e-texts navigator
Collection
Volume
Page
Wylie

218b1 རྗེས།། རྒྱལ་བ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཐམས་ཅད་ཀྱི་ངང་དུ་ཡོངས་རྫོགས་ཀ་དག་ཀློང་གྲོལ་ཆེན་པོར་སངས་རྒྱས་པར་མཛད་དུ་གསོལ་ལོ།། སརྦ་ཨ་བྷི་ཥིན་ཙ་ཧྲི། ཞེས་བརྗོད། རྗེས
218b2 སུ་བུའི་ལག་གཉིས་མཐིལ་དུ། རྒྱུད་དར་སྣས་དྲིལ་བ་བཞག་ནས་འདི་སྐད་བརྗོད་དོ།། ཨོཾ་སྐུ་རྡོ་རྗེ་འགྲུབ་པར་གྱུར་ཅིག། ཨཱ་གསུང་གི་རྡོ་རྗེ་འགྲུབ་པར་གྱུར་ཅིག། ཧཱུཾ་ཐུགས་ཀྱི་རྡོ་རྗེ་འགྲུབ་པར་གྱུར་ཅིག། ཧྲི་ཡོན
218b3 ཏན་འཕྲིན་ལས་ཀྱི་རྡོ་རྗེ་འགྲུབ་པར་གྱུར་ཅིག། རང་བྱུང་བསྟན་པའི་སྙིང་པོ་འདི་ཉིད་ཀྱིས།། སྐལ་ལྡན་ལས་ཟད་སྲིད་པ་ཐ་མའི་སྐྱེས་བུ་འདི་ཉིད་གྲོལ་བར་གྱུར་ཅིག། རང་སྣང་ཆོས་སྐུའི་ཀློང་དུ་གྲོལ་བར་གྱུར
218b4 ཅིག། འཁྲུལ་པ་ཡེ་ཤེས་སུ་གྲོལ་བར་གྱུར་ཅིག། ཀ་དག་ཀློང་ཡངས་སུ་གྲོལ་བར་གྱུར་ཅིག། ཅེ་ལན་གསུམ་བརྗོད་ནས།། བུ་དེས་སྙིང་ཁར་བཅངས་ལ་འདི་སྐད་བརྗོད་དོ།། ཨེ་མ་ཧོ། བསྟན་པ་རིན་པོ་ཆེ་བཙས
218b5 རང་བྱུང་ཆེན་པོ་དེའི་བྱིན་བརླབས་ཀྱི། བདག་མཐོང་ཟོས་དྲན་སྨྲས། འབྲེལ་བར་གྱུར་ཚད། སྒོའི་ཁྱི། ལུས་ཕྱི་ནང་གི་སྲིན་བུ་ཡན་ཆད་གྲོལ་བར་གྱུར་ཅིག། སྨིན་པར་གྱུར་ཅིག། རང་སྣང་ལྷུན་གྲུབ་ཆེན་པོར་རྒྱས
218b6 ནས་གྲོལ་བར་གྱུར་ཅིག། གསུམ་བརྗོད་དོ། དེ་ནས་དར་སྣ་དང་དྲི་བཟངས་ཀྱིས་དྲི་ལ། རིན་པོ་ཆེའི་ཟ་མ་ཏོག་ཏུ་གཞུག་ལ། སྤྱི་བོ་མགུལ་མཚན་ཁུང་གཡོན་ནམ་གང་རུང་དུ། ནམ་རྐྱེན་གང་གིས་འཆི་མི་ཤེས་པས།།




iiif viewer powered by OpenSeadragon

218a - 219a

Texts on this page

Gpb044.016 - btags pas grol ba'i man ngag