e-texts navigator
Collection
Volume
Page
Wylie

15a1 རྒྱུད་འདི།། དྲོད་ཐོབ་ཤི་ལ་ལྡན་པས་བསྒྲུབ།། ངེས་པར་བུམ་པའི་དབང་ཐོབ་འགྱུར།། རྫོགས་པའི་ཡེ་ཤེས་སྟོང་པ་ཉིད།། མུན་པ་ལྟ་བུར་དབྱེར་མི་ཕྱེད།། རྟགས་ཀྱི་ཕྱག་རྒྱ་ཆེན་པོའི་བསྒོམ།། བཟླས
15a2 པ་ནོར་བུའི་འཕྲེང་བ་བརྗོད།། ལས་ཀྱི་གཤིན་རྗེ་རྟག་ཏུ་སྤྲོད།། ཀླུ་ཡི་ཆོས་ཉིད་མུན་པར་བསྒོམ།། ཀླུ་ནད་ཅན་ལ་སྔགས་མི་དཔོག། ཀླུ་ཡི་དམ་ཚིག་མནའ་ལ་གཟེམ།། སྨེ་དང་ཡུགས་ས་མོ་ལ་གཟེམ།། ས་གཉེན་རྡོ
15a3 དང་ཤིང་མི་གཅོད།། ཆུ་མིག་ལུ་མ་བཤིག་པ་མེན།། དེ་ལ་བུབ་ཆུ་བཏུང་བ་སྤང་།། བྱི་དང་ན་ལ་ལ་སོགས་པ་བསྣོལ།། ཟབ་གཞོབ་ལ་སོགས་སྤང་བར་བཤད།། རྣམ་རྟོག་རིག་པ་ཆོས་ཉིད་རླུང་།། བདེ་ཆེན་ཁྱབ
15a4 གད་ལ་རྫོགས་པ་ཆེ།། ཆོས་དབྱིངས་སྐྱེ་བ་མེད་ཀློང་ནས།། བསྟན་པའི་སྙིང་པོ་ངེས་པར་ཤར། ཁྱབ་བདག་རྫོགས་པའི་རྣལ་འབྱོར་ཆེ།། རྡོ་རྗེ་རྣོན་པོ་འབར་བ་ཆེ།། འཆི་བདག་ཀླུ་ཡི་གསང་རྒྱུད་བཀའ།། འཁོར་ལོ
15a5 ནག་པོར་ངེས་པར་ཤར།། ལྷ་དང་མཁའ་འགྲོ་དྲེགས་པ་ལ།། འཆི་བདག་སྲོག་གི་ཤན་པའི་རྒྱུད།། ལས་ཀྱི་འཁོར་ལོ་ནག་པོ་གཏད།། ཅེས་གསུངས་ཏེ་ཐིམ་པར་འགྱུར་རོ།། ཀླུའི་འཁོར་ལོ་ནག་པོའི་རྒྱུད་ལེའུ་སྟེ
15a6 རྟོག་པ་བདུན་པའོ།། །། རྫོགས་སོ།། །། འཁོར་ལོ་ནག་པོའི་རྒྱུད། སློབ་དཔོན་འཇམ་དཔལ་དང་། ཀ་མ་ལས་རྒྱུད་པ། བ་སུ་དྷ་ར་དང་། རྡོ་རྗེ་ཡང་དབང་གཏེར་གྱིས་བསྒྱུར་བའོ།། །།




iiif viewer powered by OpenSeadragon

14b - 15b

Texts on this page

Gpb053.001 - klu'i 'khor lo nag po'i rgyud