| | e-texts navigator
|
31a1 སྤྲིན་གཏུབས་པར་བསམ་ལ་དེ་ཡིས་ཐུབ་ངེས་སོ།། མན་ངག་རྣམས་གཅིག་ཏུ་བསྟན་པའི་ལེའུ་སྟེ་ལྔ་པའོ།། །། དེ་ནས་ཡང་རིམ་པར་བཀའ་སྩལ་པ། སྦྱིན་བརྟག་པ་ནི། སྤྲིན་ཁམ་ནག་ལ་ནག
31a2 འཕུངས་སྟོད་ན་འབྲུག་པ་དང་།། སྤྲིན་ཁམ་པ་མདུང་ཤིང་བཤར་བ་འདྲ་བ་དང་།། སྤྲིན་ལུག་གི་ལྷོ་ཚིལ་འདྲ་བ་དང་།། གཡག་དང་སེམས་ཅན་གྱི་གཟུགས་འདྲ་བ་དང་།། སྤྲིན་དམར་ནག་ཧྲལ་ཧྲལ་པོ་དང་།། སྤྲིན
31a3 ཆར་དགྱེ་དྲིལ་བ་འདྲ་བ་དང་།། དེ་ཡང་མཐའ་སེང་དེ་བྱས་ནས་བྱུང་བའི་དུས་སུ།། རང་ཁྲོ་བོ་དམར་སེར་སྤྲིན་གྱི་གསེབ་ན་དབུ་ཚང་ངེ་ཡོད་པར་ང་རྒྱལ་བྱས་ལ། ལག་གཡས་པར་རལ་གྲིར་བསམས་ལ། སྤྲིན
31a4 གཏུབ་པར་བསམ་ཞིང་བཟླས་སོ།། ཞེས་གསུངས་སོ།། སྤྲིན་བརྟག་པའི་ལེའུ་སྟེ་དྲུག་པའོ།། །། དེ་ནས་སྡེ་བརྒྱད་གནད་ལ་དབབ་པའི་ཟློག་པ་འདི་གསུངས་སོ།། ཨོཾ་ཨ་ཏྲི་ནི་བྷ་ལེ་པ་ཤ་རུ་བི་ག་ལ་ཤག་སུ་པ་ཏི
31a5 རྦད་ནན། ཟློག་ཤིག་བྷྱོ། ཁྲམ་བྷོ། ཤག་སུ་ཏྲ་ཁྲམ་བྷོ། ཞེས་རང་སྟང་སྟབས་དང་ལྡན་པར་བྱས་ལ། མེ་ཐར་པ་ལྟ་བུ་ཁྲོ་བོའི་འོད་ཟེར་གྱི་ཟློག་པར་བསམ།། བཛྲ་གམ་པོ་དྷ་ར་བྷ་ད་བྷོ། ཞེས་གླིང་ཁམས་གཞན་དུ་ཁ
31a6 བསྟན་ནོ།། སྡེ་བརྒྱད་གནད་ལ་དབབ་པའི་ལེའུ་སྟེ་བདུན་པའོ།། །། དེ་ནས་བཀའ་སྩལ་པ།། སེར་བ་བསྲུང་བ་ནི་སྤྱི་བོར་གསེར་གྱི་རྡོ་རྗེ་རྒྱ་གྲམ་བསམས་ཏེ།། མདུན་གྱི་རྭ་དངུལ་ལས་གྲུབ་པ། གཡོན་རྭ་ཟངས
iiif viewer powered by OpenSeadragon
30b - 31b