| Wylie | e-texts produced with BDRC’s OCR application |
། ཡང་ལྕགས་ལྔའི་རང་བཞིན་གྱི་རལ་གྲིལ་བཟླས་པ་འབུམ་བྱས་ཏེ་ལག་པ་གཡས་པར་བཅངས་ན་ཡིད་ཀྱིས་འགྲོ་བ་དང་། འདོད་པའི་གཟུགས་འཛིན་པ་དང་། སྟོབས་ཆེ་ཞིང་གཞན་གནོན་པ་དང་། སེམྲ ་ཐས་ཡང་ཅི་གཅིག་ཏུ་དྲེན་པ་པོར་དགྱུར་ནས་ལྡན་པ་ཆེན་པ་མཆོག་མེད་པགས་མེད་པར་འགྱུར་རོ།། སྣརུ་པ་དང་། འཁོང་མེད། རྗེ་གསུམ་ལ་སོགས་པ་ལ་ཡང་བསྒྲུབ་པར་བྱའོ།། དེ་ཀྱང་པན ་སུ་མེད་པའི་གཟུངས་ཆེན་མོད་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོར་གྱུར་པ་མཆོག་ཏུ་རྙེད་པར་དཀའ་བ་འདི་ཇི་ལྷ་ཇི་ལུང་སྦྱར་བ་དེ་ལྟ་དེ་ལྟར་ལས་འགྲུབ་པར་བྱེད་དོ།། གང་ཡང་དེ་བཞིན་གཤེགས ་ཅད་ཀྱི་གཙུག་ཏོར་རྣམ་པར་རྒྱལ་བ་ཞེས་བྱ་བའི་གཟུངས་འདི་ཉི་མ་རེ་རེལ་དུས་གསུམ་དུ་ལན་ཉི་ཤུ་རྩ་གཅིག་བཟླས་པ་བྱ་ཞིང་། མཆོད་རྟེན་ཆེན་པོར་བྱས་ཏེ་ཡང་དག་པར་བཅངས་ལ་གཞན་ལ ་ཆེར་གསལ་བར་བྱས་ན། དེ་སྐྱིད་པ་འཐོབ་ཅིང་སྟོབས་དང་ལྡན་པ་དང་། ནད་མེད་པ་དང་། མོ་བརྒྱ་ཐུབ་པ་དང་། ཟློན་པ་དང་། སྐྱེ་བ་རྦད་པར་འགྱུར་རོ།། གང་གི་ཚེ་འཆི་བའི་དུས་བྱས་པ ་ཐུན་པ་འཛེས་པ་དང་འདྲ་བར་འང་གི་སུ་མཐོར་ཏེ་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བར་འགྱུར་རོ།། དབུལ་བའི་སྤྱན་བུག་ཏུ་ཡང་ཐོས་པར་མི་འགྱུར་ན་འབྲས་བུ་སྨིན་པར་ལྟ་ཡང ་གྲཝལ་འགྱུར། གང་དང་གང་དུ་སྐྱེས་པ་དེ་དའདྲེན་སྐྱེ་བ་དྲན་པར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་། ལྷ་ད ་མི་དང་། ལཱ་མ་ཡིན་དང་། དྲི་ཟིར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། ་རྣམ་པར་རྒྱལ་བ་ཞེས་བྱ་བའི་གཟུངས་རྟོག་པ་དང་བཅས་པ་རྫོགས་སྷོ།། པཎྜི་ཧ་ཆོས་ཀྱི་སྡེ་དང་།། ཁམས་པ་ལོ་ནུ་བ་དགེ་སློང་བ་རིས་བསྐུར་ཅིང་ནུས་ཏེ། གཏན་ལ་ཕབ་པའོ།། རྒྱ་གར་སྐད་དུ། ་སརྦ་ཏ་ཐཱ་ག་ཏོཥྞཱི་ཥ་བི་ཛ་ཡ་ནཱ་མ་དྷཱ་ར་ཎཱི་ཀལྤ། བོད་སྐད་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་རྣམ་པར་རྒྱལ་མའི་གཟུངས་ཞེས་བྱ་བའི་རྟོག་པ། གཙུག་ཏོ། ་འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་བདེ་བ་ཅན་ན་བཞུགས་སོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚོད་པག་མེད་ཆོས་ཡང ་པར་སྡུད་པའི་ཕུག་ཆེན་པོའི་ཁང་བཟང་ནི་ཚལ་བདེ་བ་ལ་ཉེ་བར་བཞུགས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ་རིགས་ཀྱི་བུ་སེམས་ཅན་སྡུག་བསྔལ་དང་ནད་སྣ་ཚོགས་ཀྱིས་ཡོངས་སུ་གཟིར་ཅིང་ཚེ་ཐུང་བ་ཡོད་དེ། དེ་རྣམས་ཀྱི་དོན་དུ་ཚེ་རིང་བར་ཉེ་བར་བསྒྲུབ་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད ་གཙུག་ཏོར་རྣམ་པར་རྒྱལ་མ་ཞེས་བྱ་བའི་གཟུངས་འདི་གཟུང་བར་བྱ། གནན་རྣམས་ལ་རྒྱ་ཆེར་ཡང་དག་པར་བསྟན་པར་བྱའོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ ་སྨན་རས་གཟིགས་དབང་ཕྱུག་སྟན་ལས་ལངས་ཏེ་ཐལ་མོ་སྦྱར་བར་གྱུར་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག ་རྣམ་པར་རྒྱལ་མ་ཞེས་བྱ་བའི་གཟུངས་བསྟན་དུ་གསསོ། བདེ་བར་གཤེགས་པ་བསྟན་དུ་གསིལ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཐམས་ཅད་དང་ལྡན་པའི་འཁོར་གྱི་དཀྱིལ་འཁོར་ལ་གཟིགས་ཏེ། ཀུན་དུ ་