e-texts navigator
Collection
Volume
Page
Wylie

273a1 བཛྲ། ཧཟླ་ཆེས་ལ་བསྟྲ། ཟླ་ཆེས་ཟླུམ་པོ་ཟག་ལེ་ཅན་ལ་བཛྲ། ཟག་ལེ་བྱང་ཆུབ་སེམས་ཀྱི་རང་བཞིན་མེང་སྣང་བར་དམིགས་ཏེ། དེའི་ཆ་དེའི་དུས་ན་སྣང་སྲིད་ཐམས་ཅད་ཆོས་ཀྱི་སྒྲའི་ངང་དུ་གནས
273a2 པར་གྱུར་ཏེ། སྡང་སྲིད་ཐམས་ཅད་ཐིག་ལེ་བདེ་སྟོང་པ་བདག་མེད་དུ་ཤེས་པར་བྱའོ།། དེའི་ཚེ་བྱང་ཆུབ་ཀྱི་ལམ་མཐར་བྱིན་ཏོ།། སྐུ་གསུང་འདུ་འབྲལ་མེད་དེ་རྡོ་རྗེ་འཆང་།། ཡང་དག་རྫོགས་པའི་ས་ལ
273a3 གནས།། ཕྱག་རྒྱ་ཆེན་པོའི་སྒྲ་ཞེས་དེ་ལ་གདགས།། དེ་ལ་བཤད་དུ་མེད་དོ།། དེ་ལ་གཅད་དུ་མེད་དོ་རྡོ་རྗེ་རྒྱལ།། ཞེས་རང་བཞིན་རྡོ་རྗེ་སེམས་པས་གསུངས། དེ་ལྟར་དེ་ལ་སྤྱད་པར་བྱ་ཞེས། དམ་ཚིག་ཆེན་པོ
273a4 ཡིས་བཤད།། རྩ་བ་བྱང་ཆུབ་སེམས་ཀྱི་སྒྲོན་མ། ལས་པོའི་ལྷ་སྤྱོད་བསྟན་པའི་ལེའུ་སྟེ་སུམ་ཅུ་པའོ།། །། བདག་འདྲ་སངས་རྒྱས་ཡེ་ཤེས་ཀྱིས།། རྒྱ་ཡི་སྐད་བསྐུར་ལོ་ཙཱའི་ཚིག་སྦྱངས་ནས།། རྒྱལ་པོ་བ་སྭ་དྷ་རའི
273a5 དགོངས་པ་འདི།། རིན་ཆེན་སྙིང་པོ་གསེར་ཕུལ་ནས།། མོས་གུས་དད་པའི་སྒོ་ནས་ཞུས།། སྲོག་གིས་བཙལ་ཀྱང་འདི་དོན་མི་རྙེད་དེ།། ལས་འཕྲོ་དག་པ་ཅིག་དང་ཕྲད་པར་ཤོག། དུས་ལ་བབ་ན་སྨོན་ལམ་བ་ཅན
273a6 པར་ཤོག།། །།




iiif viewer powered by OpenSeadragon

272b - 273b

Texts on this page

Gpb052.019 - dam tshig las kyi rgyal po'i rgyud