e-texts navigator
Collection
Volume
Page
Wylie

76b1 བཤད།། འཇིག་རྟེན་པ་དང་ཐེག་དམན་དང་།། མུ་སྟེགས་ལོག་ལྷའི་ལྷ་ལ་དགའ།། དད་མེད་བློ་ཞན་གཡེངས་མུགས་ཤིང་།། བསླབ་ཉན་མི་ཉན་བྱོལ་སོང་མཚུངས།། དད་ལོག་དམ་ཉམས་དོན་ལས་གོལ།། བྱང
76b2 ཆུབ་ཟག་པ་གཏིང་ནས་ཆད།། སེམས་ཀྱི་མྱུ་གུ་རྩ་ཚིག་པས།། ངན་འགྲོའི་འདམ་དུ་ཁ་སྦུབ་ཡིན།། གསང་བའི་ཚིག་རྣམས་སྒྲར་སྨྲ་ཡང་།། གབ་པའི་གསང་བའི་དོན་མི་ཤེས།། སྐྱོན་ཅན་ས་རོལ་སྒྲོག་རྣམས་ལ།།
76b3 གསང་བའི་དོན་རྣམས་ལྷག་པ་ར་སྨྲ།། བསྙེན་བསྒྲུབ་གསང་བའི་ཚིག་རྣམས་ལ།། སྒྲ་ལ་ཉན་ཡང་དོན་མི་གཉེར།། སྙིང་པོ་དོན་སང་མི་ཐུབ་པ།། བཅུད་མེད་འཁོར་བར་ཟག་པ་ཡིན།། ལྟ་དང་དམ་ཚིག་བསྒྲུབ་པ
76b4 ཡི།། དམ་པའི་མཛོད་གསུམ་སྨྲ་ཤེས་ཀྱང་།། གོམས་པའི་མཐུ་མེད་གནས་མ་འགྱུར།། ངན་རྒྱུ་ཕྲག་དོག་སེར་སྣས་གདུངས།། བྱ་བྱེད་ཆོས་ལ་བློ་གཏོད་ཅིང་།། སྤྱོད་ཅིང་དམ་བྲལ་གདེང་མེད་པར།། རྣལ་འབྱོར་སྤྱོད
76b5 ལ་ལྷ་དམན་ཞེས།། ཟེར་བ་འཕན་ལྟུང་འཁོར་བར་འབོ།། གླགས་ལྷ་ཉམས་སོད་ཅན་ལམ་འདྲེན། ཁ་བསག་ལྕེ་སྙིང་སྒྱུར་བྱེད་ཅིང་།། སེམས་ལ་ཉོན་མོངས་ལྔ་བཅངས་ཏེ།། རྐུ་དང་རྒྱུ་སྤྱོད་རྫུན་ལ་དགའ།། ཚེ
76b6 གཅིག་གྲགས་པའི་ཕྱེད་རི་དུ།། གང་ཟག་ཕྱིར་འབྲེང་ཚིག་རྒ་ལ།། མཉན་ཏེ་བརྗོད་འདོད་ཚུལ་འཆོས་པ།། ལོག་སྨྲ་དུག་ཅན་ཐ་མལ་ལྟུང་།། གནོད་མེད་ཁ་སྤུག་དེ་དག་ལ།། གསང་བ་སྨྲ་བར་བྱ་བ་མིན།། སྨྲས་ན་དེ




iiif viewer powered by OpenSeadragon

76a - 77a

Texts on this page

Gpb054.021 - rdzogs pa chen po sa gcig pa
Gpb054.007 - rnal 'byor gyi rim pa'i rgyud