| | e-texts navigator
|
293b1 ཤོག། དབང་ཆེན་ཐུགས་ཀྱི་རྒྱུད་དྲེགས་པ་གསང་བའི་རྒྱུད་ཅེས་བྱ་བ་རྫོགས་སོ།། ས་མ་ལ། རྒྱ་རྒྱ་རྒྱ།། །། @#།། རྒྱ་གར་སྐད་དུ། ཤྲཱི་པདྨ་བ་ཤང་མ་ཧཱ་ན་རགྷི་ར་ཏ་ནེ་སྟཾ་པ་ནནྣ་ནཱ་མ། བོད
293b2 སྐད་དུ། དཔལ་པདྨ་དབང་ཆེན་དྲེགས་པ་ཟིལ་གནོན་གྱི་རྒྱུད་ཅེས་བྱ་བ། ལྷུན་གྱིས་གྲུབ་པའི་སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོབ་པ་དུས་གཅིག་ན།། བཅོམ་ལྡན་འདས་དེ་བཞིན
293b3 གཤེགས་པ་ཐམས་ཅད་ཀྱི་སྐུ་དང་།། གསུང་དང་། ཐུགས་དང་། ཡོན་ཏན་དང་། འཕྲིན་ལས་མ་ལུས་པའི་པདྨ་ཆེན་པོ་དེ་ནི།། འདི་ལྟར་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགྱེས་པ་ཆེན་མོའི་བཙུན
293b4 མོའི་བྷ་ག་རྣམ་པར་དག་པའི་ཕོ་བྲང་ན་སྙོམས་པར་བཞུགས་པ་ལས།། འཁོར་འདས་ཐམས་ཅད་ཟིལ་གྱིས་གནོན་པར་འདོད་ནས་ཏིང་ངེ་འཛིན་ལས་བཞེངས་ཏེ། དབུ་ལྔ་ཕྱོགས་བཞིར་འབར་བའི་གཟུགས་ཀྱི
293b5 ལྷ།། དབུ་སྐྲ་སྨིན་མ་སྤྱན་དང་སྨ་ར་ལྗགས།། ཤངས་དང་ཞལ་དང་མཆེ་བ་རབ་ཏུ་གཙིགས།། རྟ་མགོ་ལྗང་ཞུར་རྡོག་མ་ལེའུ་རྒན་འབར།། རིགས་ལྔའི་རྒྱལ་བ་དབུ་རྒྱན་རང་བྱུང་སྐུ།། ཤར་དུ་རོལ་བའི་ཕྱག་བཞི
293b6 ནི།། ཁྲོ་ཆེན་སྙིང་འབྱིན་ཁ་ཊྭཱཾ་འབར་བ་བསྣམས།། རྡོ་རྗེ་ལྕགས་ཀྱུ་སྦྲུལ་གྱི་ཞགས་པ་བསྣམས།། ལྷོ་རུ་རོལ་པའི་ཕྱག་བཞི་ནི།། ཐོད་རློན་ཁྲག་གིས་བཀང་དང་རྡོ་རྗེ་ལུ་གུ་རྒྱུད།། རྡོ་རྗེ་བེ་ཅོན་དང་ནི་རྡེའུ་ཆུང་འཛིན
iiif viewer powered by OpenSeadragon
293a - 294a