| | e-texts navigator
|
60b1 བསྒྲགས་ནས་དམྱལ་བར་ལྷུང་།། རིན་ཆེན་ལྟ་བུར་རབ་ཏུ་ཚངས།། ཞེས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་བཀའ་སྩལ་པས། གསང་བའི་བདག་པོ་ལ་སོགས་པ་དྲག་པོ་ཆེན་པོའི་འཁོར་རྣམས་ཡི་རང་སྟེ།
60b2 བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། རྡོ་རྗེ་ཁྲུང་ཆེན་འཕྲིན་ལས་ཀྱི་རྒྱུད་ཕྱི་མ་ལས། རྒུད་ཡོངས་སུ་གཏད་པའི་ལེའུ་སྟེ་བཞི་པའོ།། །། རྡོ་རྗེ་ཁྲུང་གཙུག་ལག་འཁོར་ལོའི་རྒྱུད་རྫོགས
60b3 སོ།། ། @#།། རྒྱ་གར་སྐད་དུ། ཀྲི་ཡི་བཛྲ་ཙག་ཀྲ་ཏན་ཏྲ། བོད་སྐད་དུ།། རྡོ་རྗེ་གཙུག་ལག་འཁོར་ལོའི་རྒྱུད། དཔའ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།། དེ
60b4 ནས་བཅོམ་ལྡན་འདས་གསང་བ་གསུམ་གྱི་བདག་པོ་འཇིགས་པའི་རྒྱན་སྣ་ཚོགས་དང་ལྡན་པ་གསང་བའི་བྷ་ག་ལས་བཞེངས་ཏེ། དྲག་པོ་ཨེའི་གདན་ལ་བཞུགས་པ། གསང་བའི་རིགས་ཀྱི་འཁོར་རྣམས་ཀྱིས
60b5 བསྐོར་ཏེ་བཞུགས་སོ།། དེའི་ནང་ནས་གསང་བའི་བདག་པོ་ལག་ན་རྡོ་རྗེ་བཞེངས་ཏེ། བཅོམ་ལྡན་འདས་ལ་གསང་བའི་མཆོད་པས་མཆོད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ཨེ་མ་བདེ་གཤེགས
60b6 བཅོམ་ལྡན་འདས།། གོང་དུ་གསུངས་པའི་རྒྱུད་རྒྱལ་གྱི།། ཕྱི་མའི་རྒྱུད་དྲུག་རྗེས་འབྲངས་ནས།། དྲག་སྔགས་རྨི་བཟློག་ཇི་ལྟར་ལགས།། རྨི་བཟློག་གཙུག་ལག་ཇི་ལྟར་ལགས།། ལས་ཀྱི་འཁོར་ལོ་རྣམ་གྲངས
iiif viewer powered by OpenSeadragon
60a - 61a