| | e-texts navigator
|
1b1 བོད་སྐད་དུ། ཡང་དག་པའི་རྒྱུད་ཅེས་བྱ་བ། དཔལ་བཛྲ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ།། དེ་ནས་བཅོམ་ལྡན་འདས་དཔའ་བོ་འདུལ་བ་ཞེས་བྱ་བའི་ཏི་ངེ་འཛིན་ལ་སྙོམས
1b2 པར་ཞུགས་ནས། ཐུགས་ཡང་དག་པ་ལས་ཡི་གེ་ཨ་ཞེས་གསུངས་པས། སྐྱེ་བ་མེད་པ་ལས་སྐྱེ་བའི་ཆོ་འཕྲུལ་དུ་འཁོར་རྣམས་རང་བཞིན་དུ་བྱུང་ངོ་། བཀའ།། ། དེ་ནས་ཡང་དཔའ
1b3 བོ་མཆོག་གིས་ཤཱུ་ནྱ་ཏའི་སྔགས་ཀྱིས་ཐམས་ཅད་ཟིལ་གྱིས་གནོན་ཏེ། འཁོར་རྣམས་ལ་བཀའ་སྩལ་པ། བཀྲ་ཤིས་བྱིན་ཅན་གནས་རྣམས་སུ།། བླང་དང་སྦྱང་བ་རྟགས་ཐོན
1b4 ནས།། ཐིག་བཞི་རེ་མིག་དགུ་པ་བྲི།། ཚོན་ལེགས་མཛེས་པར་བྱ་བ་དང་།། མ་ཧཱ་དམ་པའི་ཏིང་འཛིན་བྱ།། རྒྱུ་ཡི་ས་བོན་ལས་འབྱུང་བ།། རང་བཞིན་རིམ་པ་དམིགས་ནས་ནི།། བྲུཾ
iiif viewer powered by OpenSeadragon
1a - 2a