e-texts navigator
Collection
Volume
Page
Wylie

245a1 འབྲས་བུ་ངན་སོང་གསུམ་དུ་འཁོར།། ལོག་རྟོག་འཁོར་བ་རྒྱུན་གཅོད་དོ།། ཙཀྲ་ཨཽ་བྲུཾ། ཙཀྲ་ཧཱུཾ་བྲུཾ། ཙཀྲ་སྭ་བྲུཾ། ཙཀྲ་ཧྲི་བྲུཾ། ཙཀྲ་ཧ་བྲུཾ། བཛྲ་ཁ་ད་ཁ་ཧི། ཙྪིནྡ་ཙྪིནྡ་ཧ་ན་ཧཱུཾ་ཕཊ། ཞེས་ལུས་དུམ་བུར
245a2 བཏུབས་སོ།། དྲག་པོའི་ལས་ལ་གཏུབ་པའི་ལེའུ་སྟེ་ལྔ་པའོ།། ། དེ་ནས་བསྟབ་པའི་ལས་ནི། གཟུགས་ཀྱི་ཕུང་པོ་ནི་མཆོད་པའི་རྫས་སུ་བསྔོ་སྟེ། རྒྱལ་བ་རིགས་ལྔའི་གདན་ཁྲིར་གྱུར་པར་བསྔོ། སེམས
245a3 ནི་ང་རྒྱལ་བའི་སྲས་སུ་བསྐྱེད། འདི་སྐད་དོ།། འདོད་ཆགས་ཞེ་སྡང་གཏི་མུག་རྒྱུ།། འབྲས་བུ་ངན་སོང་གསུམ་དུ་འཁོར།། དུག་གསུམ་རྒྱུ་འབྲས་སྦྱང་བའི་ཕྱིར།། ཤ་རུས་ལ་སོགས་ཁྲག་ལ་བསྟབས།། དེ་ནས་གནས
245a4 སྦྱང་བ་ནི། འདི་སྐད་དུ། དྲག་པོའི་ལས་ཀྱིས་བསྒྲལ་བ་རྣམས།། འཁོར་བའི་ལམ་རྣམས་སྒོ་གཅད་དེ།། རྣམ་ཤེས་ཧཱུཾ་གིས་བསྡུས་ནས་ནི།། ཧཱུཾ་གི་ངན་སོང་སྟོང་པར་བྱེད།། ཆགས་པའི་བདེ་བ་བླ་ན་མེད།། རྒྱལ་བ
245a5 ཐམས་ཅད་ཧཱུཾ་གིས་བསྐྱེད།། འོག་མིན་བླ་ན་མེད་པའི་གནས་མཆོག་ཏུ། ཁྲོ་བོ་དང་ནི་ཁྲོ་མོ་ཡི།། སྦྱོར་བའི་མཚམས་སུ་ཕཊ་ཀྱིས་འཕང་།། ཧོ་ཡིས་གཡེང་ཞིང་ཡམ་གྱིས་བརྡེགས།། ཞེས་བརྗོད་ལ་སྦར་ནས་ཧཱུཾ་གིས
245a6 བསྟབ་བོ།། ཏ་ཐཱ་ག་ཏ། བཛྲ་ར་ཙ་རཏྣ་ཙ་ཞེས་གནས་སྦར་རོ།། དྲག་པོའི་ལས་ལས་གནས་སྦར་བའི་ལེའུ་སྟེ་དྲུག་པའོ།། །། དེ་ནས་དྲག་པོ་སྦྱར་བའི་ལས་ནི། གཟུགས་གཏུབ་པ་ལྟར། དུག་གཏོར་གཉིས




iiif viewer powered by OpenSeadragon

244b - 245b

Texts on this page

Gpb054.025 - rdo rje ngur mi'i me rgyud las khro bo'i las