e-texts navigator
Collection
Volume
Page
Wylie

247a1 ། རྒྱ་གར་སྐད་དུ། བཛྲ་ཙཎྜ་ཀ་ཡ་བཱ་ཀ་ཙིཏྟ་ཏན་ཏྲ་ཨ་ག་ནེ་པྲ་བྷ་སཱུ་ཏྲ། བོད་སྐད་དུ། རྡོ་རྗེ་གཏུམ་པོ་སྐུ་གསུང་ཐུགས་ཀྱི་རྒྱུད་མེ་འོད་འབར་བའི་མདོ།། རྡོ་རྗེ་གཏུམ་པོ་ལ་ཕྱག་འཚལ་ལོ།། འདི་སྐད
247a2 བདག་གིས་ཐོས་པའི་དུས་གཅིག་ན།། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་གསང་བའི་བདག་པོ། བྱང་ཕྱོགས་གནོད་སྦྱིན་གྱི་གནས་ལྕང་ལོ་ཅན་གྱི་ཕོ་བྲང་དུ། གནོད་སྦྱིན་རྡོ་རྗེ་གདོང་བཞི་པ་དང་། ཡཀྵ་འབར
247a3 བྱེད་དང་གནོད་སྦྱིན་ཀུ་བ་རེ་ལ་སོགས་ཏེ། གནོད་སྦྱིན་གྱི་ཚོགས་རྣམས་དང་། ཐབས་གཅིག་ཏུ་བཞུགས་སོ།། དེའི་ཚེ་ན་བཅོམ་ལྡན་འདས་རྡོ་རྗེ་འཆང་སྐུ་གསུང་ཐུགས་རྣམ་པར་འཕྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན
247a4 ལ་སྙོམས་པར་ཞུགས་སོ།། ཞུགས་མ་ཐག་ཏུ་རྡོ་རྗེ་འཆང་གི་གསུང་ལས་རྟ་མགྲིན་སྤྲུལ་ཏེ། ནུབ་ཕྱོགས་ཀླུའི་གནས་སུ་སྤྲུལ་པ་མཛད་ནས་གདུག་པ་བཏུལ་ཏེ། རྡོ་རྗེ་འཆང་གི་ལྗགས་ཀྱི་སྟེང་དུ་གནས་སོ།། ཐུགས
247a5 ལས་ཁྱུད་མཐིང་ནག་སྤྲུལ་ཏེ། འོག་གི་རྒྱ་མཚོར་སྤྲོས་ཏེ། མ་རྣམས་བཏུལ་ནས་ཐུགས་ཁར་ཐིམ་པར་མཛད་པས། འཇིག་རྟེན་གྱི་ཁམས་རྣམ་པ་དྲུག་ཏུ་གཡོས་ཏེ། ཐམས་ཅད་མིང་གི་མཚན་ཉིད་ཙམ་དུ་གྱུར་ཏོ།། རྡོ
247a6 རྗེ་གཏུམ་པོ་མེ་འོད་འབར་བའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །། དེ་ནས་གནོད་སྦྱིན་ལག་ན་རྡོ་རྗེ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ཀྱི་ཞལ་དུ་བལྟས་ནས་འདི་སྐད་ཅེས་གསོལ་ཏོ།། ཨེ




iiif viewer powered by OpenSeadragon

246b - 247b

Texts on this page

Gpb049.017 - rdo rje gtum po sku gsung thugs kyi rgyud me 'od 'bar ba'i mdo