e-texts navigator
Collection
Volume
Page
Wylie

9b1 མེད་བྱང་ཆུབ་ཐོབ་བྱའི་ཕྱིར།། གསང་བའི་སྙིང་པོ་འདི་བརྗོད་དོ།། དཔེར་ན་དབང་ཆེན་རྗེ་དེ་ཡིས།། ཡང་བྲན་ཁོལ་དུ་བོས་པ་བཞིན།། སྤྱན་སྔར་མི་འདུ་ཐབས་མེད་འདུས།། དབྱིངས་སུ་བསྡུས་ནས་སྲས་བསྐྱེད
9b2 སྤྲོས།། མཆོད་ཅིང་འདོད་པ་བསྡུ་བར་མཛད།། དེ་དོན་འབྲུ་འདི་བཤད་བྱ་ཉོན།། ཆོས་སྐུ་ཡེ་ནས་སྐྱེ་བ་མེད།། མ་སྐྱེས་པ་ཡི་སྙིང་པོ་ཨ།། སྐྱེ་བའི་ཆོ་འཕྲུལ་ཡོན་ཏན་ཨཽ།། ཡན་ལག་རྫོགས་པས་ཨཱིཾ་དུ་སྣང་།། ཨཽ་ནི
9b3 སྐུ་ཡི་སྙིང་པོ་སྟེ།། བདེ་གཤེགས་སྐུ་ཡི་སྙིང་པོར་བཤད།། སྐུ་ནི་ཕྱག་རྒྱ་བཞི་ལྡན་སྐུ།། རུ་ནི་རུ་ཏྲའི་སྙིང་པོ་སྟེ།། ར་ཏྲ་རུ་ཏྲ་མ་ར་ཏྲ།། ར་ག་ར་ཏ་རག་ཤ་སྟེ།། དུག་གསུམ་རྣམ་པར་སྨིན་པ་སྟེ།། རུ་ཏྲ་གསུམ་གྱི་སྙིང
9b4 པོར་བཤད།། ལུས་ནི་འཁོར་བ་ཕྱིན་ཅི་ལོག། དུག་ལྔ་སྨིན་པའི་རྒྱུད་དྲུག་སྟེ།། རྒྱུད་དྲུག་སྤྱི་ཡི་སྙིང་པོར་བཤད།། ཧཱུཾ་ནི་སྡུད་པའི་སྙིང་པོ་སྟེ།། དབྱིངས་སུ་བསྡུས་ནས་སྦྱོར་བ་ཡིས།། ཡེ་ཤེས་སེམས་དཔའི་སྲས་སུ
9b5 བསྐྱེད།། བྷྱོ་ནི་བསྐུལ་བའི་སྙིང་པོ་སྟེ།། འཕགས་པ་མཆོད་ཅིང་འགྲོ་དོན་བྱེད།། ཧཱུཾ་ནི་སྡུད་པའི་སྙིང་པོ་སྟེ།། འདོད་པ་སྐུ་གསུང་དངོས་གྲུབ་སྡུད།། དེ་དོན་འདོད་ལྟར་རིམ་པར་གྱིས།། བཛྲ་ཧེ་རུ་ཀས་འདི་བརྗོད
9b6 པས།། གསང་བ་ཨཱ~ཾ་གྱི་སྙིང་པོ་ལ།། རང་རྒྱུད་དག་པའི་བསྙེན་པ་སྟེ།། བཛྲ་ཕྱག་རྒྱ་བཞི་ལྡན་གསལ།། གསང་བ་རུ་ཡི་སྙིང་པོ་ཡིས།། རུ་ཏྲ་རྣམ་གསུམ་སྙིང་ནས་འདྲེན།། གསང་བ་ལུ་ཡི་སྙིང་པོ་ཡིས།། འཁོར་བ




iiif viewer powered by OpenSeadragon

9a - 10a

Texts on this page