e-texts navigator
Collection
Volume
Page
Wylie

121a1 རྣམས་ཀྱི་དང་པོར་བྱུང་།། བྱས་པ་མེད་པའི་ཆོས་ཉིད་ལ།། བྱས་བྱུང་བ་མེད་པའི་གནད་མཐོང་ན།། བྱས་དང་བྱུང་བ་རང་ས་ཆོད།། འཁོར་བ་ཞེན་མཐའ་རང་གནས་པས།། འཁྲུལ་པ་བདེན་པ་རང
121a2 གནས་ཏེ།། དུས་གསུམ་རྒྱལ་བའི་དགོངས་པ་རྙེད།། འདི་ལ་རབ་གནས་མཐའ་ཡས་ཏེ།། ང་ཡིས་ཆུད་རྩའི་རོ་བརྒྱད་སྙེད།། ཐོག་མ་རང་དང་རང་བཞིན་ལས།། བདག་ཉིད་ཆེན་པོའི་ལྟས་སྟངས་ལས།། མཐོང་བ
121a3 མེད་པའི་ཡུལ་རྙེད་པ།། བཤད་པར་བྱ་བའི་ཆོས་རྣམས་ཟད།། ཐོས་སམ་སྒོམ་པའི་ཉེན་ལེན་སྟོངས།། དུ་མ་འདུས་པའི་ཚང་ཤིག་པས།། གཅིག་པར་གནས་པའི་ཡེ་ཤེས་ཐོང་།། དེ་མཐོང་བ་ཙམ་གྱིས་འཁོར་བའི
121a4 ལས།། མ་བྱས་གཞི་ལ་ཐམས་ཅད་འགྲུབ།། འདིས་ནི་བྱུང་བའི་བདག་པོ་ཟིན།། དེ་ལ་ཡོན་ཏན་བརྒྱ་ཕྲག་སྙེད།། དེ་སྙེད་ཆོས་ལ་འཇིག་པ་མེད།། འཇིགས་མེད་ལམ་དུ་སུ་ཞུགས་པ།། འདི་ལ་ལྡོག་པ་ཡོད་མི
121a5 སྲིད།། སྲིད་བྲལ་མིང་བཞི་སྟོངས་པའོ།། ཁྱབ་བདག་ནམ་མཁའི་མཐའ་སྙེད་པ།། དབྱིངས་སུ་ཆུད་པས་ཕྱི་ནང་ཆོད།། ས་ཆུ་མེ་རླུང་འབྱུང་བ་ཡི།། གཞི་དང་ལམ་དང་འབྲས་བུ་ཟད།། ལྷ་དང་སྒོམ་དང་སྤྱོད་པ
121a6 གཞི།། རང་སར་དག་པས་འཁོར་རྒྱུན་ཆོད།། བདེ་སྡུག་སྙོམས་པས་དགའ་བདེ་ཡིས།། འདོད་པ་དག་པས་རང་འདོད་ཐོབ།། དེ་ལ་གང་གི་སྙས་པ་མེད།། འདི་ནི་དེ་ལ་ཁྱབ་པ་བྱས་པའོ་ས་མེད་པས།། བར་དེ་འགྲོ




iiif viewer powered by OpenSeadragon

120b - 121b

Texts on this page

Gpb054.015 - byang chub sems skyob pa