| | e-texts navigator
|
1b1 །། རྒྱལ་རྣམས་ཡེ་ཤེས་གཟུགས་ཀྱི་འཇོ་སྒེག་ངོ་མཚར་གྲུབ་པའི་ཞལ་སྦྱིན་ཅན།། འབར་དང་འཇམ་རྒྱས་ཆགས་པའི་བརྟུལ་བཞུགས་ཤིན་ཏུ་ཤུགས་དྲག་ཐུགས་རྗེའི་བྱིན།། འདྲེན
1b2 པ་སྟོང་གི་དབུས་ན་མངོན་མཐོ་ལྷུན་གྲུབ་རིག་འཛིན་པདྨའི་ཞབས།། གྲོང་ཁྱེར་གསུམ་གྱི་འཇིགས་པ་འཕྲོག་ཀྱིན་གངས་ཅན་བསྟན་འགྲོའི་གཙུག་ན་མཛེས།། གང་ཞིག་རྟེན་ཅིང
1b3 འབྲེལ་འབྱུང་ཆོས་ནི་གཅིག་དང་དུ་མར་ཡོང་ཡེ་མ་བཟུང་དངོས་དང་དངོས་མེད་ངོ་བོ་ཉིད།། མཁས་བཞིན་ཤིན་ཏུ་རྣམ་པར་མི་རྟོག་སོ་སོར་རང་གི་རིག་བྱ་ཉིད་དེ་སྤྲོས་པ་ཉེར་ཞི་ཆོས
1b4 ཀྱི་སྐུ།། མཐའ་གཉིས་དགྲ་བཅོམ་ངེས་པ་ལྔ་ཡི་ཆོས་ཀྱི་རྒྱལ་སྲིད་ཆེན་པོས་འབྱོར་པ་ཁ་སྦྱོར་བདུན་ལྡན་ལོངས་སྤྱོད་རྫོགས།། མ་ལུས་མི་ལུས་ལུས་པ་མེད་གང་རྣམ་བྱང་སླད་དུ་སྣ
iiif viewer powered by OpenSeadragon
1a - 2a