e-texts navigator
Collection
Volume
Page
Wylie

7b1 གསུམ་གསུང་གཅིག་གིས་གང་བར་མཛད་དོ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་སི་དྷི་སང་ཧ་རཏྣ་ཧཱུཾ་ཞེས་པས། ཁམས་གསུམ་ཧེ་རུ་ཀ་ཉིད་སྐུ་གཅིག་གི་སྐུ་གསུང་ཐུགས་ལས། གཞན་ཅང་མི་གནས་པར་མཛད་དེ། ཡང་བག
7b2 ཆགས་ངན་པའི་མཐུ་ལངས་ནས། རང་རང་གི་ལུས་གྲུབ་སྟེ་ལས་ངན་པ་སྤྱད་པ་ལས། དེ་ནས་ཧེ་རུ་ཀས་ཧཱུཾ་ཧཱུཾ་ཧཱུཾ་བི་ཤ་བཛྲ་ཀྲོ་དྷ་ཛ་ལ་མན་ཌ་ལ་ཕཊ་ཕཊ་ཕཊ། ཧ་ལ་ཧ་ལ་ཧ་ལ་ཧཱུཾ། ཞེས་བརྗོད་པ་ལས། འཇིག
7b3 རྟེན་དྲུག་གི་ཕྱོགས་བཅུ་ཀུན་གཡོགས་སོ།། འུར་ཆེམ་གྱི་སྒྲ་ཕྱུང་ངོ་།། རབ་ཏུ་ཞུ་ནས་རྡུལ་གཏོར་བས། ལྷ་ཀླུ་གནོད་སྦྱིན་གྱི་རིགས། མཐུ་ཆེ་བ་དབང་ཕྱུག་ཆེན་པོ་ལ་སོགས་པ་བརྒྱལ་དུ་ཡང་ནས་ཡང་བཅུག་ནས།
7b4 བཀྲག་དང་། གཟིམ་མདངས་དང་། ཤེས་པའི་བཅུད་བསྡུས་ནས། ཤེས་པ་ཉམས་པ་ཐམས་ཅད་བྱས་སོ།། རྡོ་རྗེ་གསང་བ་ལས་ཀྱི་རྒྱུད་ལས། དྲག་པོ་དབང་སྡུད་ཀྱི་ལེའུ་སྟེ་དྲུག་པའོ།། །། དེ་ནས་སྙིང་པོ་བཟླས
7b5 བརྗོད་ཀྱི་ལེའུ་འདུ་གསུངས་སོ།། རྡོ་རྗེ་འཛིན་པས་གླུ་དྲུག་པོ་འདི་བླངས་པས། ཆོས་ཀྱི་དབྱིངས་ན་བཞུགས་པའི་སངས་རྒྱས་དང་། ཁམས་གསུམ་ན་གནས་པའི་སེམས་ཅན་ཐམས་ཅད་ཀྱི་དོན་ལྷུན་གྱིས་གྲུབ་པར
7b6 བྱ་བའི་ཕྱིར། སངས་རྒྱས་ཐམས་ཅད་ཀྱི་བདག་པོ་དཔལ་ཆེན་པོ་ཉིད་ཀྱི་དོན་གྱི་སྒྲ་འདི་བརྗོད་དོ།། ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ་བཛྲ་མཧཱ་ཀྲོ་དྷི་ཤྭ་རི་ས་མ་ཡ་སྟྭཾ། ཨོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཞེས་གསུངས་སོ།། གསུངས་པས




iiif viewer powered by OpenSeadragon

7a - 8a

Texts on this page