e-texts navigator
Collection
Volume
Page
Wylie

292a1 སོ།། དཀྱིལ་འཁོར་གྲུ་གསུམ་ནང་དག་ཏུ།། ལིང་ག་མིང་རུས་ལྡན་པ་ལ།། ཐ་མ་རྦོད་རྦད་སྔགས་ཀྱིས་བསྐོར།། ཕྱི་ནི་རྫ་རྣལ་ག་འུར་གཞུག། ནང་ནི་གླང་རུ་ནང་དུ་བྱ།། གསང་བ་མཛེ་ཐོད་ནང་བཞུག
292a2 གོ། བདག་ཉིད་པདྨ་དབང་ཆེན་སྒོམ། སྔགས་འདིས་ཀླུ་རྣམས་བོད་པར་བྱ།། ཨོཾ་ནག་པོ་ཏམ་པ་རྩ་ཡ་ཧཱུཾ་ཛ་ནཱ་ག་ཀྲོ་ཏི་ཤྭ་རི་ཧཱུཾ་ཛ། ན་ག་དུ་ན་དུ་ན། ཧེ་ལི་ན་ག་འདུས་འདུས་ས་མ་ཡཱ་ཛ། ཀླུ་ཡི་ཆོ་འཕྲུལ་དུ་མ
292a3 བྱུང་།། དཀར་གསུམ་དམར་གསུམ་གཏོར་མ་དབུལ།། རྦད་སྔགས་འདིས་བསྒྲུབ་ལས་ལ་བཏང་།། འཇིག་རྟེན་ཁམས་ཀྱི་ཀླུ་རྣམས་འདུ།། ཨོཾ་ནག་པོ་ཏ་པི་རྩ་ཡ། ན་ག་རཀྵ། ཆེ་གེ་མོ་ཧེ་ཁུ་ལ། ཕེ་ཤན་ཕོས་ཕོས
292a4 ཤིག་ཤིག། ཆུ་ཆུ་ཧཱུ་ཡ་ཧཱ་ཡ། ཀླུ་ནག་པོ་མགོ་དགུ་པས།། དགྲ་བོའི་སྲོག་ལ་མ་ར་ཡ་ཛ། དེ་ནས་གསད་པར་བྱ་བ་ནི།། དུག་གི་ཐུན་དང་ཁྲག་གི་ཐུན།། ཕུར་པས་བཏབ་ནས་གཏད་པར་བྱ།། བསད་པའི་སྔགས
292a5 འདིས་རང་གླུད་བརྡེག། ནག་པོ་བཾ་ཙིཏྟ་ལ་རྒྱོབ།། ཏྲག་ཐུར་སྙིང་ལ་ཐུར།། སྙིང་འགུལ་གུལ་མྱགས་མྱགས།། རྩ་བཞི་བཀུམས།། ཤན་ཤན་སྲོག་ལ་ཤན།། ཐུར་ཐུར་སྲོག་ལ་ཐུར།། ཆེ་གེ་མོ་མ་ར་ཡ་སོད།། ཤ་ར་ན
292a6 རྒྱལ་རིགས་གནས་པས་དཀར།། ལྷོ་ན་བྲམ་ཟེ་གནས་པས་སེར།། ནུབ་ན་རྗེ་རིགས་གནས་པས་དམར།། བྱང་ན་དམངས་རིགས་གནས་པས་སྔོ།། བྱང་ཤར་རྡོལ་པ་གནས་པས་ནག། ཕྱོགས་དང་ཁ་དོག་ཤེས་ནས




iiif viewer powered by OpenSeadragon

291b - 292b

Texts on this page

Gpb043.021 - pad+ma dbang chen dregs pa gsang byed kyi rgyud