| Wylie | e-texts produced with BDRC’s OCR application |
བསྒྱུར་ཅིང་ཞུས་ཏེ། སྐད་གསར་བཅད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ།། ་སྙིང་པོ་ཞེས་བྱ་བའི་གཟུངས་ཀྱི་ཆོས་ཀྱི་རྣམ་གྲངས། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན ་འདས་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཆོས་ཀྱི་དབྱེ་དགོན་པ་རིན་པོ་ཆེ་བཀོད་པའི་འཁོར་གྱི་ཁྱམས། ཡེ་ཤེས་ཀྱི་རྣམ་པར་དཔྱད་པ། སྔོན་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པ ་སེམས་ཅན་ཐམས་ཅད་ཀྱིས་མངོན་པར་བསྟོད་པ། བྱང་ཆུབ་སེམས་དཔའ་ཆེན་པོའི་གནས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་རྗེས་སུ་སྤྱོད་པ་ཀུན་ནས། ་འོད་ཀྱི་ཁུང་བཟུངས་ཀྱི་དབུས་ན་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་ཐམས་ཅད་ཀྱང་འཇིག་རྟེན་གྱི་ཁམས་ཐ་དད་པ་ནས་ལུང་བསྟན་པ། ཐམས་ཅད་ཀྱང་འཇིག་རྟེན་གྱི་ཁམས ་ཐ་དད་པ་ནས་འདུས་པ། ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་ཆོས་ཀྱི་རྒྱལ་པོའི་སྲས། ཐམས་ཅད་ཀྱང་གཟུངས་དང་ཏིང་ངེ་འཛིན་སྣ་ཚོགས་པ་ཤ་སྟག་གིས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས ་བས་གཅིག་ཏུ་བཞུགས་ཏེ་ཆོས་སྟོན་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའི་འཁོར་རྒྱ་ཆེན་པོ་ལ་བཀའ་སྩལ་པ། རིགས་ཀྱི་དྲུག་སྐྱེ་བོ་མང་པོ་ལ་ཕན་པ་དང་། ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་ཐུགས་བརྩེ་བ་དང་། ལྷ་དང་མི་ཡི་སྐྱེ་བོ་ཕལ་པོ་ཆེའི་དོན་དང་། ཕན་པ་དང་། བདེ་བའི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ས ་། རྒྱས་གཎྜཱི་ཀླུང་གིས་བྱེ་མ་སྙེད་ཀྱིས་གསུངས་པ་སངས་རྒྱས་ཀྱི་སྙིང་པོ་ཞེས་བྱ་བའི་གཟུངས་ཀྱི་ཆོས་ཀྱི་རྣམ་གྲངས་ཡོད་དོ།། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལ་སངས་རྒྱས་ཀྱི་སྙིང་པོ་ཞེས་བྱ ་བའི་གཟུངས་ཀྱི་ཆོས་ཀྱི་རྣམ་གྲངས་འདི་འཆང་ངམ། འཛིན་ཏམ། ཀློག་གམ། ཀུན་ཆུབ་པར་བྱེད་དམ། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ཏམ། དད་དམ། ལྷག་པའི་བསམས ་པས་མོས་པར་བྱེད་ན། དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར། ཆོས་ཐམས་ཅད་འཛིན་པ་དང་མི་འབྲལ་བར་འགྱུར། སངས་རྒྱས་བཅོམ་ལྡན་འདས ་དདང་མི་འབྲལ་བར་འགྱུར། དེ་བཞིན་གཤེགས་པ་ལ་ལྟ་བ་དང་། བསྙེན་བཀུར་བྱེད་པ་དང་མི་འབྲལ་བར་འགྱུར། ཆོས་ཉན་པ་དང་མི་འབྲལ་བར་འགྱུར། དགེ་འདུན་པ་རིམ་གྲོ་བྱེད་པ་དང་མི་ལ ་བར་འགྱུར། བསྐལ་པ་སྟོང་དུ་འཁར་བའི་སྲིད་པའི་རྒྱ་མཚོ་ཕྱིར་བསྲེལ་བར་འགྱུར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ཚེ་རབས་དུ ་འགྱུར། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར། དེ་ལ་འབྱུང་བའི་ཚོགས་ཐམས་ཅད་བསྲུང་བར་འགྱུར། ལྷ་དང་། ཀླུ་དང་། གནོད ་དྲི་བ་དང་། ལ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྷོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་ཐམས་ཅད་དགའ་བར་འགྱུར། དེའི་ལུས་ལ་ནད་ཀྱིས་མི་ཚོགས་པ ་ཕ་རོལ་གྱི་གནོད་པས་འཆི་བའི་དུས་བྱེད་པར་མི་འགྱུར། ཆད་པ་སྤང་བ་དང་། མཚོན་ཆ་སྤང་བ་དང་། དུག་བཅིལ་ནས་འཆི་བའི་དུས་བྱེད་པར་མི་འགྱུར། དེ་ལ་བདུད་སྡིག ་ཅན་གྱིས་ཀླགས་རྙེད་པར་མི་འགྱུར། བདུད་ཀྱི་རིས་ཀྱི་ལྷ་རྣམས་ཀྱིས་སྐསུ་རྙེད་པར་མི་འགྱུར་ཏེ། གང་དུ་ཡི་ལ་བྱས་པ་དང་བདུད་ཀྱི་རིས་ཀྱི་ལྷ་དེ་དག་ཐམས་ཅད་སྐྲག་ཅིང་དངངལ་དང་བར ་འགྱུ་ཞིང་ཕྱོགས་བཅུར་འབྱོས་པར་གྱུར་རོ།། སྤེལ་འདི་དག་སངས་རྒྱས་ཀྱི་ཆེན་གོ།། སངས་རྒྱས་ཀྱི་ཚིག་ཆེན་པོའོ།། སངས་རྒྱས་ཀྱིས་ན་རྟེན་།། སངས་རྒྱས་ཐམས་ཅད་ཀྱི ་ཨནུམ་ཏེ། སསརྦདྡྷ། ཨ་ནུ་ཛྙཱན་ཏེ། བུདྡྷ། བུདྡྷ། བུཿ། པྲདྡྷ། པྲཿ། ཙྪ། བུདྡྷ། བུདྡྷ། བྲཱདྡྷཾ། བུདྡྷ། སངས་རྒྱས་ཀྱི་ཡུལ་མཐའ་ཡས་ཏེ། ཆོས་བསྟན་པ་ཡང་མཐའ་ཡས་ཡོད་ཀྱི ་གཅིག་ཏུ་ཡིད་ལ་བྱ་བ་ནི་མདོར་ནི་བསྒོམ་པའོ།། གཟུངས་འདོན་སེམས་ཅན་རྣམས་ལ་ཐུགས་བརྫི་བའི་ཕྱིར་སངས་རྒྱས་ཐམས་ཅད་གསུངས་པ་ཏེ། ཆོས་ཐམས་ཅད་ཀྱི་ཕྱག་རྒྱ་ཡིན་ནོ།། ཏཱཏྲ། ་། སུ་ཤུདྡྷེ། སཱུ་ཤུདྡྷེ།། ཤོ་དྷ་ནི་སང་གདུན་ཀོ་ནི། ནིམ་ལེ། མེ་ལ་ས་འགྲིཿ། གཏེས་མཱ་ཏཱིཿནྟི། ཀྲ་མེས་མས་རེ། ས་རཱ་ས་ར་པ་རི་ཨུ་ཤོ་ཀེ། བི་ཤོ།། ཤོ་ཀ་ཤ་མ་ན། ་ཨུ་པ~ཾ་ཤྭནྟེ། པྲྀ་ཤཱནྟ། ཨོཾ་བ་ཐཱ་ས། སརྦ་པུཎྱེ་བ་རི་མ་ཏི་ཏེ། སརྦ་དྷརྨ་མ་ཏི་མནྟི་ཏེ། ཧ་ར་ཧ་ར། མ་ལ་དཱ་ར། ཙ་ར་ཙ་ར། སཾ་ཙ་ར། ཙ་ལཚལ། སཾ་རྩ་ལ། ཏ་ལ་ཏ་ལ། མ་ཏ་ལ་ར་མ་ཏ། ་རཱི་ཎེ། བུ་རི་ཎེ། ས་མ་རི་ཎེ། རི་ཎེ་མ་ཏི་ལོག་། ལོག་རྟེ་ནེ། དྷ་ར་དྷ་ར། ཌ་ར་ཌཱ་ར། རོདྷ་རོ་དྷི། མཧཱ་བི་ཛ་ཡ། བཱ་ཏི་ནི། ཧ་ན་ཧ་ན། སརྦ་པྲནྟེ། པྲེ་ཤི། ཏྲ་སི། སརྦཛྙཱ་བ་། ་བཱ་ར་མི་ཏི། མཧཱ་པྲཱ་ཏིཥྛཱ་ན་ས~ཾ་བྷཱནྡེ། སྭཱ་སན། ཨཱ་ལོ་ཀེ་པཱུཏྟེ། བི་ཥ་ཡ། པྲདྡྷ། པྲ་ཏི་མཎྜི་ཏེ། བྷ་ག་བ་ཏེ་ས་ར་ས་ར། བྲས་པ་པྲས་པ། བི་སར། བིས་རྱཱ། པྲ་ས་ར་སརྦ་ཤློ་ཀ་ཨོཾ་བ་གཏྟ ་སྙིང་པོའི་གཟུངས་ཀྱི་ཆོས་ཀྱི་རྣམ་གྲངས་འདི་བཤད་མ་ཐག་ཏུ་རི་དང་གནས་སུ་བཅས་པ་དང་། ཚལ་རྣམ་པ་དྲུག་ཏུ་གཡོས། སྟོང་གསུམ་གྱི་སྟོང་ཆེན་པོའི ་རྟེན་གྱི་ཁམས་ཀྱིས་ཡང་གཡོས་སོ།། རབ་ཏུ་གཡོས་སོ།། ཀུན་ཏུ་རབ་ཏུ་གཡོས་སོ།། རྒྱ་མཚོ་ཆེན་པོ་ཡང་འཁྲུགས། རབ་ཏུ་འཁྲུགས། ཀུན་ཏུ་རབ་ཏུ་འཁྲུགས་སོ།། ་སྡིག་ཅིང་འགུལ་ཏོ།། བདུད་ཀྱི་གནས་ཐམས་ཅད་སྐྲག་ནས། བདུད་ཀྱི་རིས་ཀྱི་ལྷ་རྣམས་དང་། བདུད་སྡིག་ཅན་རྣམས་ཤིན་ཏུ་སྡུག་བསྔལ་ཡིད་མི་བདེ་བར་གྱུར་ཉམ་ཐག་གོ།། སེམས་ཅ ་དེདག་པ་ཆེན་པོ་གཡོས་པར་མཐོང་བ་དེ་དག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང ་རྫོགས་པའི་སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་ཆེད་དུ་བརྗོད་པ་ལན་གསུམ་དུ་བརྗོད་དོ།། ལྷ་གང་དག་སངས་རྒྱས་ལ་མངོན་པར་དད་པ་དེ་དག་གིས་ལྷའི་མེ་ཏོག་མཱན་དཱ་ར་བ་དང་། མཱན་དཱ་ར ་སོས་བམམ་ལྡན་འདས་ལ་གཏོར། མངོན་པར་གཏོར་ནས། གང་དག་སངས་རྒྱས་ལ་སྐྱབས་སུ་དང་པ་དེ་དག་མམས་ཅད་རབ་ཏུ་དགའ་བ་སྐྱེས་སོ།། དེ་ལ་འདི་སད་ཅེས་བྱ་སྟེ། ཤཱཀྱས་གེ་ཡང་དས ་པ་ཡི།། སངས་རྒྱས་སྒྲུབ་པས་སྐད་ཅིག་ཡུད་གང་ལ།། སངས་རྒྱས་ཐམས་ཅད་ཀྱི་ནི་སྙིང་པོ་ཡི།། གཟུངས་འདི་དག་ནི་རབ་ཏུ་བཤད་པ་ཡི།། སྐད་ཅིག་ཡུད་དེར་ས་ཡང་རྣམ་དྲུག ་གཡོས།། རྒྱ་མཚོ་འཁྲུགས་ཤིང་བདུད་ཀྱི་གནས་ཀུན་ཀྱང་།། རབ་ཏུ་གཡོས་ནས་བདུད་ཀྱི་རིས་རྣམས་ཀྱི།། ལྷ་དག་རབ་ཏུ་དངངས་ཤིང་འཁྲུགས་པར་འགྱུར།། བདུད་ཡིད་མི་བདེ་སྡུག་བསྔལ་མྱ ་དྲན་ནོནོ།། དེ་ཚེ་ལྷ་རྣམས་ངོ་མཚར་རབ་ཐོས་ནས།། འཇིག་རྟེན་མ་གོན་ལ་མཆོད་པ་བྱ་བའི་ཕྱིར།། ནམམ་ཁར་གནས་ནས་མེ་ཏོག་མན་དཱ་འབྱོར།། གང་དུ། སངས་རྒྱས་མངོན་དང་གིཞན་རྣམས ་སེམ་དོ་དང་དོ་ཤལ་སྤོས་རྣམས་དང་།། ཕྱེ་མ་དག་དང་ཐུགས་པ་གོས་རྣམས་དང་།། རྒྱན་དང་དཔུང་རྒྱན་དག་ཀྱང་རབ་ཏུ་འབུལ།། བརྒྱད་པོ་འདི་དག་ནི་དེའི་ཡོན་ཏན་གྱི་ཕན་ཡོན་གྱི་རྒྱུན་དུ་འགྱུར ་པའོ།། བརྒྱད་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་ཀྱི་སེམས་མི་བརྗེད་པའི་རྒྱན་དང་། ཐོས་པ་ཐམས་ཅད་ཡོངས་སུ་ཚོལ་བས་མི་ངོམས་པའི་རྒྱན་དང་། ཆོས་རབ་མོ་རྣམ་པར་ངེས་པ་རྟེན་ཅིང་འབྲེལ ་བར་འབྱུང་བའི་རྒྱན་དང་།། སེམས་ཅན་ཐམས་ཅད་ཀྱི་དབང་པོ་མཆོག་དང་མཆོག་མ་ཡིན་པ་ཤེས་པའི་རྒྱན་དང་། ཇི་ལྟར་ཐོས་པ་དང་ཇི་ལྟར་ཁོང་དུ་ཆུད་པའི་ཆོས་རྣམས་ལ་ཚུལ་བཞིན་སོས ་ཅིང་དཔྱོད་པའི་རྒྱན་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཆོས་ཐམས་ཅད་མི་དམིགས་པའི་རྒྱན་དང་། རྒྱན་དེ་ཡང་སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱིས་ཐབས་ལ ་མཁས་པའི་རྒྱན་དང་། གཟུངས་ཐོབ་པའི་རྒྱན་ཏེ། བརྒྱད་པ་དོ་དག་ན་དེའི་ཡོན་ཏན་གྱི་བན་ལོན་གྱི་རྒྱན་དུ་འགྱུར་རོ།། གཟུངས་འདི་རྟག་པར་ཀུན་དུ་ཡིད་ལ་བྱའོ།། སངས་རྒྱས་རྗེས་སུ་དྲན་པ་བསྒོ ་བབྱའོ།། གཟུངས་ཀྱི་གཞི་འདི་རྣམས་ཡིད་ལ་བྱས་ན་ལས་ཀྱི་སྒྲིབ་པ་ཐམས་ཅད་ཡོངས་སུ་བྱང་བར་འགྱུར་རོ།། པད་མ་རྣམ་པར་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཀྱང་ཐོབ་པ།། ནད་ཐམས་ཅད་དང་། ན ་ཐམས་ཅད་ལ་ལག་པས་ཁྱབ་པར་བྱའོ།། བཟླས་བརྗོད་ཀྱང་དཔག་ཏུ་མེད་པར་བྱའོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེདདག་དང ་པོས་ཆེན་པོ་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་བར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་སངས་རྒྱས་ཀྱི་སྙིང ་ཞེས་བྱ་བའི་གཟུངས་ཀྱི་ཆོས་ཀྱི་རྣམ་གྲངས་རྫོགས་སྷོ།། ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། རཱ་ན་ཤཱི་ལ་དང་། ཤུ་ཆེན་གྱི་ལོ་ནྱཱ་ཕ་བ་ན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ། སྐད་གསར་ཆད་ཀྱིས་ཀྱང ་བཅོས་ནས་གཏན་ལ་ཕབ་པ། @#།། རྒྱ་གར་སྐད་དུ། ཨཱརྱ་སརྦ་བུདྡྷ་ཨངྒ་བ་ཏི་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་སངས་རྒྱས་ཐམས་ཅད་ཀྱི་ཡན་ལག་དང་ལྡན་པ་ཞེས་བྱ་བའི་གཟུངགས ་