡུག་པར་བགྱི་བ ་རྣམས་ལ་སྤོང་བར་བགྱི་བ་ལགས། བཀའ་སྩལ་པ། མི་སྣང་བར་བྱ་བ་ནི་ལྟུང་དང་འཁྲུལ་པ་ཐམས་ཅད་ལས་ཡང་དག་པར་འདའ་བར ་བྱའོ།། ཐམས་ཅད་དུ་སྣང་བར་ཡང་བྱ་བ་ནི་བྱང་ཆུབ་ཀྱི་ཕྱོགས་ཆོས་ཡང་དག་པར་བསྒྲུབ་པའི་ཕྱིར་རོ།། བྱོལ་བ་རྣམས་ལས་འབྱོལ་བ་ནི་འཐབ་མོ་དང་བརྩོད་པ་རྣམ ་ལགས་སོ།། བསྡད་པར་བྱ་བ་རྣམས་ལ་བསྡོད་པ་ནི་སེམས་ཅན་ཚོགས་པར་བྱ་བའི་ཕྱིར་རོ།། དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་མ་བྱས་པ་རྣམས་ལ ་འང་གནས་པ་གྱིས་ཤིག། བྱས་པ་རྣམས་ལའང་གནས་པར་གྱིས་ཤིག། བྱས་པ་དང་མ་བྱས་པ་རྣམས་ལའང་སེམས་མཉམ་པར་གྱིས་ཤིག། གསོལ་བ ་བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་མ་བགྱིས་པ་རྣམས་ལ་གནས་ལགས། ཇི་ལྟར་ན་བགྱིས་པ་རྣམས་ལའང་གནས་པ་ལགས། ཇི་ལྟ ་ན་བགྱིས་པ་རྣམས་ལའང་སེམས་མཉམ་པ་ལགས། བཀའ་སྩལ་པ། མ་བྱས་པ་རྣམས་ལ་གནས་པ་ནི་དགེ་བའི་རྩ་བ་ཡང་དག་པར་བསྒྲུབ་པའི་ཕྱིར་རོ།། ་བྱས་པ་རྣམས་ལ་གནས་པ་དེ་ནི་དགེ་བའི་རྩ་བ་བྱས་པ་དེའི་དགོང་མའི་ཆོས་དང་སྦྱར་བ་དེའི་ཕྱིར་རོ།། བྱས་པ་དང་མ་བྱས་པ་རྣམས་ལ་སེམས་མཉམ་པར་བྱ་བ་ནི ་ཚུལ་ཁྲིམས་དང་ལྡན་པ་དང་། ཚུལ་ཁྲིམས་འཆལ་པ་རྣམས་ལ་བྱེ་བྲག་མེད་པའི་འདུ་ཤེས་སུ་བྱ་བ་སྟེ། དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་སྙིང་པོ་མེ ་པ་ལས་ཀྱང་སྙིང་པོ་དེ་ཚོལ་ཅིག། སྙིང་པོ་དེ་ལ་ཡང་སྙིང་པོ་མེད་པའི་འདུ་ཤེས་སྐྱེད་ཅིག། སྙིང་པོ་དང་སྙིང་པོ་མེད་པ་ལ་ཡང་སྤྱོད་ཅིག་གསོལ་པ། བཅོམ་ལྡན་འདས ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་སྙིང་པོ་མ་མཆིས་པ་ལ་སྙིང་པོ་ཚོལ་བ་ལགས། ཇི་ལྟར་ན་སྙིང་པོ་མ་མཆིས་པར་འདུ་ཤེས་བསྐྱེད་པ་ལགས། ཇི་ལྟར་ན་སྙིང་པོ ་དང་སྙིང་པོ་མ་མཆིས་པ་ལ་སྤྱོད་པ་ལགས། བཀའ་སྩལ་པ། སྙིང་པོ་མེད་ཅེས་བྱ་བ་ནི་ལུས་དང་སྲོག་དང་ལོངས་སྤྱོད་པ་རྣམས་ཏེ་དེ་ལས་དམ་པའི་ཆོས་ཡོངས་སུ་རྫོགས ་བར་བྱ་བས་སྙིང་པོ་བཙལ་བའོ།། སྙིང་པོ་ཞེས་བྱ་བས་ནི་འདུས་མ་བྱས་ཏེ། སངས་རྒྱས་ཀྱི་ཆོས་ལ་གཟུང་བའི་ཕྱིར་དེ་ལ་སྙིང་པོ་མ་ཡིན་པའི་འདུ་ཤེས་བསྐྱེད་པར ་བྱའོ།། སྙིང་པོ་དང་སྙིང་པོ་མ་ཡིན་པ་ལ་སྤྲོད་པ་ནི། འདས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་ལ་བློ་བཏང་བ་སྟེ། དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན ་དམ་བཅས་པ་ནི་ཉམས་པར་གྱིས་ཤིག། ཚུལ་ཁྲིམས་ནི་མ་ཉམས་པར་གྱིས་ཤིག། ཚུལ་ཁྲིམས་འཆལ་པ་རྣམས་ལ་ནི་ལྟོས་ཤིག། ཚུལ་ཁྲིམས་དང་ལྡན་པ ་རྣམས་ལ་ནི་ཡལ་བར་ཞོག་ཤིག། གསོལ་པ་བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་རྣམས་དམ་བཅས་པ་ཉམས་པར་བགྱིས་པ་ལགས། ་ལྟར་ན་ཚུལ་ཁྲིམས་འཆལ་པ་རྣམས་ལྟ་བ་ལགས། ཇི་ལྟར་ན་ཚུལ་ཁྲིམས་དང་ལྡན་པ་རྣམས་ཡལ་བར་གཞོག་པ་ལགས། བཀའ་སྩལ་པ། དམ་བཅས་པ ་ཉམས་པར་བྱ་བ་ནི་དགེ་བའི་རྩ་བ་གོང་མ་དང་གོང་མ་ལ་ལྷག་པར་དམིགས་པའི་ཕྱིར་རོ།། ཚུལ་ཁྲིམས་མ་ཉམས་པའི་བྱ་བ་ནི། ་བྱང་ཆུབ་ཀྱི་སེམས་ལ་ལྷག་པར་དམིགས་པའི་ཕྱིར་རོ།། ཚུལ་ཁྲིམས་འཆལ་པ་རྣམས་ལ་ལྟ་བ་ནི་ཚུལ་ཁྲིམས་ལ་སྦྱར་བའི་ཕྱིར་རོ།། ཚུལ་ཁྲིམས་དང་ལྡན་པ་རྣམས ་ཡལ་བར་གཞག་པ་ནི་བྱ་བ་བྱས་པའི་ཕྱིར་རོ།། དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་གཞན་གྱི་ནོར་ལ་དགའ་བར་གྱིས་ཤིག། རང་གི་ནོར་ནི་ཡོངས་སུ་ཐོང་ཤིག། ་ཉེ་བར་གནས་པར་གྱིས་ཤིག། གསོལ་པ་བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་གཞན་གྱི་ནོར་ལ་དགའ་བ་ལགས། ཇི་ལྟར་ན་རང་གི་ནོར ་ཡོངས་སུ་གཏོང་བ་ལགས། ཇི་ལྟར་ན་ཉེ་བར་གནས་པ་ལགས། བཀའ་སྩལ་པ། གཞན་གྱི་ནོར་ལ་མངོན་པར་དགའ་བ་ཞེས་བྱ་བ་ནི། བྱང་ཆུབ་སེམས ་དཔའ་དང་། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་། སེམས་ཅན་ཐམས་ཅད་ཀྱིས་བསོད་ནམས་ལ་རྗེསུ་ཡིད་རང་བར་བྱའོ།། རང་གི་ནོར་ཡོངས་སུ་གཏོང་བ ་ནི་རང་གི་དགེ་བའི་རྩ་བ་སེམས་ཅན་ཐམས་ཅད་ལ་ཡོངས་སུ་གཏང་བར་བྱའོ།། ཉེ་བར་གནས་པར་བྱ་བ་ནི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའི་ཕྱིར་རོ།། དེ་ནི་ཚུལ་ལོ།། ་རིགས་ཀྱི་བུ་དག་དེ་ལྟ་བས་ན་མཆོག་ཏུ་ཕྱིན་པར་ཡང་གྱིས་ཤིག། སེམས་དཔའ་བར་གྱིས་ཤིག། ལེ་ལོ་ཅན་དུ་ཡང་གྱིས་ཤིག། རྟག་ཏུ་བརྩོན་པར་ཡང་གྲིས་ཤིག། ་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་མཆོག་ཏུ་ཕྱིན་པ་ལགས། ཇི་ལྟར་ན་སེམས་དཔའ་བ་ལགས། ཇི་ལྟར་ན་ལེ་ལོ་ཅན་ལགས། ་ཇི་ལྟར་ན་རྟག་ཏུ་བརྩོན་པ་ལགས། བཀའ་སྩལ་པ། མཆོག་ཏུ་ཕྱིན་པ་ནི་ཤེས་རབ་དང་ཡེ་ཤེས་ཀྱིས་སོ།། སེམས་དཔའ་བ་ནི། ང་རྒྱལ་མེད་པའི་ཕྱིར་རོ།། ལེ་ལོ་ཅན། ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱིས་ཐོབ་པར་བྱའོ།། རྟག་ཏུ་བརྩོན་པ་ནི་ང་ཕ་རོལ་ཕྱིན་པ་རྣམས་ལ་སྟེ། དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་མི་སྲུན་པར་ཡང ་བགྱིས་ཤིག། དུལ་བའི་ས་ལ་གནས་པར་ཡང་གིས་ཤིག། འཇིག་རྟེན་པར་གྱིས་ཤིག། སེང་གེའི་བརྩལ་གྱིས་རྣམ་པར་གནོན་པར་གྱིས་ཤིག། གསོལ་པ། ་བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་མི་སྲུན་པ་ལགས། ཇི་ལྟར་ན་དུལ་བའི་ས་ལ་གནས་པ་ལགས། ཇི་ལྟར་ན་འཇིག་རྟེན་པ་ལགས།། ་ཇི་ལྟར་ན་སེང་གེའི་རྩལ་གྱིས་རྣམ་པར་གནོན་པ་ལགས། བཀའ་སྩལ་པ། མི་སྲུན་པར་བྱས་པ་ནི་བདུད་ཐམས་ཅད་གདུལ་བའི་ཕྱིརརོ།། དུལ་བའི་ས་ལ་གནས་པར ་ནི་སེམས་ཅན་ཅང་ཤེས་འདུལ་བའི་ཕྱིར་རོ།། འཇིག་རྟེན་པར་བྱ་བ་ནི་སྡིག་པ་ཐམས་ཅད་ལས་སོ།། སེང་གེའི་རྩལ་གྱིས་རྣམ་པར་གནོན་པར་བྱ་བ་ནི་ཕས་ཀྱི་རྒོལ་བ་ཐམས ་ཅད་སྨད་པའི་ཕྱིར་ཏེ། དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་ཡིད་དུ་འོང་བར་གྱིས་ཤིག། ཡིད་དུ་མི་འོང་བར་ཡང་གིས་ཤིག། སླད་དུ་མེད་པར་ཡང་བགྱིས ་ཤིག། སླད་དུ་ཡོད་པར་ཡང་གིས་ཤིག། གསོལ་བ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཡིད་དུ་འོང་བ ་ལགས། ཇི་ལྟར་ན་ཡིད་དུ་མི་འོང་བ་ལགས། ཇི་ལྟར་ན་སྨད་དུ་མ་མཆིས་པ་ལགས། ཇི་ལྟར་ན་སྨད་དུ་མ་མཆིས་པ་ལགས། བཀའ་སྩལ་པ། ཡིད་དུ་འོང་བར་བྱ་བ ་ནི་ཡོན་ཏན་གྱི་ཕྱིར། སངས་རྒྱས་ཐམས་ཅད་ཀྱི་ཐུགས་སུ་བྱོན་པའོ།། ཡིད་དུ་མི་འོང་བ་ནི་མངོན་པར་ཤེས་པ་ཐམས་ཅད་ཀྱིས་རྣམ་པར་འཕྲུལ་བའི་ཕྱིར་བདུད་ཐམས ་ཅད་ཀྱི་ཡིད་དུ་མི་འོང་བའོ།། སྣང་དུ་མེད་པ་ནི་ལུས་དང་ངག་དང་ཡིད་ཡོངས་སུ་དག་པའི་ཕྱིར་རོ།། སླད་དུ་ཡོད་པ་ནི་མི་དགེ་བའི་ཆོས་ཐམས་ཅད་ལ་སྨོད་པའི་ཕྱིར་ཏེ། ་དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ནམ་བྱུང་བ་རྣམས་ལ་རྨམ་འབྱིན་ཅིག། རྨ་མ་བྱུང་བ་རྣམས་ལ་རྨ་མ་བྱུང་ཤིག། ཡེ་ཤེས་ཚོལ་ཅིག། ཡེ་ཤེས་ཀྱི་བྱ ་བ་རྣམས་ལ་དགའ་བར་མ་བྱེད་ཅིག་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་རྨ་བྱུང་བ་རྣམས་ལ་རྨ་མ་འབྱིན་པ་ལགས་ཇི་ལྟར་ན ་རྨ་བྱུང་བ་རྣམས་ལ་རྨ་འབྱིན་པ་ལགས། ཇི་ལྟར་ན་ཡེ་ཤེས་ཚོལ་བ་ལགས། ཇི་ལྟར་ན་ཡེ་ཤེས་ཀྱི་བགྱི་བ་རྣམས་ལ་ནི་དགའ་བ་ལགས། བཀའ་སྩལ་པ། རྨ ་བྱུང་བ་རྣམས་ཤེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱིས་སྟེ། དེ་ལ་རྨ་བྱུང་བར་མི་བྱའོ།། རྨ་བྱུང་བ་རྣམས་ཤེས་བྱ་བ་ནི་སོ་སོའི་སྐྱེ་བོ་རྣམས་ཅད་དེ། དེ་དག་ནི ་སྨྲ་བྱུང་བར་བྱའོ།། ཡེ་ཤེས་ཀྱི་བཙལ་བར་བྱ་བ་ནི་ཟད་པ་དང་མི་སྐྱེ་བ་ཤེས་བྱའོ།། ཡེ་ཤེས་ཀྱི་བྱ་བ་ལ་དགའ་བར་མི་བྱ་བ་ནི་འདུས་བྱས་སུ་ལྟུང་བར་མི་བྱ་བ་སྟེ། ་དེ་ནི་ཚུ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་མཉམ་པར་གཞག་པར་ཡང་གིས་ཤིག་སེམས་མི་གནས་པར་ཡང་གིས་ཤིག། རྟག་ཏུ་སྙོམས་པར་བཞུགས་པར་ཡང ་གིས་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་མཉམ་པར་གཞག་པ་ལགས། ཇི་ལྟར་ན་སེམས་པར་མི་གནས་པ་ལགས། ་ཇི་ལྟར་ན་རྟག་ཏུ་སྙོམས་པར་བཞུགས་པ་ལགས། བཀའ་སྩལ་པ། མཉམ་པར་གཞག་པ་ནི་བྱང་ཆུབ་ཀྱི་སེམས་ཀྱིས་སོ།། སེམས་རྣམས་པར་གཡེང་བར་བྱ ་བ་ནི་ཉན་ཐོས་ཀྱིས་སེམས་ལས་སོ།། མི་གནས་པ་ནི་དེ་ལ་མ་ཆགས་པའི་ཕྱིར་རོ།། རྟག་ཏུ་སྙོམས་པར་ཞུགས་པ་ནི་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པའི ་ཕྱིར་སྟེ། དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་བསྲེག་པར་བྱ་བ་སྲེག་ཤིག། ཚིག་པར་ནི་བསྐྱེད་ཅིག་སྐྱེས་པ་ནི་ཐོང་ཤིག། རྣམ་པར་ཕྱེ་བ་ནི་སྡུད་ཤིག་གསོལ ་པཾ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་བསྲེག་པར་བགྱི་བ་སྲེག་པ་ལགས། ཇི་ལྟར་ན་ཚིག་པ་རྣམས་བསྐྱེད་པ་ལགས། ཇི་ལྟར་ན ་སྐྱེས་པ་རྣམས་གཏོང་བ་ལགས། ཇི་ལྟར་ན་རྣམས་པར་བྱ་བ་རྣམས་བསྡུད་པ་ལགས། བཀའ་སྩལ་པ། བསྲེག་པར་བྱ་བ་སྲེག་པ་ནི་ཉོན་མོངས་པ་ཐམས་ཅད ་ཤེས་རབ་ཀྱིས་སེམས་གསྲེག་པའོ།། ཚིག་བསྐྱེད་པ་ནི་ཐབས་ཀྱིས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་གཟུང་བའོ།། ་སྐྱེ་ནས་གཏོང་བ་ནི་སེམས་ཅན་ཐམས་ཅད་ཀྱི་བྱ་བ་ཅི་ཡོད་པ་ལ་སྙིང་ལས་སུ་བྱའོ།། རྣམ་པར་ཕྱེ་བ་བསྡུ་བ་ཞེས་བྱ་བ་ནི་ཡོངས་སུ་བསྔོ་བའི་ཚིག་བླ་གདགས་སོ།། ་རིགས་ཀྱི་བུ་དག་དེ་ལྟ་བས་ན་དུས་མ་ཡིན་པའི་དུས་སུ་ཤེས་པར་བགྱིས་ཤིག། དུས་ནི་དུས་མ་ཡིན་པའི་ཤེས་པར་བགྱིས་ཤིག། དུས་དང་དུས་མ་ཡིན་པ་ལ་མཁས ་པར་ཡང་བགྱིས་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་དུས་མ་ལགས་པ་ལ་དུ་སུ་འཚལ་བ་ལགས། ཇི་ལྟར་ན་དུས་མ ་ལགས་པར་འཚལ་བ་ལགས། ཇི་ལྟར་ན་དུས་དང་དུས་མ་ལགསོ་པ་ལ་མཁས་པ་ལགས། བཀའ་སྩལ་བ། གང་ཉན་ཐོས་ཀྱིས་ཐོབ་པར་བྱ་བའི་དུས་དེ་ནི་བྱང ་ཆུབ་སེམས་དཔའི་དུས་མ་ཡིན་ནོ།། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན ་བར་རྫོགས་པར་འཚང་རྒྱ་བ་ནི་བྱང་ཆུབ་སེམས་དཔའི་དུས་སོ།། དུས་དང་དུས་མ་ཡིན་པ་ལ་མཁས་པར་བྱ་བ་ནི་དུས་བཞིན་དུ་དགེ་བའི་རྩ་བ་ཡང་དག་པར་བསྒྲུབ ་བའི་ཕྱིར་ཏེ། དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་འབྱོར་པ་ནི་ཕྱེ་ཤིག། མ་འབྱོར་པ་ནི་འབྱོར་ཅིག། འབྱོར་པ་དང་མ་འབྱོར་པ་ལ་ཆགས་པར་ཡོད ་མ་བྱེད་ཅིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་འབྱོར་པར་བྱེད་པ་ལགས་ཇི་ལྟར་ནམ་འབྱོར་པ་ནི་སྦྱོར་བ་ལགས། ཇི་ལྟར་ན ་སྦྱོར་བ་དང་མི་སྦྱོར་བ་མ་ཆགས་པ་ལགས། བཀའ་སྩལ་པ། འབྱོར་པ་ནི་ཕྱིན་ཅི་ལོག་བཞི་འཁོར་བའི་འདམ་དང་འབྱོར་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ ་དབྱེ་བར་བྱའོ།། མ་འབྱོར་པ་ནི་མྱ་ངན་ལས་འདས་པའི་ཚུལ་བཞིན་ཡིད་ལ་བྱ་བ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་ས་སྦྱར་བར་བྱའོ།། འབྱོར་པ་དང་མ་འབྱོར ་བ་ལ་ཆགས་པར་མི་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་སྤྱོད་པ་དང་། སོ་སོའི་སྐྱེ་བོའི་སྤྱོད་པ་ལ་མ་ཆགས་པར་བྱ་བ་སྟེ། དེ་ནི་ཚུལ་ལོ།། རིགས་ཀྱི་བུ ་དག་དེ་ལྟ་བས་ན་དབུགས་འབྱིན་པ་རྣམས་ནི་དབུགས་མ་དབྱང་ཤིག། དབུགས་མ་ཕྱིན་པ་རྣམས་ནི་དབུགས་མ་ཕྱུང་ཤིག། གསོལ་པ། བཅོམ་ལྡན་འདས ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་དབུགས་མི་འབྱིན་པ་ལགས། ཇི་ལྟར་ན་དབུགས་མ་ཕྱིན་པ་རྣམས་དབུགས་འབྱིན་པ་ལགས་བཀའ་སྩལ་པ།། ་དབུགས་ཕྱིན་པ་རྣམས་དབུགས་མི་འབྱུང་བ་ནི་ཡོངས་སུ་སྨིན་པའི་སེམས་ཅན་རྣམས་ཡོངས་སུ་སྨིན་པར་མི་བྱའོ།། དབུགས་མ་བྱིན་པ་རྣམས་དབུགས་དབྱུང་བ ་ནི་ཡོངས་སུ་སྨིན་པར་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱ་བ་སྟེ། དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་རྨ་བྱུང་བར་ཡང་གིས་ཤིག། མ་སྨྲས་པར ་ཡང་གིས་ཤིག། རྨ་བྱུང་བ་རྣམས་ནི་སོས་པར་གྱིས་ཤིག། རྨ་མ་བྱུང་བ་རྣམས་ནི་རྨ་མ་དབྱུང་བར་གྱིས་ཤིག་གསོལ་པ། བཅོམ་ལྡན ་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་རྨ་འབྱིན་པ་ལགས་ཇི་ལྟར་མ་སྨས་པ་ལགས། ཇི་ལྟར་ན་རྨ་བྱུང་བ་རྣམས་གསོ་བ་ལགས། ཇི་ལྟར་ན་རྨ་མ་བྱུང་བ ་རྨ་མ་འབྱིན་པ་ལགས། བཀའ་སྩལ་པ། རྨ་བྱུང་བ་ནི་ཡན་ལག་དང་ཉིང་ལག་ཡོངས་སུ་གཏོང་བའི་ཕྱིར་རོ།། མ་སྨྲས་པར་བྱ་བ་ནི་སེམས་ཀྱིས་སོ།། རྨ་བྱུང་བ་རྣམས ་གསོ་བ་ན་ལྟུང་བ་བྱུང་བ་རྣམས་ཆོས་བཞིན་དུ་བཅོས་སོ།། རྨ་མ་བྱུང་བ་རྨ་བྱུང་བའི་སྲོག་གི་ཕྱིར་ཡང་བསླབ་པ་ལས་འགལ་བར་མི་བྱ་བ་སྟེ། དེ་ནི་ཚུལ་ལོ།། རིགས་ཀྱི་བུ ་དག་དེ་ལྟ་བས་ན་ཉེ་བར་འཚོ་བ་མེད་པར་ཡང་གིས་ཤིག། སེམས་ཅན་ཐམས་ཅད་ཉེ་བར་འཚེ་བར་ཡང་གིས་ཤིག། མ་བསྩགས་པ་རྣམས་ཀྱང་བསྩགས་ཅིག། བསྐུར ་པ་རྣམས་ཀྱང་ཆུད་མ་གསན་ཅིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཉེ་བར་མཚོ་བ་མ་མཆིས་པ་ལགས། ཇི་ལྟར་ན་སེམས ་ཅན་ཐམས་ཅད་ཉེ་བར་མཚོ་བ་ལགས། ཇི་ལྟར་ན་སྐྱུགས་པ་སྩོགས་པ་ལགས། ཇི་ལྟར་ན་སྩལ་བ་ཆུད་མི་གསོན་པ་ལགས་བཀའ་སྩལ་པ། ཉེ་བར་མཚོར་མེད ་པ་ནི་གདུད་དང་མུ་སྟེགས་ཅན་ཐམས་ཅད་ཀྱིས་གླགས་མི་བསྙེད་པའོ།། སེམས་ཅན་ཐམས་ཅད་ཉེ་བར་ཆེ་བ་ནི་དཔག་བསམས་ཀྱི་ཤིང་ལྟ་བུའོ།། མ་སྔགས་པ ་སྔགས་པ་ནི་དགེ་བའི་རྩ་བ་བསྐྱེད་པའི་ཕྱིར་རོ།། བ་སྡུ་ག་པ་ཆུད་མི་གསོན་པ་ནི་དགེ་བའི་སེམས་བསྐྱེས་སོ་ཅོག་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་སྟེ། རིགས་ཀྱི་བུ་དེ་། ་བས་ན་སྟོབས་ཆུང་བར་བགྱིས་ཤིག། རྟེན་མེད་པར་བགྱིས་ཤིག། དཔུང་གཉེན་མེད་པར་ཡང་གིས་ཤོག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས ་དཔའ་རྣམས་སྟོབས་ཆུང་བ་ལགས། ཇི་ལྟར་ན་སྟོབས་དང་ལྡན་པ་ལགས། ཇི་ལྟར་ན་རྟེན་མ་མཆིས་པ་ལགས། ཇི་ལྟར་ན་དཔུང་གཉེན་མ་མཆིས་པ་ལགས། ་བཀའ་སྩལ་པ། སྟོབས་ཆུང་དུ་བྱ་བ་ནི་གནོད་པར་བྱེད་པ་རྣམས་ལ་ལན་མི་བྱའོ།། སྟོབས་དང་ལྡན་པར་བྱ་བ་ནི་ཕན་པར་མི་བྱ་བ་ནི་ཕན་པར་མི་བྱེད་པ་རྣམས་ལ་བཟོད ་པས་ཕན་གདགས་པའོ།། རྟེན་པ་མེད་པར་བྱ་བ་ནི་སོ་སོ་རང་གིས་ཤེས་སོ།། དཔུང་གཉེན་མེད་པར་བྱ་བ་ནི་གཞན་གྱི་དྲིང་མི་འཇོག་པ་སྟེ། དེ་ནི་ཚུལ་ལོ།། རིགས ་ཀྱི་བུ་དག་དེ་ལྟ་བས་ན་དང་བདག་ནི་རྙོག་པ་ཅན་དུ་ཀྱིས་ཤིག། རྙོག་པ་ཅན་དག་ནི་དང་བར་བགྱིད་པ་ལགས། ཇི་ལྟར་ན་རྙོག་པ་མ་མཆིས་པ་ལགས། ཇི་ལྟར་ན་རྟག། ་ཏུ་དང་བ་ལགས། བཀའ་སྩལ་པ། དང་བ་དག་རྙོག་པ་ཅན་དུ་བྱ་བ་ནི་མཉམ་པར་གཞག་པའི་སེམས་ལ་དགེ་བའི་རྩ་བ་དག་གིས་བསྒོ་བའོ།། རྙོག་པ་ཅན་དག་དང ་བར་བྱ་བ་ནི་ཉོན་མོངས་པས་རྙོགས་པའི་སེམས་བྱང་ཆུབ་ཀྱི་སེམས་དང་བར་བྱའོ།། རྙོག་པ་མེད་པར་བྱ་བ་ནི་ཉོན་མོངས་པ་ཐམས་ཅད་བསལ་བའོ།། རྟག་ཏུ་དང་བ ་བྱ་བ་ནི་སེམས་ཅན་ཐམས་ཅད་ལ་སེམས་དང་སྟེ། དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་ལུགས་ལས་བཟློག་པར་འཇུག་པར་ལྔ ་གིས་ཤིག། ལུགས་བཞིན་དུ་སློགས་ཤིག། སྤྲིའུ་ཚུགས་ཀྱི་རྒྱུད་ཀྱང་ཤེས་པར་གྱིས་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས ་ལུགས་ལས་བཟློག་པར་གྱིས་ཤིག། ཇི་ལྟར་ན་ལུགས་བཞིན་དུ་བསླབ་པ་ལགས། ཇི་ལྟར་ན་སྤྱིའུ་ཚུགས་ཀྱི་རྒྱུད་འཚལ་བ་ལགས། བཀའ་སྩལ་པ། ལུགས་ལ ་བཟློག་པར་འཇུག་པ་ནི་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱིས་སྤྱོད་པ་ལས་ཕྱིར་ལོག་པའོ།། ལུགས་བཞིན་དུ་བསླབ་པ་ནི་བྱང་ཆུབ་སེམས་དཔའ་སླབ་པ་ཐམས་ཅད ་ལའོ།། སྤྲིའུ་ཚུགས་ཀྱི་རྒྱུད་ཤེས་པར་བྱ་བ་ནི་འདུ་ཤེས་མེད་མིན་སྐྱེད་མཆེད་ཀྱི་སྙོམས་པར་འཇུག་པ་ལས་ལོག་སྟེ། འདོད་པའི་ཁམས་སུ་སྣང་བར་བྱ་བ་སྟེ།། ་དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་བདུད་རྩི་དང་དུག་དུ་མ་འདྲིས་པར་གྱིས་ཤིག། དུག་མེད་པ་རྣམས་དང་མ་རྟེན་ཅིག། དུག་དང་ལྡན་པ་རྣམས་ལ་བདུད་བརྩིའི ་སྦྱིན་པ་གྱིས་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་དུག་མ་མཆིས་པ་རྣམས་དང་མི་རྟེན་པ་ལགས། ཇི་ལྟར་ན་དུག་དང་ལྡན་པ་རྣམས་ལ་བདུད་བརྩེ ་སྦྱིན་པར་བགྱིས་པ་ལགས། བཀའ་སྩལ་པ། བདུད་བརྩི་ཞེས་བྱ་བ་ནི་བག་ཡོད་པའོ།། དུག་ཅེས་བྱ་བ་ནི་བག་མེད་པ་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་བག་ཡོད་པར ་བྱ་ཤིང་། བག་མེད་པའི་སེམས་མ་འདྲེས་པར་བྱའོ།། དུག་མེད་པ་རྣམས་ཤེས་བྱ་བ་ནི་ཉན་ཐོས་རྣམས་ཏེ་དེ་དག་དང་བསྟན་པར་མི་བྱའོ།། དུག་དང་ལྡན་པ་ཞེས་བྱ་བ་ནི ་སོ་སོའི་སྐྱེ་བོ་རྣམས་ཏེ། དེ་དག་ལ་བདུད་བརྩི་བསྟན་པར་བྱ་བ་སྟེ། དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་མངོན་པར་དགའ་བར་བྱ་བ་ལ་ནི་མངོན་པར་དགའ་བ ་མ་བྱེད་ཅིག། མངོན་པར་དགའ་བར་མི་བྱ་བ་ནི་མངོན་པར་དགའ་བར་གྱིས་ཤིག།། དགའ་བ་དང་འདོད་ཆགས་དང་ལྡན་པར་ཡང་གིས་ཤིག། དགའ་བ་དང་འདོད་ཆགས ་ཡོངས་སུ་བཅད་པར་ཡང་གིས་ཤིག། གསོལ་པ་བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཡོངས་སུ་དགའ་བར་བགྱི་བ་ལ་མངོན་པར་དགའ་བར་མི་བགྱིད ་པ་ལགས། ཇི་ལྟར་ན་མངོན་པར་དགའ་བར་བགྱིད་པ་ལ་མངོན་པར་དགའ་བར་བགྱིད་པ་ལགས། ཇི་ལྟར་ན་དགའ་བ་དང་། འདོད་ཆགས་དང་ལྡན་པ་ལགས། ཇི་ལྟར་ན ་དགའ་བ་དང་འདོད་ཆགས་ཡོངས་སུ་བཅོད་པ་ལགས་བཀའ་སྩལ་པ། མངོན་པར་དགའ་བ་ཞེས་བྱ་བ་ནི་ངར་འཛིན་པ་དང་། ང་ཡིར་འཛིན་པ་སྟེ། དེ་དག་ལ་མངོན་པར་དག ་བར་ནི་བདུད་རྣམས་ཀྱིས་སངས་རྒྱས་ཀྱི་ཡེ་ཤེས་ལ་སྟེ། དེ་ལ་མངོན་པར་དགའ་བར་བྱའོ།། དགའ་བ་དང་འདོད་ཆགས་དང་ལྡན་པར་བྱ་བ་ནི་འཁོར་བ་ན་སྲེད་པ་ནི་བླ་ཡིན་པའོ། ་དགའ་བ་དེང་འདོད་ཆགས་ཡོངས་སུ་བཅད་པ་ནི་འགོག་པ་ཡོངསུ་ཤེས་པར་བྱ་བ། དེ་ནི་ཚུ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་བཅིང་བས་བཅིངས་པར་གྱིས་ཤིག། བཅིང ་པས་བཅིངས་པ་རྣམས་ཀྱིས་ཁྲོལ་ཅིག། གྲོལ་བ་རྣམས་ལའང་བསྙེན་བཀུར་བགྱིས་ཤིག། མ་གྲོལ་བ་རྣམས་ཀྱི་རྗེས་སུ་འབྲང་བར ་གྱིས་ཤིག། གསོལ་བ་བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་བཅིང་བས་བཅིངས་པ་ལགས། ཇི་ལྟར་ན་བཅིངས་པ་རྣམས་འགྲོལ་བ་ལགས། ་ཇི་ལྟར་ན་གྲོལ་བ་རྣམས་ལ་སྙེན་བཀུར་བྱ་བ་ན་ཉན་ཐོས་དང་རང་སངས་རྒྱས་རྣམས་ལའོ།། མ་གྲོལ་བ་རྣམས་ཀྱི་རྗེསུ་འབྲང་བར་བྱ་བ་ནི་བྱིས་པ་སོ་སོའི་སྐྱེ་བོ་རྣམས ་ཡོངས་སུ་སྨིན་པར་བྱ་བ་སྟེ། དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ནི་འདོད་པར་བྱ་བ་རྣམས་ལ་ནི་འདོད་པར་བྱ་བ་ནི་འདོད་པར་གྱིས་ཤིག། འདོད་པར་མི་བྱ་བ ་རྣམས་ལ་ནི་འདོད་པར་མ་བྱེད་ཅིག། འདོད་པ་དང་བྲལ་བར་གྱིས་ཤིག། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་འཚལ་བར་བགྱི་བ་རྣམས་འཚལ ་བར་ལགས། ཇི་ལྟར་ན་འཚལ་བར་མི་བགྱི་བ་རྣམས་མི་འཚལ་བ་ལགས་ཇི་ལྟར་ན་འཚལ་བ་དང་བྲལ་བ་ལགས། བཀའ་སྩལ་པ། བྱང་ཆུབ་སེམས་དཔའི་འདོད་པ། ་མི་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དེ། དེ་དག་ལ་འདོད་པར་མི་བྱའོ།། ལྷ་དང་བཅས་པའི་འཇིག་རྟེན་གྱི་འདོད་པར་བྱ་བ་ནི་སངས་རྒྱས་བཅོམ་ལྡན ་འདས་སྟེ། དེ་དག་ལ་འདོད་པར་བྱའོ།། འདོད་པ་དང་བྲལ་བར་བྱ་བ་ནི་བརྒྱ་བྱིན་དང་། ཚངས་པར་སྤྱོད་པ་ལ་སྟེ། དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན ་ཇི་ཙམ་དུ་ཆུང་བའི་ས་བོན་ལའངས་བསྲེས་ཤིག། ཞིང་ཆད་མེད་པ་ཡང་མོས་པར་འགྱིས་ཞིག། འཐོབ་པ་ཆེན་པོ་ནིམ་སྒྲུབ་ཅིག། གསོལ་པ་བཅོམ་ལྡན་འདས ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཇི་ཙམ་ཆུང་བའི་ས་བོན་ལ་ཡང་བསྡུས་པར་མི་བགྱིད་པ་ལགས། ཇི་ལྟར་ན་ཞིང་ཚད་མ་མཆིས་པ་ལ་ཡོངས་སུ་མོས་པར ་ལགས། ཇི་ལྟར་ན་འཐོབ་པ་ཆེན་པོ་མི་སྒྲུབ་པ་ལགས། བཀའ་སྩལ་པ། ཇི་ཙམ་དུ་ཆུང་བའི་ས་བོན་ཞེས་བྱ་བ་ནི། ཇི་ཙམ་དུ་ཆུང་བའི་དགེ་བའི་རྩ་བ་སྟེ།། དེ་ལ ་སྦས་པར་མི་བྱའོ།། ཞིང་ཚད་མེད་པ་ཡང་མོས་པར་བྱ་བ་ནི་སངས་རྒྱས་ལ་ཕུལ་བའི་སྦྱིན་པ་ཚད་མེད་པ་ལ་མོས་པར་བྱའོ།། འཐོབ་པ་ཆེན་པོ་མི་སྒྲུབ་པ་ནི་སེམས ་ཅན་ཐམས་ཅད་ལ་སྦྱིན་པའི་ཕྱིར་ཏེ། དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན། ཆགས་པ་ཐམས་ཅད་ཁོང་དུ་ཆུང་བར་གྱིས་ཤིག6། ཆགས་པ་ལ་ཞེན་པ ་རྣམས་ལ་ནི་ལྟོས་ཤིག། ཚོགས་པ་མེད་པར་མ་ལྟུང་ཤིག་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཆགས་པ་རྣམས་འཚལ་བ་ལགས། ་ཇི་ལྟར་ན་ཆགས་པ་རྣམས་སྤྱོད་པ་ལགས། ཇི་ལྟར་ཆགས་པ་ལ་ཞེན་པ་རྣམས་ལ་ལྟ་བ་ལགས། ཇི་ལྟར་ན་ཆགས་པ་མ་མཆིས་པ་ཉིད་དུ་མི་ལྟུང་བ་ལགས། ་བཀའ་སྩལ་པ། ཆགས་པ་ཞེས་བྱ་བ་ནི་ཐོགས་པ་དམན་པ་ལ་འདོད་པ་དང་ཁོང་ཁྲོ་བའི་སེམས་ཏེ། དེ་གཉིས་ནི་བྱང་ཆུབ་སེམས་དཔས་བསྲུང་བར་བྱའོ།། ཆགས ་ཆགས་པ་རྣམས་ལ་སྤྱོད་ཅིག ་པ་རྣམས་ལ་སྤྱོད་པ་ནི་འདོད་པ་དང་། གཟུགས་དང་། གཟུགས་མེད་པའི་རྣམས་སུའོ།། ཆགས་པ་མེད་པ་ཉིད་དུ་མི་ལྟུང་བ་ནི་མངོན ་པར་འདུས་བྱས་པ་མེད་པ་སྟེ། དེ་ནི་ཚུ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་ཡང་བར་གྱིས་ཤིག། ཁུར་ཆེན་པོ་ཡང་ཁྱེར་ཅིག། མ་བླངས་པ་ནི་མ་ལན་ཅིག། བླངས ་པ་ནི་ཉམས་འོག་དུ་ཆུད་པར་གྱིས་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཡང་བ་ལགས་ཇི་ལྟར་ན་ཁུར་ཆེན་པོ་ཁྱེར་བ་ལག ་ཇི་ལྟར་ན་མ་བླངས་པ་ནི་མི་ལེན་པ་ལགས། ཇི་ལྟར་ན་བླངས་པ་ཉམས་འོག་དུ་ཆུད་པར་བགྱིད་ལགས། བཀའ་སྩལ་པ། ཡང་དག་པར་བྱ་བ་ནི་ཉོན་མོངས་པ་ཐམས་ཅད ་དོ་ཁུར་ཆེན་པོ་བཀུར་བ་ནི་སེམས་ཅན་ཐམས་ཅད་དོ།། མ་བླངས་མི་ལེན་པ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པའོ།། བླངས་པ་ཉམས་འོག་དུ་ཆུད་པར་བྱ་བ་ནི་ཐེག་པ ་ཆེན་པོ་སྟེ། དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་སྨད་པར་ཡང་གིས་ཤིག། ཉེ་བར་བསྙེན་པར་ཡང་བགྱིས་ཤིག། སྤངས་པར་གྱིས་ཤིག། གསོལ་པ་བཅོམ ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་སྨོད་པ་ལགས། ཇི་ལྟར་ན་སྟོད་པ་ལགས་ཇི་ལྟར་ཉེ་བར་སྤེན་པ་ལགས། ཇི་ལྟར་ན་སྤངས་པ་ལགས། བཀའ ་སྩལ་པ། སྨད་པ་ནི་མི་དགེ་བའི་ཆོས་ཐམས་ཅད་ལ་སྨད་པའོ།། སྟོང་པ་ནི་དགེ་བའི་ཆོས་ཐམས་ཅད་བསྟོད་པའོ།། གཉེན་པ་ནི་འཕགས་པའི་ལམ་མོ།། སྤངས ་བ་ནི་མི་དགེ་བའི་ཕྱོགས་ཀྱི་ལམ་ཐམས་ཅད་དེ། དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་གྲོང་དང་། གྲོང་ཁྱེར་དང་། ཡུལ་དང་། ཕོ་བྲང་འཁོར་དག་ཏུ་ནི་བསམ་ཏན ་གྱི་སྟོབས་སྟོན་ཅིག། མགོན་པ་དང་། བས་མཐའ་རྣམས་སུ་ནི་ཉོན་མོངས་པ་ཆུང་བར་སྟོན་ཅིག། གསོལ་པ་བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔ ་རྣམས་གྲོང་དང་། གྲོང་ཁྱེར་དང་། ཡུལ་འཁོར་དང་། ཕོ་བྲང་འཁོར་རྣམསུ་བསམ་གཏན་གྱི་སྟོབས་སྟོན་པ་ལགས། ཇི་ལྟར་དགོན་པ་དང་། བས་མཐའ་རྣམས ་སུ་ཉོན་མོངས་པ་ཆུང་བར་སྟོན་པ་ལགས། བཀའ་སྩལ་པ། གྲོང་དང་གྲོང་ཁྱེར་དང་། ཡུལ་འཁོར་དང་ཕོ་བྲང་འཁོར་དག་དུ་ཕྱིན་པ། གཟུགས་དང་། སྒྲ་དང་། ་དྲི་དང་། རོ་དང་། རེག་བྱ་རགས་པ་དག་སྣང་བར་འགྱུར་སྟེ། དེ་དག་ནི་བསམ་གཏན་གྱི་སྟོབས་ཀྱི་གནན་པར་བྱའོ།། དགོན་པ་དང་བས་མཐའ་རྣམ་སུ་འདུག ་པའི་ཚེ། ཉོན་མོངས་པ་གང་དག་སྐྱེ་བར་འགྱུར་བ་དེ་དག་ནི་དབེན་པའི་ཡོན་ཏན་གྱིས་གནན་པར་བྱ་སྟེ། དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་ཆུའི་ནང་ན་ལྔ ་འདུག་པར་གྱིས་ཤིག། རྟག་པར་སྐོམ་པར་ཡང་བགྱིས་ཤིག། སྐོམ་པ་ཡང་སོལ་ཅིག། སྒོམ་པ་མེད་པར་ཡང་མ་བྱེད་ཅིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར ་ན་བྱང་ཆུབ་སེམས་དཔའ་རྣམས་ཆབ་ཀྱི་ནང་ན་མཆིས་པ་ལགས། ཇི་ལྟར་ན་རྟག་ཏུ་སྐོམ་པ་ལགས། ཇི་ལྟར་ན་སྐོམ་པ་སྩལ་བ་ལགས། ཇི་ལྟར་ན་བསྒོམ་པ་མ ་མཆིས་པར་མི་བགྱིད་པ་ལགས། བཀའ་སྩལ་པ། ཆུའི་ནང་ན་འདུག་པར་བྱ་བ་ནི་ཆོས་ཀྱི་ཆུ་ལ་གནས་པར་བྱའོ།། རྟག་པར་སྐོམ་པ ་བྱ་བ་ནི་ཆོས་ཀྱིས་བསྒོམ་པར་བྱ་བའོ།། སྐོམ་པ་བསྩལ་བ་ནི་ཆོས་ཀྱི་བྱ་བ་བསྒྲུབ་པའོ།། བསྒོམ་པ་མེད་པར་བྱ་བ་ནི་འདུས་མ་བྱས་སུ་ལྟུང་བར་མི་བྱ་བ་སྟེ། དེ་ནི ་ཚུལ་ལོ།། དེ་རིགས་ཀྱི་བུ་དག་དེ་ལྟ་བས་ན་གཅིག་པུ་གྲོགས་མེད་པར་གྱིས་ཤིག། གཡོག་མང་པོ་དང་ཡང་ལྡན་པར་བགྱིས་ཤིག། གསོལ་པ། བཅོམ་ལྡན་འདས ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་གཅིག་པུ་གྲོགས་མེད་མ་མཆིས་པ་ཡང་བགྱིད་པ་ལགས། ཇི་ལྟར་ན་གཡོག་མང་པོ་དང་འཁོར་མང་པོ་དང་ལྡན་པ་ལགས། བཀའ ་སྩལ་པ། གཅིག་པུ་གྲོགས་མེད་པར་བྱ་བ་ནི་དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་བསྒྲུབ་པ་ལའོ།། གཡོག་མང་པོ་དང་ལྡན་པར་བྱ་བ་ནི་དགེ་བའི་རྩ་བ་དེ་དག་སེམས ་ཅན་ཐམས་ཅད་ཉེས་པར་མཆེ་བར་བྱའོ།། འཁོར་མང་པོ་དང་ལྡན་པར་བྱ་བ་ལ་འཁོར་མང་པོ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ཕྱོགས་འདི་ལྟ་སྟེ། དེ་ནི་ཚུལ་ལོ།། རིགས་ཀྱི་བུ ་དག་དེ་ལྟ་བས་ན་སྒྲོལ་བར་ཡང་གིས་ཤིག། བརྩོན་རར་ཆུད་པར་ཡང་བགྱིས་ཤིག། ཕ་རོལ་ཏུ་ཕྱིན་པར་གྱིས་ཤིག། ཆུ་བོ་ཆེན་པོའི་ནང་ན་འདུག་པར་ཡང་གིས་ཤིག། ་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་སྒྲོལ་བ་ལགས། ཇི་ལྟར་ན་རྩོན་རར་ཆུད་པ་ལགས། ཇི་ལྟར་ན་ཕ་རོལ་ཕྱིན་པ་ལགས། ཇི་ལྟར་ན་ཆུ་བོ་ཆེན་པོའི་ནང་ན་གནས ་པ་ལགས། བཀའ་སྩལ་བ། སྒྲོལ་བར་བྱ་བ་ནི་ཉོན་མོངས་པ་དང་། བདུད་ཀྱིས་བཅིངས་པ་ཐམས་ཅད་ལས་སོ།། བརྩོན་རར་ཆུད་པར་ཡང་བྱ་བ་ནི་བསམས་བཞིན ་དུ་སྐྱེ་བ་རྣམས་སུའོ།། ཕ་རོལ་ཏུ་ཕྱིན་པར་ཡང་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་སྐད་ཤེས་པ་ལའོ།། ཆུ་བོ་ཆེན་པོའི་ནང་ན་གནས་པར་ཡང་བྱ་བ་ནི་ཆུ་བོ་ཆེན་པོ། ་བཞིས་ཁྱེར་བའི་སེམས་ཅན་སྒྲོལ་བའི་ཕྱིར་ཏེ། དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་ཚད་ཡོད་པར་ཡང་སོ་སོར་རྟོག་པར་གྱིས་ཤིག། ཚད་མེད་པར་ཡང ་གནས་པ་ཉིད་དུ་ཁོང་དུ་ཆུད་པར་གྱིས་ཤིག། གསོལ་བ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཚད་མ་མཆིས་པ་ལ་ཡང་སོ་སོར་རྟོགས་པ ་ལགས། ཇི་ལྟར་ཚད་མ་མཆིས་པ་ཡང་མཉམ་པ་ཉིད་དུ་ཁོང་དུ་ཆུད་པར་བགྱིད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དག་དེ་ལྟ་བས ་ཚད་ཡོད་པ་ཞེས་བྱ་བ་ནི་འདུས་བྱས་སོ།། ཚད་མེད་པ་ཞེས་བྱ་བ་ནི་འདུས་མ་བྱས་ཏེ།། དེ་ལ་བྱང་ཆུབ་སེམས་དཔས་འདས་བྱས་ཀྱང་སྤང་བར་མི་བྱའོ།། འདུས་བྱས ་སུ་རྟོགས་པའི་ཉོན་མོངས་པ་རྣམས་དང་ཡང་འགྲོགས་པར་མི་བྱའོ།། འདུས་མ་བྱས་ལ་ཡང་བརྟག་པར་བྱ་སྟེ། སྐྱོན་མེད་པར་ཡང་འཇུག་པར་མི་བྱའོ།། འདུས ་བྱས་དང་འདུས་མ་བྱས་གཅིག་པའི་མཚན་ཉིད་དང་ལྡན་པའི་ཤེས་རབ་ཀྱིས་བྱང་ཆུབ་ཀྱི་སྙིང་པོར་མཉམ་པ་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་པར་བྱ་སྟེ། དེ་ན ་ཚུལ་ལོ།། ཚུལ་གྱི་ཚིག་འདི་དག་བསྟན་པའི་ཚེ། ལྷའི་བུ་བརྒྱ་སྟོང་ནི་བྱང་ཆུབ་ཏུ་སེམས་བསྐྱེས་པར་འགྱུར་ཏོ།། བྱང་ཆུབ་སེམས ་དཔའ་ལྔ་བརྒྱ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་འགྱུར་ཏོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ ་ཆེན་པོས་མང་པོ་དག་དང་ལྷ་དང་མི་དང་ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་སྟོད་དོ།། ་འཕགས་པ་ཆོས་ཀྱི་ཚུལ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། རྫོགས་སོ།། རྒྱ་གར་གྱི་མཁན་པོ་བྲད་ཉེ་བར་མ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དྷེ་ཡེ་ཤེས་སྔོ་ལ་སྲོག ་པས་སྦྱར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། རྒྱ་གར་སྐད་དུ། ཨཱརྱ་ཙ་ཏུར་དྷརྨ་ཀ་སུ་ཏྲ། བོད་སྐད་དུ། འཕགས་པ་ཆོས་བཞི་པོའི ་