e-texts navigator
Collection
Volume
Page
Wylie

114a1 ལག་གཉིས་བསྣོལ།། ལུས་བསྡམ་དམིགས་ཐུགས་རླུང་མནན་ལ།། ལག་ངར་གསུས་པ་ཤུད་ཤུད་བྱ།། སེམས་བཟུང་དབུགས་ནི་ཧཱུཾ་བཅས་བཏང་།། རོ་སྟོད་གློ་སྙིང་མི་བདེ་ན།། རོ་སྟོད་དགྱེ་དགུ་བྱ
114a2 ཞིང་སྤྲུག། དབུགས་ནི་དམ་ལ་རིང་བས་བཏོན།། ན་སར་འོད་གསལ་སྟོང་པར་བསྒོམས།། ཕོ་མཆིན་གསུམ་པ་འགྱིངས་ཤིང་ན།། སྐྱུག་མེར་ཟོས་པ་མི་འཇུག་ན།། གསུས་པའི་འཁྲུལ་འཁོར་ཤེས་པ་ཡིན།། ཡིད་ལ
114a3 རླུང་དྲུང་རླུང་སེམས་དྲིལ།། མ་ཡེངས་རྩེ་གཅིག་ཉམས་ས་བྲངས།། གྲང་བའི་ནང་ནི་ལྕི་ན་ཡང་།། ལུས་བསྡམ་མགོ་གཏུམས་རླུང་གཟུང་ལ།། ཧ་ཧ་ཧུས་དྲོད་བསྐྱེད་ལ།། ནད་ཀྱི་སྟེང་དུ་གསལ་བཏབ་སྟེ།། མ་ཡེངས
114a4 བསྒོམ་པ་གནད་དུ་ཆེ།། ནད་རླངས་མགོ་བོ་ན་བ་ན།། འཇིང་བ་བཀུག་ལ་འཁྲུལ་འཁོར་བྱ།། ཧྲི་ཧྲི་དྲང་ཞིང་སྟོང་གསལ་སྒོམ།། གྲང་རླུང་ཚ་ཞིང་སྐྲག་པ་ན།། ལུས་སླད་བསྡམས་ཏེ་ཧྲི་ཧྲི་དྲང་།། འོད་གསལ་མེད་དང
114a5 བཅས་ལ་སྒོམ།། ཚད་ནད་རིག་པ་ཕྱི་རུ་བཞག། གྲང་ནད་རིག་པ་ནང་དུ་སྒྲིལ།། ཇི་ལྟར་རྨ་ནི་གང་ཡིན་ཡང་།། རྨ་ནང་ཨ་དཀར་གསལ་བ་ལས།། ཨ་དེ་ཞུ་ནས་བདུད་རྩིར་སྒོམ།། ལུས་ཀྱི་གར་དང་ངག་གི
114a6 སྒྲ།། ཡིད་ཀྱི་དམིགས་པས་ནད་རྣམས་སྟོན།། རྙིང་པོ་གསང་བའི་རྒྱུད་ལས། མངོན་སུམ་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །། ཀྱེ་མ་མཁའ་འགྲོ་གསང་བའི་བདག། ཚེ་གྲིབ་འཆི་རྟགས་བསྟན་དུ་གསོལ།། མཁའ




iiif viewer powered by OpenSeadragon

113b - 114b

Texts on this page