CLOSE WINDOW

C1220: sAts+tsha'i cho ga
Wyliee-texts produced with BDRC’s OCR application

བཅོམ་ལྡན་འདས་ཅ་ལགས་རྩའི་སྦྱོང་བ་འད་དད་མ་གཏོགས་པར་ཚུལ་གཞན་གྱིས་མངོན་པང་བྱང་ཆུབ་བླ་རྣམ་པ་ལྔ་བསྒོམ་པར་མི་ནུས་པ་ལགས་སམ། དེ་ནས་བཅོམ ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་བཀའ་སྩལ་བ། ལགར་རྡོ་རྗེ་རྗེའི་སྦྱོར་བ་འདི་ཉིད་ཀྱིས་མངོན་པར་བྱང་ཆུབ་པ་རྣམ་པ་ལྔ་བསྒོམ་པར་བྱའི་གཞན ་གྱིས་མ་ཡིན་ནོ།། གསལ་བ། ཅིའི་ཕྱིར། བཀའ་སྩལ་པ། ལག་ན་རྡོ་རྗེ་ཕྱི་རོལ་གྱི་ཟླ་བའི་དཀྱིལ་ལབར་གྱི་རྣམ་པས་མངོན་པར་བྱང་ཆུབ་པ་དེ་མི་ནུས་ཏེ་འབད་པ་ཆེན་པོས་ཀྱང་ཅུང ་ཡང་བྱ་བར་ནུབ་པ་མ་ཡིན་ནོ།། དཔེར་ན་ནམ་མཁའི་ཆུ་སྐྱེས་རྣམ་པ་གང་གིས་ཀྱང་བསླབ་པར་ནུས་པ་མ་ཡིན་པ་བཞིན་ནོ།། དེའི་ཕྱིར་གསང་བ་ཞེས་བཤད་དོ།། གསུང་བའི་ཚུལ་འདིས་ངས ་བ་མེད་པར་སངས་རྒྱས་ཉིད་དམ་རྡོ་རྗེ་འཛིན་པ་ཉིད་བསྒྲུབ་པར་བྱ་བ་དང་། སྦྱོར་བ་གཞ་ནི་གྱིས་མ་ཡིན་ནོ།། དེའི་ཕྱིར་བཅོམ་ལྡན་འདས་བདེ་བར་གཤེགས་པའི་ཐིག་ལེའི་ཉི་མས་ཕྱོགས་རྣམ་པར ་གསུལ་བ་དེས་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་གི་ས་ང་བོའི་སྦྱོར་བ་འོད་ཉིད་གསལ་བར་ཡང་དང་། དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ར་རྡོ་རྗེས་བཅོམ་ལྡན་འདས་ལ་འ ་གསོལ་ཏོ།། བཅོམ་ལྡན་འདས་དེ་ལྟ་ནའང་གསང་བའི་ཚུལ་གྱི་རྣམ་པ་ཡང་དག་པར་བདག་ལམ་གསུངས་ལགས་སོ།། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོས་ཕྱག་ན ་འགའ་སྩལ་པ། ལག་ན་རྡོ་རྗེ་མཆོག་ཏུ་གས་ང་པའི་མོདཛོད་ཀྱི་ཐིག་ལེ་ཞེས་བྱ་བ་སངས་རྒྱས་ཐམས་ཅད་སྦྱིན་པར་བྱེད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐྱེད་པ་པོ་ཉན་ཅིག། ངས་ཀྱི ་འདིས་སངས་རྒྱས་ཉིད་འཛད་ལ། ཁྱོད་ཀྱིས་ཀྱང་ཚུལ་འདིས་སངས་རྒྱས་ཉིད་བསྒྲུབ་པར་བྱའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ་ཇི་སྲིད་པ་སྤུའི་བུ་ག་ཡོད་པ་དེ་སྲིད ་རྩ་རྣམས་རྡུལ་ཕྲ་རབ་ཀྱི་གཟུགས་སུ་བསྒོམ་པར་བྱའོ།། དེ་ནས་རྡོ་རྗེ་གར་མིའི་གཟུགས་སུ་བསྒོམས་ནས་དེའི་བྷ་གའི་དབུས་སུ་རྡོ་རྗེ་གར་མའི་གཟུགས་རྩའི་རང་བཞིན་ལས་ཨ་ལ་སོགས ་བའི་ཡི་གེ་འབབ་པའི་དྲོ་བོར་བསམ་པར་བྱའོ།། དྲི་ནས་མི་འབབ་པའི་རྩ་ལྔ་ཀ་ལ་སོགས་པའི་གཟུགས་སུ་བསམ་པར་བྱའོ།། དེ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་བས ་དེའི་འོ་མ་ལས་བདག་ཉིད་བྷ་གའི་དབུས་སུ་རྡོ་རྗེ་སེམས་དཔའི་སྐུར་བསྒོམ་པར་བྱའོ།། དེ་ནས་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་རྩ་དེའི་གཟུགས ་དང་རང་བཞིན་ཇི་ལྟ་བུ་ལ་གས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ་རྩ་དེ་རྣམས་ཀྱི་ནང་ན་ས་གཅིག་ནི་རྩེ་ཆེན་པོ་གཙོ་བོར་གྱུར་པ་སྟེ། རྩ་གཞན་ཐམས་ཅད་ནི་དེ་ལ་རྣམ་པར་ག ་པའོ།། དེའི་རང་བཞིན་ནི་བསིལ་བའི་རང་བཞིན་ཏེ། དེ་རྙེད་ནས་རྡོ་རྗེ་འཛིན་པ་ཉིད་དམ་རྣམ་པར་སྣང་མཛད་ཉིད་ཐོབ་པར་འགྱུར་རོ།། གར་ལང་ཅུང་ཟད་དྲོ་བ་ན་དེ་ནས་འཇིག་རྟེན་དབང་ཕྱུག་གི ་ཐོབ་པར་འགྱུར་རོ།། གང་ཡང་ཤིན་ཏུ་དྲོ་བ་དང་ལྡན་ན་དེ་བསྒོམ་སྔ་ན་རྡོ་རྗེ་ཧཱུཾ་མཛད་ཀྱི་སྐུར་འགྱུར་རོ།། དེ་ནས་ཁྲོ་བོའི་གཟུགས་སུ་གྱུར་ནས་ཇི་སྲིད་ཁྲོ་བའི་གཟུགས་སུ་གྱུར་པ་ད་སྲིད་བསྒོམ ་བ་སྟེ། ཞི་བོའི་སྐུ་དང་ལྷན་ཅིག་ཏུ་བྱིས་ནས་དེ་ནས་ཉི་མ་འོད་ཀྱིལ་འི་མཚོར།། དེ་ནས་ཕྱིཞིན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཅི་ལགས་པ ་