CLOSE WINDOW

C1226: gtor ma'i cho ga
Wyliee-texts produced with BDRC’s OCR application

བཻར་སེལ་བ་ལ་སོགས་པ་དག་གིས་ཀྱང་བསྐོར་ཅིང་མདུན་གྱིས་བལྟས་ཡུལ་འདི་ལྟ་སྟེ། དེ་བཞིན་གཤེགས་པའི་ཉི་མ་དུས་གསུམ་ལས་འདས་པར་བྱིན་གྱིས་འརླབས་ནས། སཱུ་དང་། གསུང་དང་། ་ཐུགས་མཉམ་པ་ཉིད་ཀྱི་གཞི་ཞེས་བྱ་བའི་ཆོས་ཀྱི་སྒོའི་ཆོས་སྟོན་ཏོ།། དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་འབྲང་པོ་ལ་སོགས་པ་དེ་དག་དང་། འསྣང་བ་པའི་བདག་པོ་ལ་སྩོགས་པ ་རྡོ་རྗེ་འཛིན་དེ་དག། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་བྱིན་གྱིས་བརླབས་ཀྱིས། སྒྲ་མཉམ་པ་ཉིད་འཀོད་པ་མི་འད་པའི་མཛོད་ནམ་སར་བསྒྱིངས་པ་ལ་ཞུགས་སོ།། དེ་བཞིན་དུ། ་གསུང་དང་ཐུགས་མཉམ་པ་ཉིད་བཀོད་པ་མི་ཟད་པའི་མཛོད་རྣམ་པར་བསྒྱིངས་པ་ལ་ཞུགས་ཏེ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུལ་ཡ་གསུང་འོམ་ཐུགས་ལ་ནི་འཇུག་པ་འམ ་པམི་དམིགས་སོ།། ཐམས་ཅད་དུ་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྒོའི་ཕྲིན་ལས་ཐམས་ཅད་དང་། གསུང་གི་ཕྲིན་ལས་ཐམས་ཅད་དེང་། ཐུགས་ཀྱི་ཕྲིན་ལས་ཐམས་ཅད་སེམས་ཅ ་ཀྱི་ཁམས་ཐམས་ཅད་ལ་ཀུན་ཏུ་གསང་སྔགས་ཀྱི་ཚུལ་གྱི་ཚིག་གིས་ཆོས་སྟོན་པར་མཐོང་བ་ནི་འདི་ལྟ་སྟེ། སེམས་ཅན་ལས་ཀྱི་ཚེ་རྣམ་པར་བསྐྲད་པ་རྣམས་སེམས་དང་འོ་བསྐྱེད་པ་ནས ་བཟུང་སྟེ། ས་བཅུའི་བར་ལ་གནས་པ་འདི་ཉིད་ལ་ཡོངས་སུ་རྫོགས་པར་བྱ་བ་དང་། ལས་ཀྱི་ཚེ་བཀག་པ་རྣམས་ཀྱང་སྲིད་པའི་མྱུ་གུ་མངོན་པར་འགྲུབ་པར་བྱ་བྱའི། ་མདུན་། རྒྱུ་འི་ན་ས་དྲ་ག་ན་ནས་ག ་དག་གིས་ཆོས་སྟོན་པ་དག་ཀྱང་མཐོང་ངོ་།། དེ་ནས་ཡང་བཅོམ་ལྡན་འདས་ལ་གསང་བ་བའི་བདག་པོ་ཕྱག་ན་རྡོ་རྗེ་ལ་ཁོར་འདུས་པ་དེ་ཉིད་ན་འདུག་པ་དེས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས། ཅི ་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་ནས། ཐམས་ཅད་མཁྱེན་བིའི་ཡེ་ཤེས་དེ། སེམས་ཅན་རྣམས། ་པ་རྣམ་པར་ཕྱེ་སྟེ། ཚུལ་སྣ་ཚོགས་དང་། བསམ་པ་སྣ་ཚོགས་དང་། ཐབས་སྣ་ཅོ་གྲདག་གིས་སྟོན་ཅིང་།། ཁ་ཅིག་ལ་ནི་ཉན་ཐོས་ཀྱི་ཐེག་པའི་ཚུལ། ཁ་ཅིག་ལ་ནི་རང་སངས་རྒྱས་ཀྱི་ཐེག་པའི་ཚུལ། ཁ་ཅིག་ལྔ་ནི ་ག་པ་ཆེན་པོའི་ཚུལ། ཁ་ཅིག་ལེནི་མངོན་པར་ཤེས་པཱ་ལྔའི་ཚུལ། ཁ་ཅིག་ལ་ནི་ལྟར་སྐྱེ་བར་བྱ་བ་དང་། ཁ་ཅིག་ལེ་ནི་མེར་སྐྱེ་བར་བྱ་བ་ནས་ལྟོ་འཕྱེ་ཆེན་པོ་དང་། ཀླུ་དང་། གནོད་སྦྱིན ་དྲི་ཟ་དང་། ལཱ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཙ་སྐྱེ་བར་བྱ་བའི་བར་དུ་ཆོས་སྟོན་ལགས། དེ་ལ་སེམས་ཅན་པོ་ལ་སངས་རྒྱས་ཀྱིས་གདུལ་བར་བྱ་བ་དག་གིས་ནི་སངས་རྒྱས ་གཟུགས་སུ་མཐོང་། ལམས་ཉན་ཐོས་ཀྱི་གཟུགས་སུ། ཡ་ལས་ནི་རང་སངས་རྒྱས་ཀྱི་གཟུགས་སུ། ལ་ལས་ནི་བྱང་ཆུབ་སེམས་དཔའི་གཟུགས་སུ། ལ་ལས་ནི་དབང་ཕྱུག་ཆེན་པོར ་གཟུགས་སུ། ལ་ལས་ནི་ཚངས་པའི་གཟུགས་སུ། ལ་ལས་ནི་སྲེད་མེད་ཀྱི་བུའི་གཟུགས་སུ། ལ་ལས་ནི་རྣམ་ཐོས་ཀྱི་བུའི་གཟུགས་སུ་ནས། ལ་ལསྲ་ནི་ལྟོ་འཕྱེ་ཆེན་པོ་དང་། མི་དང ་ཡིན་པའི་བར་དུ་མཐོང་སྟེ། རང་རང་གི་ཚིག་བརྗོད་པའི་ཚུལ་དག་དང་། སྤྱོད་ལ་སྣ་ཚོགས་སུ་མཐོང་ལ། ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ཡང་འདི་ལྟར་དེ་བཞིན་གཤེགས་པའི་རྣམ་པར་གྲོལ ་བའི་ངོར་རོ་གཅིག་པ་ལགས་སོ།། བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་བཀྱེ་ན་ནམ་མཁའི་ཁམས་ནི་རྟོག་པ་དང་། རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ་སྟེ། མི་རྟོག་རྣམ་པར་མི་རྟོག་པ ་