e-texts navigator
Collection
Volume
Page
Wylie

78a1 འཕངས་ཉིད་དུ་འགྱུར།། དེ་བཞིན་ཉམས་པའི་སློབ་དཔོན་ལ།། འདུད་ཅིང་ཉམས་པའང་དེ་ལ་རྒྱས།། འཁོར་བའི་མཐའ་མར་དབྱུང་ཟག་མིན།། མྀ་ཤེས་པའི་རྣལ་འབྱོར་བ།། ཡང་དག་དོན་དང་ལྡན
78a2 པའི་མེ།། རྗེས་སུ་འགྲོ་བར་མེ་བྱེད་ཅིང་།། ལོངས་སྤྱོད་འདུ་འཛིན་གང་ལྡན་པའོ།། རྗེས་སུ་འགྲོ་ཞིང་དེ་ལ་འདུད།། དེ་ནི་ལོག་པའི་འམ་པ་ཡིན།། རྣལ་འབྱོར་རྟ་དང་བྱང་ཆུབ་ལེ།། འབན་ཟག་ཟད་པར་བློ
78a3 འབྱུང་།། ཟང་ཟིང་ནོར་དང་གཡོ་སྦྲུལ་ཁེ།། རླུང་ཡང་ཅི་འགྲུབ་སྲོག་དང་བརྡོ།། ཏིང་འཛིན་སྔགས་པ་བརྗོད་བྱེད་ཅིང་།། ཡང་དག་དོན་དུ་གཉེར་བ་མེད།། དེ་བཞིན་རྣལ་འབྱོར་མཾ་བརྩོན་པས།། བསླབ་པར་བྱ་བའི
78a4 ཆོས་བྲལ་བས།། ཆོས་ཉིད་སྔགས་པ་བརྗོད་བྱེད་ཀྱང་།། དེ་དག་ལ་ནི་ཆོས་ཉིད་མེད།། གང་ཞིག་གྲོང་གི་དབུས་འདུག་ནས།། ལོངས་སྤྱོད་འདུ་འཛི་སངས་རྒྱས་པ།། དེ་འདྲ་གང་ཡང་ལྗོན་མ་བྱུང་།། མབྱོན་དལྟ
78a5 བཞུགས་པ་ཡང་།། རྣལ་འབྱོར་པའི་བསླབ་པའི་ལུང་རྣལ་འབྱོར་རིམ་པ་ལས་གདམ་ངག་བསྟན་པའི་ལེའུ་སྟེ་བཞི་པའོ།། ། རླུད་དཀྲུགས་ལུང་བཅུས་མན་དག་གབ་པའི་དོན།། སྡེབས་པ་སྐད་མངོན་བྱུང་བཀའ
78a6 བས་འདི་སྡེབས་པའི།། ངལ་བའི་བསོད་ནམས་ནུས་མཐུ་ཅི་མཆིས་པ།། བདག་དང་གཞན་ཆུད་ཡོངས་སུ་སྤྲིན་འགྱུར་ཏེ།། ལས་ཀྱི་བཅིངས་པ་ཀུན་གྱི་བདེ་ཐོབ་པས།། གྲོང་ཁྱེར་གསུམ་གྱི་ནད་སོས་སྟོང་འགྱུར




iiif viewer powered by OpenSeadragon

77b - 78b

Texts on this page

Gpb054.021 - rdzogs pa chen po sa gcig pa
Gpb054.007 - rnal 'byor gyi rim pa'i rgyud