| Wylie | e-texts based on the Esukhia Input |
@##། །རྒྱ་གར་སྐད་དུ། བཛྲ་ཀཱི་ལ་ཡ་མཱུ་ལ་ཏནྟྲ་ཁཎྜ། བོད་སྐད་དུ། རྡོ་རྗེ་ཕུར་པ་རྩ་བའི་རྒྱུད་ཀྱི་དུམ་བུ། བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་ལ་ཕྱག་འཚལ་ལོ། །རྡོ་རྗེ་ཁྲོ་བོས་ཞེ་སྡང་གཅོད། །མཚོན་ཆེན་སྔོན་པོ་ཆེར་འབར་བ། །ནམ་མཁའི་དཀྱིལ་དུ་ཐིག་ལེ་ཤར། །སྲོག་གི་སྒོ་རུ ་ཤར་བ་དང་། །སྙིང་གི་དཀྱིལ་དུ་བསྒོམ་པར་བྱ། །སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །གསད་ཅིང་མནན་པ་ཉིད་མིན་ཏེ། །ཕུང་པོའི་རྡོ་རྗེའི་བདག་ཉིད་དེ། །རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། །ོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣན་བཾ་ཧཱུ~ཾ་ཕཊ། དཱིཔྟ་ཙཀྲ་ཧ་ན་ཧ ་ན་ཧཱུ~ཾ་ཕཊ། རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས། །འཁོར་བ་རྡོ་རྗེར་སྒྲུབ་པར་མཛོད། །འཁོར་བ་རྡོ་རྗེ་ཕུར་པའི་ལྷ། །ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །རྡོ་རྗེའི་དེ་ཉིད་རང་བཞིན་ལས། །ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད། །འབར་བའི་ཁྲོ་བོ་མི ་བཟད་པས། །སྐུ་ཡི་གཏེར་དུ་བདག་སྐྱེད་ཅིག་།ཐབས་ཀྱིས་སྤྱོད་པས་སེམས་ཅན་དོན། །བྱམས་དང་སྙིང་རྗེས་གང་འདུལ་བ། །སངས་རྒྱས་འཕྲིན་ལས་རྫོགས་པར་མཛོད། །དབང་དང་བྱིན་རླབས་འདིར་སྩོལ་ཅིག་།ོཾ་བཛྲ་ཀྲོ་དྷ་ཧཱུ~ཾ་ཀ་ར་ཧཱུ~ཾ། གརྫ་གརྫ་ཧཱུ~ཾ་ཕཊ། ཨོཾ་བཛྲ ་ཀྲོ་དྷཱི་དཱི་པ་ཡ་ཏི་ཧཱུ~ཾ། ཨོཾ་བཛྲ་སུ་ཀ་ར་མུ་ཁ་ཧཱུ~ཾ། ཨོཾ་བཛྲ་ཨི་ཥུ་པ་མུ་ཁི་ཧཱུ~ཾ། འདི་ནི་ཁྲོ་བོ་ཆེན་པོ་ཧཱུ~ཾ་མཛད་དང་། རྡོ་རྗེ་ལྷ་མོ་སྒྲ་འབྱིན་དང་། སྤྲུལ་པའི་ལྷ་མོ་ཕྲ་མེན་མ། ཕག་གི་མགོ་ཅན་དང་། རྩངས་པའི་མགོ་ཅན་ནོ། །ོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུ~ཾ། ཧ་ན་ཧ་ན་ཧཱུ~ཾ་ཕཊ། ་ཨོཾ་བཛྲ་ཀྲོ་དྷི་ལཱ་སྱ་ཀི་ཧཱུ~ཾ། ཨོཾ་བཛྲ་བྱཱ་གྷྲ་མུ་ཁ་ཧཱུ~ཾ། ཨོཾ་བཛྲ་གྲྀཌྷ་མུ་ཁི་ཧཱུ~ཾ། འདི་ནི་ཁྲོ་བོ་ཆེན་པོ་རྣམ་པར་རྒྱལ་བ་དང་། རྡོ་རྗེ་ལྷ་མོ་སྒེག་མོ་དང་། སྤྲུལ་པའི་ལྷ་མོ་ཕྲ་མེན་མ་སྟག་གི་མགོ་བོ་ཅན་དང་། བྱ་རྒོད་ཀྱི་མགོ་ཅན་ནོ། །ོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུ~ཾད་ཧ་ད་ཧ་ཧཱུ~ཾ་ཕཊ། ་ཨོཾ་བཛྲ་ཀྲོ་དྷི་ཏཱི་ཏཱ་རུ་ཧཱུ~ཾ། ཨོཾ་བཛྲ་ཙཱ་མ་ར་མུ་ཁ་ཧཱུ~ཾ། ཨོཾ་བཛྲ་ཏཱ་ན་མུ་ཁི་ཧཱུ~ཾ། འདི་ནི་ཁྲོ་བོ་དབྱུག་སྔོན་འཆང་བ་དང་། ལྷ་མོ་རྡོ་རྗེ་སྡེར་མོ་དང་། སྤྲུལ་པའི་ལྷ་མོ་ཕྲ་མེན་མ། གཡག་མགོ་ཅན་དང་། བྱ་རོག་གི་མགོ་ཅན་ནོ། །ོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུ~ཾ་པ་ཙ་པ་ཙ་ཧཱུ~ཾ་ཕཊ། ཨོཾ་བཛྲ ་ཀྲོ་དྷི་ཤྨ་ཤཱན་པ་ཏི་ཧཱུ~ཾ། ཨོཾ་བཛྲ་ཧ་རི་ཎ་མུ་ཁ་ཧཱུ~ཾ། ཨོཾ་བཛྲ་ཨཱུ་ལུ་ཀ་མུ་ཁི་ཧཱུ~ཾ། འདི་ནི་ཁྲོ་བོ་གཤིན་རྗེ་མཐར་བྱེད་དང་། རྡོ་རྗེ་ལྷ་མོ་དུར་ཁྲོད་ཀྱི་བདག་མོ་དང་། སྤྲུལ་པའི་ལྷ་མོ་ཕྲ་མེན་མ་ཀྱི་མགོ་ཅན་དང་། འུག་པའི་མགོ་ཅན་ནོ། །ོཾ་བཛྲ་ཀྲོ་དྷ་ཨཱརྱ་ཨ ་ཙ་ལ་ཧཱུ~ཾ་བནྡྷ་བནྡྷ་ཧཱུ~ཾ་ཕཊ། ཨོཾ་བཛྲ་ཀྲོ་དྷི་མུ་ཧ་ལ་ཧཱུ~ཾ། ཨོཾ་བཛྲ་ཏྱ་ཀི་མུ་ཁ་ཧཱུ~ཾ། ཨོཾ་བཛྲ་པྲེ་ཏ་མུ་ཁི་ཧཱུ~ཾ། འདི་ནི་ཁྲོ་བོ་མི་གཡོ་མགོན་པོ་དང་། རྡོ་རྗེ་ལྷ་མོ་གཏུན་ཁུང་མ་དང་། སྤྲུལ་པའི་ལྷ་མོ་ཕྲ་མེན་མ་གཟིག་གི་མགོ་ཅན་དང་ཁྲའི་མགོ་ཅན་ནོ། །ོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུ~ཾ ་ཧུ་ལུ་ཧུ་ལུ་ཧཱུ~ཾ་ཕཊ། ཨོཾ་བཛྲ་ཀྲོ་དྷི་ཛ་ཡ་ཏི་ཧཱུ~ཾ། ཨོཾ་བཛྲ་བི་ཊཱ་ལ་མུ་ཁ་ཧཱུ~ཾ། ཨོཾ་བཛྲ་པཀྵི་ཏ་མུ་ཁི་ཧཱུ~ཾ། འདི་ནི་ཁྲོ་བོ་རྟ་མགྲིན་དང་། རྡོ་རྗེ་ལྷ་མོ་གཏུམ་མོ་དང་། སྤྲུལ་པའི་ལྷ་མོ་ཕྲ་མེན་མ་བྱི་ལའི་མགོ་ཅན་དང་། པུ་ཤུད་ཀྱི་མགོ་ཅན་ནོ། །ོཾ་བཛྲ་ཀྲོ་དྷ་ཨ་བ་རཱ་ཛི་ཏ་ཧཱུ~ཾ། ཏིཥྛ ་ཏིཥྛ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷི་ས་བྱ་ཏི་ཧཱུ~ཾ། ཨོཾ་བཛྲ་སྲྀཾ་ག་ལ་མུ་ཁ་ཧཱུ~ཾ། ཨོཾ་བཛྲ་པཉྩ་ར་ཎ་མུ་ཁི་ཧཱུ~ཾ། འདི་ནི་ཁྲོ་བོ་གཞན་གྱིས་མི་ཐུབ་པ་དང་། རྡོ་རྗེ་ལྷ་མོ་མདའ་སྙེམས་མ་དང་། སྤྲུལ་པའི་ལྷ་མོ་ཕྲ་མེན་མ་སྤྱང་ཁུའི་མགོ་ཅན་དང་། ཁྲའི་མགོ་ཅན་ནོ། །ོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ ་ལི་ཧཱུ~ཾ་ཙྪིནྡྷ་ཙྪིནྡྷ་ཧཱུ~ཾ་ཕཊ། ཨོཾ་བཛྲ་ཀྲོ་དྷི་ས་བྱ་མི་ཏི་ཧཱུ~ཾ། ཨོཾ་བཛྲ་སིཾ་ཧ་མུ་ཁ་ཧཱུ~ཾ། ཨོཾ་བཛྲ་ཏི་ཏི་ལ་མུ་ཁི་ཧཱུ~ཾ། འདི་ནི་ཁྲོ་བོ་བདུད་རྩི་འཁྱིལ་པ་དང་། རྡོ་རྗེ་ལྷ་མོ་སྒྲ་མཛད་མ་དང་། སྤྲུལ་པའི་ལྷ་མོ་ཕྲ་མེན་མ་སེང་གེའི་མགོ་ཅན་དང་། ཕ་ཝང་གི་མགོ་ཅན་ནོ། །ོཾ་བཛྲ་ཀྲོ་དྷ་ཏྲཻ་ལོ་ཀྱ་བི ་ཛ་ཡ་ཧཱུ~ཾ། བིནྡྷ་བིནྡྷ་ཧཱུ~ཾ་ཕཊ། ཨོཾ་བཛྲ་ཀྲོ་དྷི་མཱ་ར་ཡ་ཧཱུ~ཾ། ཨོཾ་བཛྲ་ར་ཀྵི་ས་མུ་ཁ་ཧཱུ~ཾ། ཨོཾ་བཛྲ་ན་ཀུ་ལ་མུ་ཁི་ཧཱུ~ཾ། འདི་ནི་ཁྲོ་བོ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་དང་། རྡོ་རྗེ་ལྷ་མོ་གསོད་བྱེད་མ་དང་། སྤྲུལ་པའི་ལྷ་མོ་ཕྲ་མེན་མ་དྲེད་ཀྱི་མགོ་ཅན་དང་། སྲེ་མོའི་མགོ་ཅན་ནོ། །ོཾ ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུ~ཾ། སྥོ་ཊ་སྥོ་ཊ་ཧུ~ཾ་ཕཊ། ཨོཾ་བཛྲ་ཀྲོ་དྷི་མུཎྜེ་མཾ་ཧུ~ཾ། ཨོཾ་བཛྲ་རཀྵ་ས་མུ་ཁ་ཧཱུ~ཾ། ཨོཾ་བཛྲ་ཀ་ཤི་ཀ་མུ་ཁི་ཧཱུ~ཾ། འདི་ནི་ཁྲོ་བོ་སྟོབས་པོ་ཆེ་དང་། རྡོ་རྗེ་ལྷ་མོ་རིག་བྱེད་མ་དང་། སྤྲུལ་པའི་ལྷ་མོ་ཕྲ་མེན་མ་དོམ་གྱི་མགོ་ཅན་དང་། བྱི་བའི་མགོ་ཅན་ནོ། །ོཾ་བཛྲ་ཡཀྵ་ས་ད ་ཧཱུ~ཾ་ཛཿ། ཨོཾ་བཛྲ་བྷཻ་ར་བེ་ཧཱུ~ཾ་ཧཱུ~ཾ། ཨོཾ་བཛྲ་ཨ་མྲྀ་ཏ་ཧཱུ~ཾ་བ~ཾ། ཨོཾ་བཛྲ་མ་ར་ཎི་ཧཱུ~ཾ་ཧོཿ། འདི་ནི་ཤར་དུ་པུ་ཤུད་ཀྱི་མགོ་ཅན་དང་། ལྷོར་བྱ་རོག་གི་མགོ་ཅན་དང་། ནུབ་ཏུ་སྲིན་བྱའི་མགོ་ཅན་དང་། བྱང་དུ་ཁྲའི་མགོ་ཅན་ནོ། །འཁོར་བ་ཕུར་བུ་བསྒྲུབ་དོན་དུ། །དབང་དང་བྱིན་རླབས་ཞུ ་བའི་ཕྱིར། །ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། །ཡེ་ཤེས་ཁྲོ་བོ་གཤེགས་ནས་ཀྱང་། །རྟགས་དང་མཚན་མ་བསྟན་པ་དང་། །ཕུར་པའི་དངོས་གྲུབ་སྩལ་དུ་གསོལ། །དམ་ཚིག་ཆེན་པོའི་དུས་ལ་བབ། །སྤྲུལ་པ་ཆེན་པོའི་དུས་ལ་བབ། །ཕོ་ཉ ་ཆེན་པོའི་དུས་ལ་བབ། །བདག་ཉིད་ཆེན་པོའི་དུས་ལ་བབ། །ས་བདག་ཆེན་མོའི་དུས་ལ་བབ། ཁྱི་ཡི་གདོང་ཅན་དུས་ལ་བབ། །བསྒྲལ་བར་བྱ་བའི་དུས་ལ་བབ། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་ནས། །དུས་གསུམ་སངས་རྒྱས་སྲས་བཞིན་དུ། །རིགས་འཛིན ་བདག་ཅག་རྣམས་ལ་ནི། །གནོད་ཅིང་གདུག་པའི་དགྲ་དང་བགེགས། །བདུད་དང་བར་དུ་གཅོད་པ་རྣམས། །ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས། །ཡུད་ཙམ་གྱིས་ནི་དེ་བཀུག་ནས། །མངོན་སྤྱོད་ཚུལ་གྱིས་བསྒྲལ་བ་དང་། །ལུས་ངག་ཕྱེ་མར་མཛད་ནས་ཀྱང་། །སྡུག ་བསྔལ་ཉམས་སུ་མྱོང་བར་མཛོད། །ོཾ་ལ~ཾ་ཧཱུ~ཾ་ལ~ཾ། སྟ~ཾ་བྷ་ན~ཾ་མོ་ཧཾ་གྷཱ་ཏ་ཡ། བྷ་ག་ཝན། ཧྲིཿ་ཥྚིཿབི་ཀྲྀ་ཏ་བཛྲ་ཧཱུཾ་ཀ་ར་ཧཱུ~ཾ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུ~ཾ་བ~ཾ་ཧོ། སརྦ་བི་གྷྣན་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུ~ཾ་ཕཊ། བགེགས་བྱེད་པ་ཡི་བདུད་རྣམས་དང་། །སྡུག་བསྔལ་སེམས་ལ་མཉམ ་སྦྱོར་བ། །ཆེ་གེ་མོ་ཞེས་བྱ་བའི་བདུད། །ཟུང་ཤིག་རྡུངས་ཤིག་རྣམ་པར་ཆིངས། །བཏོགས་ཤིག་གྲོགས་དང་དབྱེ་བར་གྱིས། །རིང་ནས་ཁུག་ལ་སྨྲ་རུ་ཆུག་།ཕོབ་ཅིག་རྣམ་པར་གཟིར་བར་གྱིས། །བདག་གིས་དབང་དུ་བྱས་གྱུར་ནས། །བསྒོ་བའི་བཀའ་ཉན་གུས་པར་གྱིས། ། ་ཧཱུ~ཾ་པ་ར་བིདྱཱ་ཙྪིནྡྷ་ཙྪིནྡྷ་ཧཱུ~ཾ་ཕཊ། བིནྡྷ་བིནྡྷ་ཧཱུ~ཾ་ཕཊ། གྲྀཧྞ་གྲྀཧྞ་ཧཱུཾ་ཕཊ། བནྡྷ་བནྡྷ་ཧཱུ~ཾ་ཕཊ། ཏྲཱ་ཤ་ཡ་ཏྲཱ་ཤ་ཡ་ཧཱུ~ཾ་ཕཊ། ཧ་ས་ཡ་ར་ཧ་ས་ཡ་ར་ཧྲཱིཿདཎྜ་ཧཱུ~ཾ་ཕཊ། ཤཱི་གྷྲཾ་ཨཱ་ན་ཡ་ཧཱུ~ཾ་ཕཊ། ཛྭ་ལཱ་པ་ཡ། ཛྭ་ལཱ་པ་ཡ་ཧཱུཾ་ཕཊ། ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཧཱུ~ཾ་ཕཊ། བིནྡྷ་ཡ་བིནྡྷ་ཡ་ཧཱུ~ཾ་ཕཊ། ་ཕོ་ཉ་བྲན་དང་མངག་པའི་ཚོགས། །ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། །མངོན་སྤྱོད་ཇི་ལྟར་ངེས་པ་དང་། །མངོན་སྤྱོད་བྱིན་རླབས་དེ་བཞིན་མཛོད། །ཧ་ན་ཧ་ན་བཛྲ། ད་ཧ་ད་ཧ་བཛྲ། པ་ཙ་པ་ཙ་བཛྲ། མ་ཐཱ་མ་ཐཱ་བཛྲ། ཛྭ་ལ་ཛྭ་ལ་བཛྲ། སུ་རུ་སུ་རུ་བཛྲ། མུ་རུ་མུ་རུ ་བཛྲ། ཀ་ཊ་ཀ་ཊ་ཡེ། ཛ་ཡེ་བི་ཛ་ཡེ། ཨ་ཛི་ཏེ་ཨ་པ་རཱ་ཛི་ཏེ། མཱ་ར་སེ་ནྱ་པྲ་མརྡ་ནི་ཧཱུ~ཾ་ཕཊ། རྡོ་རྗེ་གསང་བའི་བཀའ་ལུང་གིས། །སྡིག་ཅན་གང་ཞིག་འདའ་བྱེད་པ། །སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས། །མགོ་བོ་ཚལ་པ་བརྒྱ་རུ་གྱིས། །ཉོན་ཅིག་བགེགས་དང་ལོག་འདྲེན་རྣམས། ། ་ང་ཡི་བཀའ་ལས་འདའ་མ་བྱེད། །ཧཱུ~ཾ་མ་མ་བ་ཤཱཾ་ཀུ་རུ། གདུག་ཅིང་སྡང་སེམས་ལྡན་པ་རྣམས། །སོང་ཤིག་ལྷ་མིན་ལྷ་ཡང་རུང་། །ང་ལ་བར་ཆོད་བྱེད་པའི་བདུད། །མཐུ་དང་རྫུ་འཕྲུལ་མེད་པར་མཛོད། །སརྦ་ཨཱ་ན་ཡ་ཧཱུ~ཾ་ཕཊ། ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུ~ཾ་ཕཊ། རྡུངས་ཤིག་རྡོ་རྗེ ་འབར་བའི་གཏུན། །བཀའ་ལས་འདའ་བྱེད་སྡིག་ཅན་རྣམས། །རྡོ་རྗེ་མེ་ཡིས་སྙིང་བསྲེགས་ནས། །ལུས་སེམས་རྡུལ་བཞིན་བརླག་པར་མཛོད། །ཁྲོ་མོ་འབར་བའི་གཏུན་ཁུང་དུ། །རྡོ་རྗེ་ཐོ་བས་བརྡུངས་བྱས་ནས། །ལྷ་ཡང་རུང་སྟེ་བསྒྲལ་བར་བྱ། །ཁ་ཏཾ་ཁ་ཏཾ་ཁ་ཏཾ། ་ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ། ཕཊ་ཕཊ་ཕཊ། བཛྲ་ཡཀྵ་ཀྲོ་དྷ་ཁ་ཁ། ཁཱ་ཧི་ཁཱ་ཧི། ཧ་ཧ། ཧཱུ~ཾ་ཧཱུ~ཾ། ཕཊ་ཕཊ། ཆོས་ཉིད་ཀྱི་བདེན་པའོ། །གསང་སྔགས་ཀྱི་བྱིན་གྱི་རླབས་ཀྱིས་བྱིན་གྱིས་བརླབས་སོ། །སངས་རྒྱས་ཀྱི་བྱིན་གྱིས་རླབས་ཀྱིས་མཐུར་འགྱུར་རོ། །བརྣག་པ་དེ་ཁོ་ན་ཉིད་དོ། །ཀཱི་ལ་ཡ་ལན་ཉི་ཤུ་རྩ ་གཅིག་བཟླས་སོ། །ཀཱི་ལ་ཡ་བརྒྱད་བཟླས་ནས་སྙིང་དཀར་ནག་གི་མཚམས་སུའོ། །ཧཱུ~ཾ་ཧཱུ~ཾ་ཧཱུཾ། ཧོ་ཧོ་ཧོ། ཕཊ་ཕཊ་ཕཊ། འདི་བརྗོད་པར་བྱའོ། །རྡོ་རྗེ་ཕུར་པ་རྩ་བའི་རྒྱུད་ཀྱི་དུམ་བུ། སློབ་དཔོན་པདྨ་འབྱུང་གནས་དངོས་ཀྱི་རྒྱ་དཔེ་དང་མཐུན་པར། དཔལ་ལྡན་ས་སྐྱ་པཎྜི་ཏས། ་གཡས་རུའི་སའི་ཆ། ཤངས་ཀྱི་སྲེག་ཞིང་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། @##། །རྒྱ་གར་སྐད་དུ། མ་ཧཱ་ཀཱ་ལ་ཏནྟྲ་རཱ་ཛ་ནཱ་མ། བོད་སྐད་དུ། ནག་པོ་ཆེན་པོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ། དཔལ་ནག་པོ་ཆེན་པོ་ལ་ཕྱག ་