e-texts navigator
Collection
Volume
Page
Wylie

242b1 ཆེ་གེ་མོ་རྦད་ཟད། གསང་བའི་སྔགས་སོ།། གཞན་ཡང་དམར་པོ་སྤྱན་བཞི་ཡི།། དྲག་སྔགས་ལས་ཀྱི་བསེ་མོར་བཅས།། སྟོང་གསུམ་སྔགས་ཀྱི་དམག་དཔུང་བཟློག། རུ་མཚོན་བསྐུལ་བ་ཡང་དག་གཅེས།། དྲེགས
242b2 པའི་ང་རྒྱལ་བསྐྱེད་པ་ཡིས།། བསེ་མཁར་ཕུར་པ་དམ་རྫས་སྙིང་།། ཉུངས་ཐུན་ཁྲག་དུག་སྙིང་པོ་སྲོག། ཏིང་འཛིན་རྫས་དང་བཅས་པ་ཡིས།། དྲེགས་པ་གནད་ལ་དབབ་པར་བྱ།། སྤུ་གྲི་རེག་ཆོད་གསང་བའི་རྒྱུད
242b3 ལས། གནད་ལ་དབབ་པའི་འཕྲིན་ལས་ཀྱི་ལེའུ་སྟེ་བརྒྱད་པའོ།། །། ཀྱེ་ཀྱེ་དྲེགས་པའི་གཙོ་བོ་ལྔ།། ལྷ་སྲིན་སྡེ་བརྒྱད་དམག་དཔོན་ལྔ།། ཕྱག་བརྙན་བསེ་ཡི་གིང་ཆེན་བཞི།། ཡང་ན་དམར་པོ་སྲོག་གི
242b4 གཤེད།། དྲེགས་པ་དམ་ལ་བསྡུ་བ་དང་།། ཟ་ལམ་དགྲ་ལ་བསྟན་པ་དང་།། བསྟན་པ་བསྒྲུབས་པའི་དགྲ་འདུལ་ཕྱིར།། དྲེགས་པ་དྲེགས་དང་ང་རྒྱལ་རྟགས།། ཞེ་སྡང་བསེ་ཡི་རུ་མཚོན་རྒྱུད།། དབང་བསྐུར་རྟགས་སུ
242b5 འཁོར་ལ་བསྟན།། དགྲ་ལ་ཆད་པ་ཆེ་བའི་རྒྱུད།། འདི་ལ་མ་ཡེངས་བརྩོན་གྱུར་ན།། བསམ་པ་མྱུར་དུ་འགྲུབ་པར་འགྱུར།། སྣོད་ངན་དང་ཚུལ་ས་ལ་མིན།། མི་བསྟན་ཙིཏྟ་སྨུག་པོར་སྦས།། བསྙེན་བསྒྲོན་མེ་ཤགས
242b6 ཚུལ་དུ་ཕུང་།། སྣོད་དང་ལྡན་པའི་རྣལ་འབྱོར་ལ།། རང་བཞིན་ངང་གིས་ཕྲད་གྱུར་ཏེ།། རྣལ་འབྱོར་དབང་ཕྱུག་གང་གནས་སར།། དམ་ཅན་རྒྱ་མཚོ་ཡོངས་ཀྱང་དེར་གནས་ཏེ།། ཇི་ལྟར་འདོད་པའི་ལས་བྱེད




iiif viewer powered by OpenSeadragon

242a - 243a

Texts on this page

Gpb043.017 - gshin rje dmar po shan pa las kyi rgyud ces bya ba/ spu gri reg chod ru mtshon dmar po'i drag sngags