| | e-texts navigator
|
297b1 རྒྱུད་ནི་སྟག་གི་མགོ། བེ་ཅོན་གཏུམ་མོ་ཞེས་བྱ་སྟེ།། རྡེའུ་ཆུང་ཀང་ཀའི་མགོ་ཅན་ལྷོ།། མེ་ཡི་ཞགས་པ་སློང་མོ་ལ།། ཁྱུང་གི་ཁྲ་ནི་བྱ་རོག་གདོང་།། སྡིགས་མཛུབ་མེ་ནི་མ་ཚོགས་མ།། ཁ་ཏ་ཝ་ཡི་མགོ་ཅན་ནུབ།། རྡོ
297b2 རྗེ་རྩེ་དགུ་ཐལ་བྱེད་མ།། རྡོ་རྗེ་རྩེ་ལྔ་སྦྱང་ཁུའི་མགོ། རྡོ་རྗེ་རྩེ་གསུམ་སྨེ་ཤ་ཅན།། རྡོ་རྗེ་རྩེ་གཅིག་འུག་གདོང་བྱང་།། དུར་ཁྲོད་ཉེ་བའི་དུར་ཁྲོད་དང་།། ཞིང་དང་ཉེ་བའི་ཞིང་དང་ནི།། གནས་དང་ཉེ་བའི་གནས་དག
297b3 དང་།། ཚན་དྷོ་ཉེ་བའི་ཚན་དྷོ་ཧ། གང་ན་གནས་པའི་མ་མོ་དང་།། མཁའ་འགྲོ་ལྷ་མོ་ལ་སོགས་པ།། ཕྱག་གི་སྤྲུལ་པར་ཤར་བ་ཡིན།། བཅུ་དྲུག་ཕྱག་མཚན་འདི་དག་ཡང་།། གཞལ་ཡས་ཁང་དུ་གནས་པའི
297b4 ནང་།། མ་མོ་བཅུ་དྲུག་གནས་པ་ཡིས།། འཇིག་རྟེན་རྣམས་ལ་དབང་སྒྱུར་བས།། ཕྱག་མཚན་ནང་དུ་སྦས་ནས་ནི།། སྒྲུབ་པའི་ལས་ལམ་མ་བྱས་ན།། གང་ལ་དམིགས་པ་ལེན་པར་བྱེད།། དེ་ནས་བཅོམ་ལྡན་འདས
297b5 ཀྱིས་མཁའ་འགྲོ་མ་རྣམས་ལས་ལ་མངག་པའི་སྔགས་འདི་དག་གསུངས་སོ།། ཨོཾ་ཨཱཿཧཱུཾ་ཧ་ཧེ་ཕཊ།། ཧཱུཾ་ནི་རི་མ་ཙི་ཏ་ཙི་ཏ།། ཙ་རོ་མ་རྡུལ་ཕྲན་རྡུལ་ཕྲན།། ཀེང་ཀེང་རག་ཏ་རག་ཏ།། མ་རི་ཤ་སྙིང་ལ་ཤད
297b6 ཤད།། ཙིན་དམ་ཁྲག་ལ་ཀེང་ཀེང་།། ཧཱུཾ་ཏྲི་ཤ་རྦད་རྦད། ཛ་ཧཱུཾ་བཾ་ཧོ། དབུགས་ལ་འུབ་འུབ།། ཨ་ཧཱུཾ་ཧེ།། མ་བྷྱོ་ཛ། རུ་ལུ་རུ་ལུ་རག་མོ་བྷྱོ་ཛ། ཧ་ཧ་རུ་ལུ་ལུ་ཧཱུཾ་ཕཊ།། ཆེ་གེ་མོ་མ་ར་ཡ་ཛ་ཛ། གྲུ་གསུམ་མཐིང
iiif viewer powered by OpenSeadragon
297a - 298a