| Wylie | e-texts produced with BDRC’s OCR application |
ལ་བསྟན་ཡང་བགྲུབ་པ་མེད།། དཿལྀ་འཁོར་འབྲས་བུ་བཅས་པ་མན།། སྡུག་ཀྱི་སྒྲུབ་ཐབས་དག་ཀྱང་སད།། བསྲུང་བར་བྱ་བ་ཀུན་ཀྱང་ལྡན།། སྦྱིན་བསྲོག་སྒྲ་ཡང་མེད་པ་སྟེ།། ་ནི་སྒོམ་པ་མེད་གྱུར་པའི།། མཚན་ཉིད་འདི་ནི་རྣམ་པར་སྲུངས།། དེ་བས་རྣམ་པ་ཐམས་ཅད་ཀྱི།། སློབ་དཔོན་མཚན་ཉིད་བསྔགས་པ་ཡིན།། དེ་བས་གསང་བའི་ཡེ་ཤེས་འདི།། ་སངས་རྒྱས་ཐམས་ཅད་འབྱུང་བར་ནི།། གསུངས་པ་རུ་ནི་ཤེས་པར་བྱ།། གཞན་དུ་ན་ནི་འབྲས་མེད་འགྱུར།། སློབ་དཔོན་དང་ནི་སློབ་མ་ཡིས།། རྟག་ཏུ་བག་ཡོད་གྱུར་པས་ཀྱང་།། རྟག ་པཔར་རྒྱུན་དུ་བསྲུང་བར་བྱ།། བདག་ཉིད་སྲོག་ནི་ཇི་བཞིན་ནོ།། བསྐལ་པ་བྱེ་བ་བརྒྱར་ཡང་ནི།། སངས་རྒྱས་འབྱུང་བ་ཤིན་ཏུ་དཀོན།། དེ་ཡང་ས་སྐྱེང་གཙོ་བོ་ཡིས།། བཤད་པ་ཡིས ་ཤིན་ཏུ་དཀོན།། དེ་ཕྱིར་རློམ་པ་ཐམས་ཅད་ཀྱིས།། ཡོན་ཏན་ཀུན་གྱིས་ལོང་དག་བརྒྱན།། སློབ་དཔོན་གྱིས་ནི་རྟག་པ་རུ།། གསང་སྔགས་ཡི་གེ་བཅོ་ལྔ་བཟླས།། འབུམ་ཕྲགས ་ནི་བཟླས་གྱུར་ནས།། སྦྱིན་སྲེག་ཀྱང་ནི་བརྩབ་པར་བྱ།། དེ་ལྟར་བྱས་པའི་སྔགས་ཤེས་པས།། དཀྱིལ་འཁོར་ཆོ་ག་བྲི་བར་བྱ།། གདུག་པ་མེད་ཅིང་བགེགས་ཀྱང་མེད།། གཞན ་ཡང་འབྱུང་ཚོགས་ལ་སོགས་མེད།། མཐུ་སྟོབས་ཀྱིས་ནི་བགེགས་བྱེད་པ།། གོ་འཕང་འབྲས་བུ་ཡོད་མ་ཡིན།། ཐམས་ཅད་དབང་ཕྱུག་གོ་འབད་འཐོབ།། ཀུན་ཀྱང་བདེ་བ ་ཡང་དགེ་བརྒྱན།། འཇིག་པ་ཐམས་ཅད་རྣམ་པར་བྲལ།། ཐེ་ཆམ་མེད་པར་འགྱུར་བ་ཡིན།། གཞན་དུ་ཐམས་ཅད་འབྲས་བུ་མེད།། བགེགས་ཀྱི་གླགས་ནི་བཙལ་ནས་སུ།། ་སྔགས་པའི་ལུས་ནི་འཕྲོག་པར་བྱེད།། ཆོ་གའི་འབྲས་བུ་བྱ་བ་མེད།། ད་ལྟར་བྱས་ན་སྔགས་པ་བདག། དཀྱིལ་འཁོར་མཆོག་ནི་བྲི་བར་བྱ།། སངས་རྒྱས ་ཤོས་གོ་འཕང་ནི།། དེ་ནི་ཐམས་ཅད་འགྲུབ་པར་འགྱུར།། དབུ་ལས་གཞི་ཡང་དག་བཤད།། མཉམ་པར་གཞག་པའི་ཡིད་ཀྱིས་ཉོན།། དཀྱིལ་འཁོར་མ་ཛེས་མཆོག ་དུ་བྱུང་།། འདི་ནི་གང་དུ་བྲི་བ་ནི།། ཆུ་ཀླུང་མཆེ་བྲན་ཡང་དག་བཤད།། རི་བོ་མེ་ཏོག་འབྲས་བུས་བརྒྱན།། བསྐྱེད་མོས་ཚལ་དུའང་བཤད་པ་སྟེ།། སུ་སྡུག་མ་བྱས་རྣམ་པ ་བརྒྱན།། ཀུན་དགའ་ར་བ་ཁང་བཟངས་དགའ།། ཕྱུགས་ལྷས་བྲེས་དང་བཞི་མདོ་དང་།། གཞན་ཡང་ཕྱི་རོལ་གང་ཞིག་ཏུ།། གཙུག་ལག་ཁང་དང་སུཾ་ཕྱི་དང་།། ཁང་པ ་