e-texts navigator
Collection
Volume
Page
Wylie

2a1 ལས་འདས་བརྒྱད་རྩིབས་དང་ལྡན།། ཞེ་སྡང་རྒྱུ་ཡི་ས་བོན་ཅན།། བཏོན་ནས་དེ་དང་སྟེང་འོག་ཅན།། ཧཱུཾ་མཛད་ལ་སོགས་རྣམ་པར་གྲགས།། ཙིནྟ་ཧཱ་དང་བཅས་པ
2a2 ཉིད།། རྒྱུ་ཡི་ས་བོན་ཡབ་ཡུམ་འཁྲིལ།། ཙན་དྷ་བྷྲཱུཾ་ལས་སངས་རྒྱས་རིགས།། སྤྱན་མས་ས་བོན་ཙན་དའོ།། རྡོ་རྗེ་ར་བ་བར་ཁྱམས་ཅན།། གྲུ་བཞི་སྒོ་ཁྱུད་བཞི་དང་ལྡན།། ཀ་བ་བརྒྱད
2a3 མཆོག་ཁྱད་པར་ཅན།། སུརྱ་ཙན་ཏྲའི་སྟེང་དུ་དག། ཧཱུཾ་ལས་དཀར་པོ་རྩེ་ལྔ་གྲུབ།། རྒྱུ་ཡི་ས་བོན་རབ་བསམ་གསལ།། རྡོ་རྗེའི་རིགས་སུ་གྱུར་པ་ནི།། དབུས་དཀར་གཡས་མཐིང་གཡོན
2a4 པ་དམར།། བཛྲ་ཙཀྲ་རཏྣ་དང་།། པདྨ་ཚོན་ཆེན་ཡུམ་གྱི་རྒྱ།། མཉམ་པར་ཐབས་དང་ཤེས་རབ་ཏུ།། བུད་མེད་དབུས་སུ་འཁོར་རྣམས་རྒྱས།། ཀུན་གྱི་དབུགས་ཀྱི་འབྱུང་བ་ཡིན།། ཧཱུཾ




iiif viewer powered by OpenSeadragon

1b - 2b

Texts on this page

Gpb046.001 - rdo rje 'bar ba'i rgyud phyi ma