e-texts navigator
Collection
Volume
Page
Wylie

296a1 བོ་དྷ་ཙེ་ཏ་མཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨ།། མོ་བེ་རོ་ཙ་ན་ཨ་བྷི་ཥིཉྩ་ཨཽ། ཧཱུཾ་བཛྲ་ས་ཏྭ་ཨ་བྷི་ཥིཉྩ་ཧཱུཾ།། སྭ་ར་ད་ན་སཾ་བྷ་བ་ཨ་བྷི་ཥི་ན་ཙ་སྭ། ཨཾ་ཨ་མི་དེ་བ་ཨ་བྷི་ཥི་ན་ཙ་ཨཾ། ཧ་ཨ་མོ་གྷ་སི་དྷཱི་ཨ་བྷི་ཤིན་ཙ་ཧ།
296a2 བུམ་པ་ཡེ་ཤེས་ཆུ་རྒྱུན་གྱིས།། རྣམ་རྟོག་དྲི་མ་དག་པར་བྱེད།། ཐབས་དང་ཤེས་རབ་ཅོད་པན་གྱིས།། བདུད་བཞིའི་འཇིགས་པ་སེལ་བར་བྱེད།། རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས།། འཆི་བདག་བདུད་ཀྱི་གྲོང་ཁྱེར
296a3 འཇོམས།། དྲིལ་བུ་ཆོས་ཀྱིས་སྒྲ་སྒྲགས་པས།། མྱ་ངན་འདས་པར་ལུང་ཡང་སྟོན།། གསང་བ་མིང་གི་དབང་བསྐུར་བས།། སྲིད་པ་བར་དོར་གྲོལ་བར་བྱེད།། ཅེས་གསུངས་སོ།། པདྨ་དབང་ཆེན་དྲེགས་པ་ཟིལ་གནོན
296a4 གྱི་རྒྱུད་ལས།། དབུ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་དབང་མཐར་ཕྱིན་པའི་ལེའུ་སྟེ་གཉིས་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་སྲིན་པོ་འདུལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་འདི
296a5 གསུངས་སོ།། དབུ་གཙུག་རྟག་པར་རྟ་མགོ་ལྗང་ཁུ་ལྔ།། དཔྲལ་བ་ཞུར་པོ་ཞི་བའི་ལས་སུ་བསྟན།། ཕྲུམ་ཕྲུམ་སེར་པོས་རྒྱས་པའི་བྱ་བ་འགྲུབ།། རྡོག་མ་ལེའུ་རྒན་ཐམས་ཅད་དབང་དུ་སྡུད།། རྟ་གདོང་ལྗང་ཁུ་དྲག
296a6 པོ་འགྲུབ་པར་བྱེད།། རྟ་སྐད་དགུ་ཡིས་ཐེག་པ་རིམ་དགུ་ལ།། དབང་གི་རྣལ་འབྱོར་སྒྲུབ་པ་བྱེད་པ་ཡིས།། བརྡ་སྐད་ཐལ་མོ་ལན་གསུམ་དྲག་ཏུ་བརྡབས།། རབ་ཀྱི་རྒྱལ་བའི་སྐུ་དང་མཉམ་པར་བྱེད།། འབྲིང




iiif viewer powered by OpenSeadragon

295b - 296b

Texts on this page

Gpb043.022 - dpal pad+ma dbang chen dregs pa zil gnon gyi rgyud