| | e-texts navigator
|
3b1 རང་བཞིན་ཡང་དག་པ་བསྒྲུབ་པ་ལས། ཡེ་ཤེས་ཀྱི་རིམ་པ་བསྟན་པའི་ལེའུ་སྟེ་བཞི་པའོ།། །། དེ་ནས་ཉིད་ཀྱི་སྔགས་ཀྱི་བདག་པོ་ཆེན་པོའི་དོན་དང་ལྡན་པར་མཛད་པའི་ཕྱིར། འཁོར་ལ་བཀའ་སྩལ་པ།
3b2 བགེགས་རྣམས་རབ་ཏུ་ཞི་བའི་ཕྱིར།། བསྙེན་པའི་ལས་ནི་ཡིན་པར་བཤད།། ཉེ་བར་བསྒྲུབ་པའི་ལས་ཡིན་ཏེ།། སྒྲུབ་པ་ཆེན་པོ་འགྲུབ་པར་གསུངས།། དབུ་ལ་རིགས་ལྔའི་རྒྱལ་བས་བརྒྱན།། སྐུ་གསུང་ཐུགས་ཀྱི
3b3 ལྷ་རྣམས་རྫོགས།། སྐྱེ་མཆེད་ལ་ནི་ལྷ་མོ་ཡང་།། བྱང་ཆུབ་སེམས་ལས་དཀྱིལ་འཁོར་བསྐྱེད།། ཉི་ཟླའི་དཀྱིལ་འཁོར་བརྩེགས་མ་ལ།། ཨ་དང་ཀཱ་ལ་སོགས་པ་ཡི།། སྒྲ་དང་དབྱངས་ཀྱི་ཡི་གེ་རྣམས།། ཉིས་འགྱུར
3b4 རིན་པ་རབ་ཏུ་དགོས།། དྷུ་པ་པུཥྤ་ཨ་ལོ་ཀ་གྷན་དྷ། ཨཽ་ཨ་ཧཱུཾ་དང་སྭ་ཧཱ་ལྔ།། ས་མ་ཡ་སྟམ་རབ་ཏུ་བསམ།། ཨ་ནུ་ར་ག་གཉིས་མེད་བདེ།། ཨཱིཾ་ཨ་དྷ་རི་ཤཛྙཱ་ན་སོགས། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཥ་ཌ་དྷ་ཎ།
3b5 ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ཝ་ར་ལ། ཤ་ཥ་ས་ཧ་ཀྵ་ཨཱ། ཨ་ཨ། ཨི་ཨཱི། ཨུ་ཨུ། རི་རི། ལི་ལཱི། ཨེ་ཨེ། ཨོ་ཨཽ། ཨཱཾ་ཨ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ཡང་དག་བསྒྲུབ་པ་ལས། ཡི་གེ་འཕྲེང་བ
3b6 བསྟན་པའི་ལེའུ་སྟེ་ལྔ་པའོ།། །། དཔལ་འཇིགས་བྱེད་ཆེན་པོ་དེ་ཟིལ་གྱིས་གནོན་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འཁོར་རྣམས་ལུས་ངག་ཡིད་གསུམ་རྡོ་རྗེར་བྱིན་གྱིས་བརླབས་ནས།།
iiif viewer powered by OpenSeadragon
3a - 4a