| | e-texts navigator
|
83b1 བསྒྲུབ་པ་མ་ཧཱ་ཡོ་ག་ལ་རྩོལ་སྒྲུབ་དང་། བྲལ་བར་བསྟན་པའོ།། རིག་པ་སྣ་ཚོགས་སུ་མ་འགགས་པས་ཡེ་ཤེས་ཀྱིས་རྩལ་ལས་མ་འདས་པར་ངོ་སྤྲད་པས་ལུང་ཨ་ནུ་ཡོ་གལ་རྩོལ་སྒྲུབ་དང་བྲལ་བར་བསྟན་པའོ།། ཕྱི
83b2 ནང་སྣོད་བཅུད་ཐམས་ཅད་འཁྲུལ་པའི་དུས་སུ་ཡེ་ཤེས་རྩལ་དུ་སྣང་ལ། གྲོལ་བའི་དུས་རྩལ་སྣང་བ་ངོས་ཟིན་ལ། འཆི་ཀའི་དུས་སུ་ཡེ་ཤེས་ཁོང་གསལ་དུ་ཐིམ་ནས་སངས་རྒྱས་པར་བསྟན་པའོ།། འབྲས་བུ་བར་དོ
83b3 ཐོབ་དུས་མེད་པར་བསྟན་པས་ཐམས་ཅད་རང་གྲོལ་རང་སྣང་རང་སངས་རང་ཤར་གཉིས་འཛིན་ལས་འདས་ཏེ། རང་གྲོལ་བའི་སངས་རྒྱས་ཀྱི་དགོངས་པ་འདུས་ཅེས་བྱའོ།། ཡང་དག་པའི་མན་ངག་འདུས་པའི་ངོ
83b4 སྤྲསྨད་པའི་ལེའུ་སྟེ་ལྔ་པའོ།། །། རྩ་དང་རླུང་དང་ཐིག་ལེ་ལ་ངོ་སྤྲད་པ་ནི། སེམས་ཅན་དྲན་ཤེས་ཙིཏྟའི་དཀྱིལ།། ཆོས་གསུམ་འོད་ཀྱི་ངོ་བོ་ཤར། བསྐལ་པ་བར་མ་ལ་སངས་རྒྱས་འོད་སྲུངས་ཀྱིས་ཐོག་མའི་སངས
83b5 རྒྱས་འོད་མི་འགྱུར་བ་ཞལ་མ་མཇལ་ཡ་ཆང་རྩ་ལ་ཡང་ཕྱི་ནང་གསང་བ་གསུམ་སྟེ། ཕྱི་ཆོས་ཀྱི་རང་བྱུང་གདང་ཆེན་པོའི་རྩ་དང་ནང་རིགས་སྟོང་པའི་རྩ་དང་།། གསང་བ་ཐིག་ལེ་བརྟེན་པའི་རྩའོ།། རྒྱས་པའི་རྩ་ལ་ཉི
83b6 ཁྲི་ཆིག་སྟོང་ཀྱང་།། བསྡུས་པའི་ངོ་སྤྲོད་གསུམ་དུ་འདུས།། རླུང་ལ་ཡང་ཕྱི་ནང་གསུམ་སྟེ། ཕྱི་རླུང་ཐམས་ཅད་ནང་རླུང་སྣང་བ་ཡིན།། ནང་རླུང་ཐམས་ཅད་ཡེ་ཤེས་རླུང་གིས་རྩལ།། གསང་བའི་རླུང་ཆེན་ངོས་ཟིན
iiif viewer powered by OpenSeadragon
83a - 84a