| Wylie | e-texts produced with BDRC’s OCR application |
མཡིན་ཞིང་།། འཇིག་པ་ནི་ཆགས་པའང་མིན།། བསྐལ་པའི་གྲངས་ཀྱང་ཡོད་མ་ཡིན།། དག་དང་མི་དགེ་ལས་བྱུང་བའི།། འབྲལ་བུའང་ཡོད་པ་མ་ཡིན་ནོ།། ཀུན་མཁྱེན་གོ་འབང་འདོད་པ་ཡིས།། ཏོག་པ་རྣམ་པར ་ཚོགས་པ།། དེ་ཀུན་གང་ལ་མེད་གྱུར་པ།། དེ་ལ་རྟག་ཏུ་བརྩོན་པར་བྱ།། རྣམ་པར་སྣང་མཛང་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་རྣམ་པར་སྤྲུབ་པ་བྱིན་གྱིས་རློབས་ལས། རྫོགས་པར་བྱང་ཆུབ་པའི་ངོ་བོ་ཉིད ་བསྟན་པ་རིམ་པར་བྱ་བའོ།། དེ་ནས་བཅོམ་ལྡན་འདས་ལ་གས་བ་པའི་བདག་པོ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དམ་ཚིག་གསུམ་ཞེས་བགྱི་བ་ཆོས་གང་གི་ཚིག་བླ་དགས་ལགས། ་དེ་གད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། གསང་བ་པའི་བདག་པོ་ཁྱོད་གྱིས་ང་ལ་གང་ཞུས་པ་དེ་ལགས ་ལགས་སོ།། འི་ཕྱིར་ཉོན་ལ་ལེགས་པ་རབ་ཏུ་ཡིད་ལ་བྲིང་ཤིག་དང་ངས་ཀྱོང་ལ་བཐད་དོ།། བཅོམ་ལྡན་ལས་དེ་ལྟར་བཚལ་ལོ་ཞེས་གསོལ་ནས།། གསངས་པའི་བ་ཤཱ་འོ་ཕྱག་ན་དངོས་བཅོག་ལྡན་ད ་ལ་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཆོས་ཀྱི་ཁྱད་པར་གང་ལས་ཆོས་ཀྱི་ཁྱད་པར་རྣམ་པ་ག་སུང་སྒྲིབ་པ་མེད་པའི་ཚུལ ་ཚིག་གསུམ་སྟེ། ཆོས་ཀྱི་ཁྱད་པར་དེ་ཡང་གང་ཞེ་ན། ཆོས་ཤེས་བྱ་བ་ནི་དང་པོའི་སེམས་ཏེ། རྣམ་པར་བསྒོམས་པའི་རང་བཞིན་དང་དེའི་རྗེས་ལས་བྱུང་བའི་ཤེས་རབ་དང་དས ་དག་པ་ཅི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་ནས་རྟོག་པའི་དྲ་བ་མ་ལུས་པ་དང་བྲལ་བའི་སེམས་བསྐྱེད་པ་ནི་བྱང་ཆུབ་ཀྱི་མཚན་ཉིད་དོ།། གཉིས་པ་ནི་རྣམ་པར་མི་རྟོག་པ་སྟེ་རྫོགས་པའི་སངས་རྒྱས ་