| | e-texts navigator
|
5b1 སྔོན་རྡོ་རྗེ་ཀུན་ཏུ་བཟང་པོའི་འཐད་པའི་སྒོ་ནས་འདུལ་ཚད་དུ་བསྟན་པ་དེ་བཀྲིད་དྲང་དུ་མ་རྟོགས། ངེས་པར་རྟག་པའི་དབང་གཙོ་སྟེ། རྡོ་རྗེ་ཀུན་ཏུ་བཟང་པོས་ཡེ་ཤེས་ཀྱི་སྐུར་སྣང་བར་མཛད་དེ། ཆོས་ཐམས་ཅད
5b2 སངས་རྒྱས་པར་མཛོད་པ་དེ་ལ། བདག་ཏུ་རྟོགས་པས་གཟུང་འཛིན་བླང་དོར་དུ་བརྟགས་ཏེ། ཡེ་ཤེས་ཀྱི་སྐུ་ལ། སྐུ་ཁྲོ་བ། ངག་གཏུམ་པ། སེམས་གདུལ་ལ། འོ་དོད་ཆེན་པོ་འབོད་ཅིང་། ཤིན་ཏུ་སློང་བའི་སྐད
5b3 འབྱིན་པ། མནར་མེད་པའི་ཉོན་མོངས་པ། བསྐལ་པ་སྟོང་ཕྲག་ཉི་ཤུའི་བར་དུ་གནས་པ་དང་། དེ་བཞིན་ཉིད་ལ་བརྟག་ཏུ་མེད་པ་ལས། རང་རང་དུ་རྟོག་པའི་ཆོས་ཉིད་ལ་ཞེད་པའི་མཐུ་བརྟས་པས། དུག་ལྔའི
5b4 འབྲས་བུ་སྨིན་ཏེ། མི་འཚམས་པའི་ལུས་དང་མི་འཚམས་པའི་བསམ་པ་དང་། མི་འཚམ་པའི་རྣམ་པར་སྨིན་པ་དང་། མི་འཚམས་པའི་འབྲས་བུ་དང་། མི་འཚམ་པའི་སྡུག་བསྔལ་དང་། མནར་མེད་པའི་ཉོན་མོངས
5b5 པ་དང་། བསྐལ་པ་སྟོང་ཕྲག་ཉི་ཤུའི་བར་དུ་གནས་པ་དང་། དུས་མེད་པར་ལྷ་དང་མིའི་འཇིག་རྟེན་ཕུང་བར་བྱེད་པ། དེ་ནས་མི་འཚམས་པའི་སྡུག་བསྔལ་ཟད་ནས། གཏི་མུག་དྲན་མེད་པའི་སྡུག་བསྔལ་དྲན་པ
5b6 དབྱིངས་སུ་ཆུད་དེ། བྱང་ཆུབ་སྐྱེ་བའི་ཐབས་གཏིང་མེད་པར་གནས་སོ།། རྡོ་རྗེ་གསང་བ་ལས་ཀྱི་རྒྱུད་ལས་རྟོག་པ་རྣམ་སྨིན་གྱི་ལེའུ་སྟེ་གཉིས་པའོ།། །། དེ་ནས་རྡོ་རྗེ་ཀུན་ཏུ་བཟང་པོ་དེས། ཐུགས་རྗེ་ཡེ་ཤེས
iiif viewer powered by OpenSeadragon
5a - 6a