e-texts navigator
Collection
Volume
Page
Wylie

84b1 སྤྱན་པར་དོ་མེད་པའི་རང་གདངས། ཐབས་དང་ཤེས་རབ་ཀྱི་སྤྱན་ཅི་སྣང་ཅིར་འཛིན་གྱི་ཡེ་ཤེས། མ་བསྒྲུབས་མ་བཙལ་ཡེ་ཡིན་པའི་སྤྱན་གསལ་ལོ།། སྤྱན་གསུམ་ལ་སྐུ་གསུམ་ངོ་སྤྲད་པ་ནི། ཡེ་ཤེས་ཀྱི་སྤྱན་ཆོས
84b2 བསྐུར་ངོ་སྤྲད་ཆོས་ཀྱི་སྤྱན་ལོང་སྐུར་ངོ་སྤྲད།། ཐབས་དང་ཤེས་རབ་ཀྱི་སྤྱན་སྤྲུལ་པའི་སྐུར་ངོ་སྤྲད།། ངོ་སྤྲད་པའི་མན་ངག་གིས་འདུག་ཚུལ་ནི།། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལས་མ་འདས་པའོ།། སྤྱན
84b3 གསུམ་རང་ལ་གནས་པ་ནི།། སྤྱན་གྱི་ནི་རིག་པ་ཡེ་ཤེས་ལྷངས་ཀྱིས་རྟོགས་པའོ།། ཆོས་ཀྱི་སྤྱན་ནི་སྒྲོ་འདོགས་སྤྱོད་པའོ།། ཐབས་དང་ཤེས་རབ་ཀྱི་སྤྱན་ནི་ཐམས་ཅད་རང་གི་འདུག་ཚུལ་གཅིག་པ་ལས་མ་འདས
84b4 པར་ཤེས་པས་སྤྱན་གསུམ་ཁོང་དུ་ཆུད་པས་ཐེག་པ་རིམ་པ་བརྒྱད་ཀྱི་ཆོས་དང་།། མུ་སྟེགས་རྟགས་ཆད་དང་། རྫོགས་ཆེན་ཁ་འཇམ་གཞི་ལ་དགོངས་ནས་ལས་ཀྱིས་དབང་མི་བཙན་ཟེར་བ་ལ་ཤན་ཕྱེ་ཏེ། ཆོས་སྐུ
84b5 མཁའ་ཁྱབ་དྲངས་པ། སྤྱན་གསུམ་འདུག་ཚུལ་གཅིག་ཏུ་བསྟན་པས་གྲོལ་བ་མཐར་ཕྱིན་པའོ།། ལོག་པའི་སྤྲད་པའི་ལེའུ་སྟེ་བརྒྱད་པའོ།། །། ལོག་པ་རང་གིས་མཚན་ཉིད་ནི།། འདས་པ་གསུམ་དུ་ངོ་སྤྲད་པ། སྐུ
84b6 འདས་པ་ཡེ་ཤེས་ཁོང་གསལ།། ཡུལ་འདས་པ་ཆོས་ཀུན་མཁའ་ཁྱབ་དྲངས་པ།། གཉིས་མེད་ལས་འདས་པ་ཐུགས་རིན་པོ་ཆེ་མན་ཤེལ་དྲངས་པ་ལྟ་བུའོ།། སྟོན་པ་རྣམ་གསུམ་གྱི་འཁོར་བར་འཁྱམས་པ་ཚོར་ནས།།




iiif viewer powered by OpenSeadragon

84a - 85a

Texts on this page

Gpb054.021 - rdzogs pa chen po sa gcig pa
Gpb054.011 - phyi nang gsang ba gsum gyi yang zhun thig le 'dus pa