e-texts navigator
Collection
Volume
Page
Wylie

291b1 བྷྱོ།། ཤནྟི་པ་ར་ནརི་རྦད་བྷྱོ།། མ་ནརི་ར་ག་ནརི་རྦད་བྷྱོ།། ཡགྨ་ཁ་ཐུན་ནརི་རྦད་བྷྱོ།། ཁ་ཐུན་ཚལ་པ་ནརི་རྦད་བྷྱོ།། ཧྲི་ཏྲི་ཛ་ནརི་རྦད་བྷྱོ།། ཕོ་ཐམས་ཅད་དྲིལ་ཏེ་བཟློག་པའོ།། ཛ་ཐུན་ཁ་ལ་རཀྟཱ་ཡ།། དུ་ར་ཡཀྐ་སྙིང་ལ
291b2 ཡ།། ཁལ་ཚ་ནཱ་ག་སྲོག་ལ་ཡ།། ཁ་རག་ཡཀྵ་རྦད་སུ་ཡ།། མ་མ་རག་ག་ཁྲག་ལ་ཡ།། ཧི་རི་ཁ་ལ་རཀྑ་ཡ། ཤུ་བོ་ར་ཛ་དབུགས་ལ་ཡ།། ཏྲཾ་བྷྱོ་ཏ་མ་བྷྱོ་ལས་ལ་ཡ།། མོ་ཐམས་ཅད་སྤྱིར་དྲིལ་ཏེ་བཟློག་པའི་སྔགས
291b3 སོ།། ཏྲི་ཐུན་ཁ་ལ་རྩེ་ཡཀྐ་ཏྲད།། མ་ནི་ཛ་ཐུན་ཁ་ལ་རྦད།། མ་ནི་ར་ག་སྙིང་ལ་རྦད།། པཱི་ར་ཙ་ནི་གཟུགས་ལ་རྦད།། སྙིང་ཁྲག་ད་ལ་སྲོག་ལ་རྦད།། ཡ་ཀ་ཡཀྵ་སྲོག་ལ་རྦད།། ཨ་གུ་ཤ་ཡ་སྙིང་ལ་རྦད།། མ་ནརི་ར་ག
291b4 སྲོག་ལ་རྦད།། ཀླུ་གཉེན་ཐམས་ཅད་དྲིལ་ཏེ། བཟློག་པའི་སྔགས་སོ།། ཟླ་བ་གང་ཡང་རུང་བ་ཡི།། དུས་བརྒྱད་ལ་ནི་གཟའ་བདུད་དང་།། སྡེ་བརྒྱད་སྡོངས་ནས་རྒྱུ་བས་ན།། ཁང་པ་ཟུར་གསུམ་སྐོང་བུ་ནང་།། དུ་ག
291b5 ཁྲག་ཉུང་དཀར་སྔགས་བཟླས་ནས།། དགྲ་ལ་ཟེར་དུ་འཕང་བར་བྱ།། བླ་རྩི་བ་བླ་མུ་ལི་དང་།། སྡོང་རྒྱུས་འུ་འབུལ་ཤུལ་དག་དང་།། ཤིང་ཀུན་ཉུང་དཀར་སྔགས་བཟླས་ནས།། མགུལ་དུ་བཏགས་ན་བསྲུང་བར
291b6 འགྱུར།། དྲེགས་པ་གསང་བའི་རྒྱུད་ལས།། ཕྲག་དོག་ཅན་གྱི་སྡེ་བརྒྱད་ཀྱིས་བསྲུང་ཞིང་བཟློག་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་དཔལ་བསྐོལ་བ་འདི་གསུངས




iiif viewer powered by OpenSeadragon

291a - 292a

Texts on this page

Gpb043.021 - pad+ma dbang chen dregs pa gsang byed kyi rgyud