| | e-texts navigator
|
355b1 སོ།། །། རྒྱུད་འདི་ལ་སྒྲུབ་ཐབས་ལྔ་ཡོད་དོ།། བུ་ལྔ་བཅུ་ཟམ་པ་ཡོད་དོ།། ཐེམས་ཀྱི་ཡི་གེ་དགུ་ཡོད་དོ།། ཡང་ཐེམས་གཅིག་ཡོད་དོ།། ཁ་བྱང་གསུམ་ཡང་བྱང་གཅིག་ཡོད་དོ།། མ་བུ་བདུན་བཅུ་ཐམ་པ་ཡོད་དོ།།
355b2 ཁ་ཅིག་བྲིས་ལ་གཏེར་དུ་སྤོས།། འདི་ལས་མེད་དོ་རྒྱལ་པོ་ཉིད།། མི་བསྣན་མི་དབྲི་ཆད་ལ་ལྷག་མི་བྱ།། འདི་ལས་ཡོད་ན་རྒྱལ་པོའི་གླུད་དུ་འགུམ།། ཤྲི་རི་སིང་ཧ་གསང་བའི་རྒྱ།། བན་ཆུང་བདག་རང་གབ་པའི
355b3 རྒྱ།། མངའ་བདག་རྒྱལ་པོ་སྦས་པའི་རྒྱ།། ཆོས་འདི་རྙེད་པའི་མི་དེས་ཀྱང་།། མ་བུ་མི་དཔྲལ་གཅིག་མི་བསླད།། སྣོད་རྣམས་བརྟགས་ལ་ཁང་དང་རིམ་གྱིས་སྦྱིན།། མང་དུ་མི་སྤེལ་གསང་རྒྱ་བཏབ་ཅིང་སྦྱིན།། སྙིང
355b4 ། པོ་མི་དབྱུང་གདམས་པ་བཀའ་མི་གཅད།། ལྷུག་པར་མི་སྦྱིན་སྣོད་དང་སྦྱར་ལ་སྦྱིན།། བཀའ་བསྲུངས་དམ་ལ་མ་ཐོགས་པ།། གཞན་ལ་བྱིན་ན་བར་ཆོད་མང་།། དེ་བཞིན་བཀྲ་མི་ཤིས་པར་འོང་།། གཏད་རྒྱ་དག་ལ
355b5 ན་ཏན་བྱ།། རྫོགས་སོ།། །།
iiif viewer powered by OpenSeadragon
355a - 356a