| Wylie | e-texts produced with BDRC’s OCR application |
བརྟན་པ་མི་བྱང་དང་། དན་སློང་དང་རིགས་ཀྱི་བུ་མཁས་པས་བདག་ན་ཕྱུག་པ། ནོར་མངབ། ཡོ་བྱད་ཕུན་སུམ་ཚོགས་པའོ་སྙམ་དུ་ཇི་སྲིད་འཚོའི་བར་དུ་ཡིད་བརྟན་པར ་འཇོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་གསུངས་ནས་སྟོན་པས་གཞན་ཡང་འདི་སྐད་བཀའ་སྩལ་ཏོ།། བུད་མེད་བརྟེན་དུ་གས་སུ།། རྒྱལ་བའི་ཕོ་ཟང། ་ལ་དགའ།། དབུ་བའི་སྙིང་པོ་ཀ་ལ་ཡོད།། ལོངས་སྤྱོད་རྟག་པ་གལ་ཡིན།། ལོངས་སྤྱོད་དག་ནི་འབབ་ཆུ་བཞིན།། བུ་ཅེ་འདྲ་བར་ཁྱིམ་དེ་འདྲ།། མེ་ཏོག་ནི་འདྲག་ཟུགས་དེ་བཞིན།། སྲོག་ནི་ཆུ་བུར་འདྲ ་ཡིན།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་བར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས ་པ་ལ་མངོན་པར་བསྟོད་དོ།། ཆོས་བཞི་པའི་མདོ་རྫོགས་སོ།། རྒྱུ་གར་སྐད་དུ། ཨཱརྱཱ་ན་ཏུར་དྷ་ཀ་ནཱ་མ་མ་ཧཱ་ན་སྱཱ་རྠ། བོད་སྐད་དུ། འཕགས་པ་ཆོས་བཞི་པ་ཞེས་བྱ་བ་ཐེག་པ་ཆེན་པོ ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས ་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་དང་ཡང་ཐབས་ཅིག་གོ།། དེ་ནས ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་བཞི་པ་འདི་དག་འི་སྲིད་འཚེའི་བར་དུ་སྲོག་གི་ཕྱིར་ཡང་ཡོངས་སུ་མ་གཏོང་།། ་ཏུ་མང་དཔའ་སེམས་དའན་བྱང་དུ་ཆུ་མ་ཕྲོགས་ཀྱང་ཡང་ས་པ་དང་། དག་སློང་དག་ཀྱང་ཆུབ་སེམས་པ ་སེམས་དཔའ་ཆེན་པོས་ཇི་སྲིད་འཚེའི་བར་དུ་དགེ་བའི་བཤེས་གཉེན་སྲོག་གི་ཕྱིར་ཡང་ལོངས་སུ་མི་བཏང་བ་དང་། དགེ་སློང་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་སྲིད་འཚོའི་བར་དུ་བར ་པ་དང་ངེས་པ་སྲོག་གི་ཕྱིར་ཡང་ཡོངས་སུ་མི་གཏང་བ་དང་། དགེ་སློང་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འི་སྲིད་འཚོར་བར་དུ་དགོན་པ་ལ་གནས་པ་སྲོག་གི་ཕྱིར་ཡང་ཡོངས་སུ་གཏང་བ ་མི་བྱ་སྟེ། དགེ་སློང་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་སྲིད་འི་ཚོའི་བར་དུ་ཆོས་བནི་པོ་འདི་དག་སྲོག་གི་ཕྱིར་ཡང་ཡོངས་སུ་གཏང་བར་མི་བྱའོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་པ ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་གསུངས་ནས། སྟོན་པས་གཞན་ཡང་འདི་སྐད་བཀའ་སྩལ་ཏོ།། ཐམས་ཅད་མཁྱེན་ཞིང་སེམས་ནི་མི་གཏོང་ཞིང་།། མཁས་པས་རྫོགས་པའི་བྱང་ཆུབ་སེམས ་སྙེད་ཅིག། བཟོད་པ་དེས་པའི་སྟོབས་ལ་རབ་གནས་ཏེ།། དགེ་བའི་བཤེས་གཉེན་ཡོངས་སུ་གཏང་མི་བྱ།། རི་དགས་རྒྱལ་པོ་བཞིན་དུ་འཇིགས་སྤངས་ཏེ།། མཁས་པས་དཀོན་གནས་རྟག་ཏུ་བསྟེན་པར་བྱ ་ཆོས་འདི་དག་ལ་རྟག་ཏུ་རབ་གནས་ན།། བདུད་རྣམས་བཅོམ་ནས་བྱང་ཆུབ་དེ་འཚང་རྒྱ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་དང་། བྱང་ཆུབ་སེམས་དཔའ་ང་དག་ད ་ཐམས་ཅད་དང་ལྡན་པའི་འཁོར་དེ་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་ཆོས་བདེ་བ་ནས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། ་