| | e-texts navigator
|
113b1 བྱེད་པ་ལས་ཀྱི་རླུང་།། ཐོག་པར་བྱེད་པ་འབྲས་བུའི་རླུང་།། རླུང་བཅུ་དྲིལ་ཏེ་ལྔ་རུ་བསྡུས།། མི་རྩོམ་ལྷུན་གྲུབ་རླུང་དུ་བསྡུས།། གསལ་བ་ཡེ་ཤེས་རླུང་དུ་བསྡུས།། མི་ཕྱེད་གཉིས་མེད་རླུང་དུ་བསྡུས།། རང་བྱུང་མི
113b2 འགག་རླུང་དུ་བསྡུས།། སྟོང་གསལ་རིག་པ་རླུང་དུ་བསྡུས།། རླུང་པོས་གཅིག་ཏུ་དྲིལ་བ་དེ།། མཁར་ལ་ཉི་མ་ཤར་བ་འདྲ།། སྙིང་པོ་ཧཱུཾ་གི་འཁོར་ལོ་བསྐོར།། ཡེ་ཤེས་ཐོག་སེར་ཉམས་སུ་བླང་།། སྙིང་པོ་གསང་བའི
113b3 རྒྱུད་ལས། རླུང་བཅུད་དབང་དུ་བསྡུ་བའི་ལེའུ་སྟེ་བདུན་པའོ།། །། ཀྱེ་མ་མཁའ་འགྲོ་གསང་བའི་བདག། ཡིད་ཀྱི་མངོན་སུམ་བསྟན་དུ་གསོལ།། མཁའ་འགྲོ་མ་ཡིས་བཀའ་སྩལ་པ།། ཡིད་ཀྱི་མངོན་སུམ་ང
113b4 ལས་བྱུང་།། རྡོ་རྗེ་འཆང་ཆེན་ཁྲོ་བདག་གང་།། རྡོ་རྗེ་མཁའ་འགྲོ་མ་ལ་སོགས།། སྐུ་གསུང་ཐུགས་ཀྱི་རང་བཞིན་ང་།། ཐབས་དང་ཤེས་རབ་ཡེ་ཤེས་ང་།། ཐམས་ཅད་ཡིད་ཀྱི་ལམ་དུ་བྱེད།། ན་ཚའི་སྡུག་བསྔལ་ཡིད
113b5 ཀྱི་ལམ།། ཚ་བའི་ནད་རིགས་ཅི་ན་ཡང་།། ལུས་ཀྱི་འཁྲུལ་འཁོར་བསྐུལ་བསྐྱོད་བྱ།། ངག་ཏུ་ཧྲི་ཧྲི་དྲངས་ལ་སྟོན།། ལུས་ནི་རྩཝ་སྤྱིལ་ལྟ་བུ་ལ།། ནད་ནི་དུ་བ་ལྟ་བུ་སྟེ།། བ་སྤུ་ཀུན་གྱི་བུ་ག་ནས།། ནད་རྣམས་ཕྱི་རུ་ཐོན
113b6 བསམ་སྟེ།། རླུང་སེམས་དྲིལ་ལ་དྲག་ཏུ་བསྒོམ།། བསིལ་བར་བསྡད་ཅིང་མལ་ཆ་སྲབ།། བསིལ་ཟས་བསིལ་སྨན་བཤད་ལ་བཟའ།། ཁོང་པ་རྒྱུ་མ་ན་བ་ན།། རྐང་པ་བསྣོལ་ཏེ་པུས་མོ་བཙུགས།། པུས་མོའི་སྙན་གོང
iiif viewer powered by OpenSeadragon
113a - 114a