e-texts navigator
Collection
Volume
Page
Wylie

343a1 བར་བྱ།། དམར་ནག་ཟླ་གམ་མེ་རི་འབར།། དུར་ཁྲོད་འཇིགས་པའི་མཚོན་གྱིས་བྲི།། ཐལ་ཆེན་རེགས་བཅད་པ་ཡིས།། རྨད་བྱུང་དུར་ཁྲོད་རྒྱན་དང་ལྡན།། བཀྲ་ཤིས་རྫས་དང་མཚན་མ་དང་།། དུར
343a2 ཁྲོད་རྒྱན་ཆ་དཀྲམ་པ་དང་།། ཕྱི་ནང་དག་པའི་མཚམས་བཅད་དེ།། ཕོ་བྲང་ལྷན་ཅིག་རྟེན་ཅིག་དང་།། གཟི་ཆེན་འབར་བ་གཅིག་བལྟམས་པ།། དངོས་གྲུབ་མཚན་མ་གཅིག་བསྡུས་པའི།། ཆོ་ག་ཡི་ནི་ནན་ཏན
343a3 བྱ།། ལས་དང་བྱ་བ་མ་ཚོགས་བྱ།། རྣམ་གཡེང་འགྲུབ་པར་དཀའ་བའི།། དད་པ་དམ་ཚིག་ཀུན་ལྡན་པའི།། ཐབས་དང་ཤེས་རབ་འབྲེལ་པ་ཡིས།། ཐིག་ལེ་གཅིག་པའི་ཆོ་ག་བསྒྲུབས།། མྱུར་དུ་འགྲུབ་པར་ཐེ་ཚོམ
343a4 མེད།། སྔོན་དུ་བྱ་བ་ཀུན་བྱས་ནས།། སྟོང་ཉིད་མ་བཅོས་ཆོས་དབྱིངས་ལས།། སྙིང་རྗེ་ནམ་མཁའི་ཀློང་བདལ་པས།། ཆོ་འཕྲུལ་རིག་པའི་ཡི་གེར་ཤར།། གང་ནས་དུར་ཁྲོད་གཞལ་ཡས་ཁང་།། འབར་བའི་རྒྱན་དང
343a5 བཅས་པ་རུ།། རིག་པའི་རྒྱལ་པོ་ཧེ་རུ་ཀ། ཡབ་ཡུམ་རྟེན་དང་བཅས་པར་བསྐྱེད།། བྱིན་བརླབས་དབང་སྐུར་གསལ་ལྡན་ནས།། ཁྲག་འཐུང་འབར་བའི་སྤྲིན་གཏིབས་པས།། རིག་པའི་རྒྱལ་པོར་གང་གྱུར་པ།། ཕྱི
343a6 ནང་འབྱོར་པའི་ཡོ་བྱད་དག། རང་གིས་རང་ལ་ཐིམ་མཆོད་དེ།། གྲུབ་མཆོག་བརྟན་པར་མ་གྱུར་པར།། བསྟིམ་བརྟན་གཤེགས་པར་བྱ་བ་མིན།། བར་ཆད་བསྐྲད་པར་མཆོད་བསྐུལ་ནས།། གསོ་བའི་ཆོ་ག་ནན་ཏན




iiif viewer powered by OpenSeadragon

342b - 343b

Texts on this page

Gpb044.020 - dpal he ru ka'i gal po dur khrod mngon par 'byung ba zhes bya ba'i rgyud phyi ma