e-texts navigator
Collection
Volume
Page
Wylie

111b1 ཡིས་བཀའ་སྩལ་བ།། ཉོན་ཅིག་མཁའ་འགྲོ་གསང་བའི་ཚོགས།། སྙིང་པོ་ཧཱུཾ་གི་རང་བཞིན་ནི།། དུག་ལྔ་མ་ལུས་སྲེག་པའི་མེ།། སྙིང་པོ་ཧཱུཾ་དུ་དྲང་བར་བྱ།། སྡུག་བསྔལ་མ་ལུས་འཁྲུ་བའི་ཆུ།། སྙིང་པོ་ཧཱུཾ་དུ་དྲང་བར
111b2 བྱ།། འཁོར་བའི་ཞེན་པ་ཆགས་པའི་རླུང་།། སྙིང་པོ་ཧཱུཾ་དུ་དྲང་བར་བྱ།། མཁའ་འགྲོའི་ཕོ་བྲང་བསྐྱེད་པའི་ཕྱིར།། སྙིང་པོ་ཧཱུཾ་དུ་དྲང་བར་བྱ།། མཁའ་འགྲོ་ཐམས་ཅད་འདུས་པའི་གསུང་།། སྙིང་པོ་ཧཱུཾ་དུ་དྲང་བར
111b3 བྱ།། བྱིན་རླབས་ཐམས་ཅད་འབྱུང་བའི་རྒྱུ།། སྙིང་པོ་ཧཱུཾ་དུ་དྲང་བར་བྱ།། དམ་ཆོས་ཐམས་ཅད་འདུ་བའི་དོན།། སྙིང་པོ་ཧཱུཾ་དུ་དྲང་བར་བྱ།། སངས་རྒྱས་ཀུན་གྱི་གསང་བའི་ཐུགས།། སྙིང་པོ་ཧཱུཾ་དུ་དྲང་བར་བྱ།། བདེ
111b4 གཤེགས་ཐམས་ཅད་གཤེགས་པའི་ལམ།། སྙིང་པོ་ཧཱུཾ་དུ་དྲང་བར་བྱ།། སྙིང་པོ་གསང་བའི་རྒྱུད་ལས། དོན་གྱི་རང་བཞིན་བསྟན་པའི་ལེའུ་སྟེ་གསུམ་པའོ།། །། ཀྱེ་མ་མཁའ་འགྲོ་གསང་བའི་བདག། ལྷ་གནས
111b5 སྙིང་པོ་བསྟན་དུ་གསོལ།། མཁའ་འགྲོ་མ་ཡིས་བཀའ་སྩལ་པ།། དམ་ཚིག་སེམས་དཔའི་ལྷར་གསལ་བས།། འཁོར་ལོ་བཞི་ཡི་གནས་དག་ཏུ།། སྙིང་པོ་ཧཱུཾ་དུ་དྲང་བར་བྱ།། ཀླད་པ་བདེ་ཆེན་འཁོར་ལོ་ན།། བཅོམ
111b6 ལྡན་འཇམ་དཔལ་གཤིན་རྗེ་གཤེད།། ཞལ་གསུམ་ཕྱག་དྲུག་ཞབས་བཞི་པ།། གཤིན་རྗེ་ཁྲོ་མོ་ཡུམ་དང་སྦྱོར།། རིགས་བཞི་གཤིན་རྗེ་འཁོར་དང་བཅས།། མགྲིན་པ་ལོངས་སྤྱོད་འཁོར་ལོ་ན།། བཅོམ་ལྡན་པདྨ




iiif viewer powered by OpenSeadragon

111a - 112a

Texts on this page