e-texts navigator
Collection
Volume
Page
Wylie

26b1 བྱུང་བ་ནི།། ཨེ་ཀ་ཛ་ཏི་དགུ་བཅུར་སྤྲུལ་ནས་འགྲོ་དོན་མཛད་པའི་རྟགས།། རལ་པ་དམར་པོ་བཅུ་བཞི་བྱུང་བ་ནི།། ཡེ་ཤེས་རྗེ་མོ་བཅུ་བཞི་འགྲོ་དོན་མཛད་པའི་རྟགས།། རལ་པ་ཁ་དོག་ལྔ་རུ་བྱུང་བ་ནི།། རྟག་པའི
26b2 རྒྱལ་མོ་ལྔ་ཡིས་འགྲོ་དོན་མཛད་པའི་རྟགས།། ཕུར་པ་ཁ་དོག་ལྔ་ཡིས་བརྒྱན་པ་ནི།། སྲས་མཆོག་རྣམ་ལྔས་འགྲོ་དོན་མཛད་པའི་རྟགས།། འགྲོན་བུ་སུམ་བརྒྱ་དྲུག་ཅུས་བརྒྱན་པ་ནི།། ཕོ་ཉ་སུམ་བརྒྱ་དྲུག་ཅུས་འགྲོ
26b3 དོན་མཛད་པའི་རྟགས།། སྦྲུལ་ཆེན་རིགས་བཞིས་བརྒྱན་པ་ནི།། ཀླུ་རིགས་བཞི་ཡིས་འགྲོ་དོན་མཛད་པའི་རྟགས།། སྤྱི་གཙུག་རྟ་མགོ་ལྗང་ཁུས་བརྒྱན་པ་ཡི།། རྟ་སྐད་ཐེང་གསུམ་སྟོན་པ་ཡིས།། ཁམས་གསུམ
26b4 དབང་དུ་སྡུད་པའི་རྟགས།། དཀར་ནག་དམར་པོས་བརྒྱན་པ་མི།། དུག་གསུམ་རྩད་ནས་གཅོད་པའི་རྟགས།། ཞེས་གསུངས་སོ།། ཁྲག་འཐུང་རོལ་བའི་རྒྱུད་ལས།། ཡོན་ཏན་བསྟན་པའི་ལེའུ་སྟེ་བདུན
26b5 པའོ།། །། ཉོན་ཅིག་གནོད་འདུལ་སེམས་དཔའ་ཉོན།། རལ་པ་ལན་ཅིག་གཡབས་པ་ཡིས།། ལྷ་རྣམས་དབང་དུ་སྡུད་པའི་རྟགས།། བར་སྣང་ཁམས་ལ་ལན་གསུམ་གཡབས་པ་ཡིས།། ལྷ་སྲིན་སྡེ་བརྒྱད་དབང་དུ
26b6 སྡུད་པའི་རྟགས།། ས་ལ་ལ་ནག་གསུམ་གཡབས་པ་ཡིས།། ས་བདག་ཀླུ་གཉེན་དམ་ལ་སྡུད་པའི་རྟགས།། རྣལ་འབྱོར་སྐུ་ལ་གསོལ་བ་ཡིས།། དམ་པ་རིགས་བརྒྱ་སྐུ་ལ་ཚང་བའི་རྟགས།། སིག་སིག་ལན་ཅིག་བྱས




iiif viewer powered by OpenSeadragon

26a - 27a

Texts on this page

Gpb044.003 - khrag 'thung rol ba'i rgyud