e-texts navigator
Collection
Volume
Page
Wylie

220a1 འབྱུང་།། སངས་རྒྱས་ཐབས་མཁས་ཐུགས་རྗེ་ཆེ།། གསང་སྔགས་ནུས་པ་བསམ་མི་ཁྱབ།། དེ་ཕྱིར་གྲོལ་འགྱུར་ཐེ་ཚོམ་མེད།། སྐལ་ལྡན་ངེས་ཤེས་ཅན་དག་ལས།། ཐེག་དམན་རྣམས་ཀྱི་སྤྱོད་ཡུལ
220a2 མིན།། དེ་ཕྱིར་སྐལ་ལྡན་ལས་ཅན་གྱི།། སྐྱེས་བུ་རྣམས་དང་འཕྲད་པར་ཤོག། ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་བཏག་གྲོལ་མ་ག་ཏི་ཡི་གེ་ཡིན་པ། ཡི་གེ་ལ་འབྲུ་ལེན་ཤིན་ཏུ་དག་པ་ཁག་ཆེ་སྟེ།། ཕྱམ
220a3 ཡུགས་དང་འོལ་བཟོ་མི་བྱའོ།། རད་ན་གླིང་པའི་ཐུགས་རྟག་གི། ལྷོ་བྲག་གནམ་སྐས་ཅན་གྱི་གཏེར་མའོ།། ཤོག་སེར་དངོས་ལ་དབང་ཆེན་བཟང་པོས་ལན་གསུམ་ཞུས་དེ་དག་གོ། དེ་ཉིད་ཀྱིས་ཤོག་གསེར་ཚ
220a4 བོ་ལས་བཤུས་ཏེ་དག་པར་བྱས་ཡོད་དོ།། ། @#།། ཨོ་ཌྱན་སྐད་དུ། བྷོ་དྷ་ཨུཀྐོ་སྨ་བཛྲ། བོད་སྐད་དུ། རིག་པ་གཅེར་བུར་སྟོན་པས་རྒྱུད་མཆོག། སྤྲོས་བྲལ་འདུ་མ་བྱས་པའི་སྤྲུ་ལ
220a5 ཕྱག་འཚལ་ལོ།། འདི་སྐད་བདག་གིས་བཤད་པའི་དུས་གཅིག་ན། ཆོས་དབྱིངས་བདེ་བ་ཆེན་པོའི་གཞན་རང་གསལ་གྱི་གནས་ན་རང་བྱུང་གི་སྟོན་པ་སྣང་བ་མཐའ་ཡས་ལ། རང་ཤར་གྱི་འཁོར་ཐུགས་རྗེ་ཆེན་པོ་ལ
220a6 སོགས་པ་འཁོར་འདས་ཐམས་ཅད་དང་འདུ་འབྲལ་མེད་པར་བཞུགས་ཏེ། རང་གྲོལ་གྱི་བསྟན་པ་གསལ་སྟོང་ཞེ་ན་བྲལ་དུ་སྐྱོང་བའི་དུས་སུ། ཉིད་ཀྱི་ཐུགས་ལས་ཤར་པའི་རྗེ་ངན་སོང་ཀུན་སྐྱོབ་ཅེས་པ། འཁོར




iiif viewer powered by OpenSeadragon

219b - 220b

Texts on this page

Gpb044.016 - btags pas grol ba'i man ngag
Gpb044.017 - rig pa gcer bur ston pas rgyud mchog