e-texts navigator
Collection
Volume
Page
Wylie

7a1 གནས་སུ་དག་པ་པདྨ་ཧེ་རུ་ཀ་ཡབ་ཡུམ་ཕྱུང་ངོ་།། གཏི་མུག་ཡུལ་དང་ཆས་པ་གནས་སུ་དག་པ་བུདྡྷ་ཧེ་རུ་ཀ་ཡབ་ཡུམ་ཕྱུང་ངོ་།། ཕྲག་དོག་ཡུལ་དང་ཆས་པ་གནས་སུ་དག་པ་ཀརྨ་ཧེ་རུ་ཀ་ཡབ་ཡུམ
7a2 ཕྱུང་ངོ་།། ང་རྒྱལ་ཡུལ་དང་ཆས་པ་གནས་སུ་དག་པ་རད་ན་ཧེ་རུ་ཀ་ཡབ་ཡུམ་ཕྱུང་ངོ་།། དེ་ནས་སྐུ་རྣམ་པ་ལྔ་པོ་དེ་ལྟར་ཕྱུང་ནས། འགྲོ་བ་ལྔའི་གནས་སུ་མཐིང་ནག་དང་། སྨུག་ནག་དང་། སེར་ནག་དང་། དམར
7a3 ནག་དང་། ལྗང་ནག་ལ་སོགས་པ་སྐུ་མདོག་དང་ཕྱག་མཚན་རྡོ་རྗེ་དང་། དབྱུག་ཐོ་དང་། ཁ་ཊཾ་ཁ་དང་། ཞགས་པ་དང་། གར་གྱི་རྒྱ་གྲམ་དང་། ཞལ་གསུམ་ཕྱག་དྲུག། ལྷ་ཆེན་པོ་རྣམས་ཀྱི་གདན་ལ་ཞབས་བརྒྱད
7a4 བརྐྱང་བསྐུམ་དང་། གྱེད་ཀྱི་འདོར་སྟབས་སུ་བཞུགས་ནས། རིགས་དྲུག་དང་མཐུན་པའི་སྐད་ཀྱིས་འགྲོ་བའི་དོན་མཛད་དོ།། རྡོ་རྗེ་གསང་བ་ལས་ཀྱི་རྒྱུད་ལས། སྐུ་ལྔ་རྫོགས་པར་བསྟན་པའི་ལེའུ་སྟེ་ལྔ
7a5 པའོ།། །། དེ་ནས་རྡོ་རྗེ་ཀུན་ཏུ་བཟང་པོ་དེས་ཁམས་གསུམ་དབང་དུ་སྡུད་པ་འདི་གསུངས་སོ།། དུས་གསུམ་གྱི་སངས་རྒྱས་དང་། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཧཱུཾ་ཧཱུཾ་ཧཱུཾ་ཞེས་པས་མངོན་སུམ་དུ་བསྡུས
7a6 ནས། ཉིད་ལ་ཐིམ་པར་མཛད་དོ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་སི་དྷི་སཾ་ཧ་ར་ན་ཧཱུཾ། ཞེས་ཁམས་གསུམ་ཧེ་རུ་ཀ་ཉིད་སྐུ་གཅིག་གིས་གང་བར་མཛད་དོ།། ཨོཾ་སརྦ་ཏ་ཐཱ་ག་ཏ་བཱ་ཀ་སི་དྷི་སཾ་ཧ་ར་ན་ཧཱུཾ། ཞེས་པས་ཁམས




iiif viewer powered by OpenSeadragon

6b - 7b

Texts on this page