| | e-texts navigator
|
177a1 ཡོངས་སུ་གཏད་ཅིང་འཕྲིན་ལས་ཀྱི་གཏད་པའི་ལེའུ་སྟེ་བརྒྱ་དང་དགུ་པའོ།། །། དྲག་པོ་ངན་སྔགས་ཀྱི་རྒྱུད་ཅེས་བྱ་བ་རྩ་བའི་རྒྱུད་ཆེན་པོ་རྫོགས་སོ།།
177a2 @#།། རྒྱ་གར་སྐད་དུ།། ཨུ་གྲན་བི་མན་དྲ་བྱཱ་ཁྱཱ་ཏ་ཏཾ་ཏྲ། བོད་སྐད་དུ། དྲག་པོ་ངན་སྔགས་ཀྱི་བཤད་རྒྱུད།། བཅོམ་ལྡན་འདས་རང་བཞིན་དང་། སྤྲུལ་པ་དང་། ལས་ལ་སྒྲུབ་བྱེད་ཟུང་གི་གཤེད
177a3 ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། འོག་མིན་གསང་བ་ཆེན་པོའི་གནས་ན་ལྔ་བརྒྱ་ཐ་མའི་སེམས་ཅན་ལ་ཐུགས་རྗེ་གསུམ་གྱིས་བཟུང་ཟིན་ཞིང་། རུ་ཏྲ་རྣམ་གསུམ་དང་དྲེགས་པ་ཅན
177a4 བཏུལ་ནས། བཞུགས་པའི་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོ་ལ། གསང་བ་དྲུག་གི་ངང་ལ་གནས་པ་གསང་བའི་བདག་པོ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་བ་བཏབ་བོ།། ཨེ་མ་རྡོ་རྗེ་གཤིན་རྗེ
177a5 གཤེད།། འཕྲིན་ལས་རྒྱལ་པོ་གྲུབ་པའི་ལས།། གོང་དུ་གསུངས་པའི་རྒྱུད་རྒྱལ་ལ།། བཤད་པའི་མན་ངག་མི་འཚལ་ལམ།། ཐུགས་རྗེ་ཅན་གྱིས་བཀའ་དྲིན་གསུངས།། ལོག་ལྟ་ངན་པའི་ངང་ཚུལ་ཅན།། སེམས་ཅན
177a6 རྗེས་སུ་གཟུང་དུ་གསོལ།། དེ་སྐད་གསོལ་བཏབ་གསན་ནས་ནི།། གསང་དྲུག་ཏིང་འཛིན་ལ་ཞུགས་ནས།། སྤྲུལ་པ་ཆེན་པོ་བཅུ་དགུ་མཛད།། བརྡ་དང་སྒྲུབ་ལུགས་སྐད་རྣམས་དང་།། རིག་པའི་བྱེ་བྲག་ཚོགས
iiif viewer powered by OpenSeadragon
176b - 177b