e-texts navigator
Collection
Volume
Page
Wylie

242a1 བསྒྲིབས་ལ་གཏང་རག་གཏང་།། དེ་ནས་མྱུར་དུ་འགྲུབ་པར་འགྱུར།། སྤུ་གྲི་རེག་ཆོད་གསང་བ་རུ་མཚོན་དམར་པོའི་རྒྱུད་ལས། རྟགས་ཀྱི་ལེའུ་སྟེ་དྲུག་པའོ།། །། དེ་ནས་བརྡའི་རྟགས་བསྟན་པ
242a2 ནི། རུ་མཚོན་གཟི་བརྗིད་སྤངས་མཐོང་དང་།། རབ་ཏུ་སྔགས་པའི་རྟགས་མཐོང་ན།། རུ་མཚོན་རྩེ་ལ་རྒྱལ་མཚན་གཟུགས།། བསེར་དམར་པོ་ལྡན་ཁམ་གྱི།། མགོ་ཐོད་དམར་པོ་ཁྲག་བྱུགས་ལ།། ཕྱོགས་སུ་ཁ
242a3 གདངས་ཟ་ལམ་བསྟན།། ཡང་ན་སྦྲང་ཐོད་གཟན་ལ་དབབ།། ཚངས་པའི་བརྡ་སྐད་སྒྲགས་འགྱུར་ན།། མཚན་མོ་དམོད་གཟུགས་བརྟགས་པར་བྱ།། རུ་མཚོན་ཆག་འགྱེལ་ངོ་སྦྲན་ན།། གཏོར་ཚོགས་བཟང་ལ
242a4 བསྐང་བཟློག་བྱ།། ཡང་ན་བཤགས་པ་བརྒྱ་ཆེར་བྱ།། རྡོ་རྗེ་ཆུ་ཡི་འཛག་བུག་བསྡམ།། ལས་དམིགས་གྲུབ་དང་འཛབ་བསྟོད་བྱ།། རུ་མཚོན་མ་བརྟུལ་ཉམས་པར་འགྱུར།། སྤུ་གྲི་རེག་ཆོད་གསང་བ་རུ་མཚོན
242a5 དམར་པོའི་རྒྱུད་ལས། མཚན་མ་ལྟས་ཀྱི་བརྡ་བརྟག་པའི་ལེའུ་སྟེ་བདུན་པའོ།། །། དེ་ནས་ཐུན་སྔགས་དྲག་པོ་བཤད།། ཧཱུཾ་ཡ་མ་ཧཱུཾ་ཏྲི་རྦད། ཧཱུཾ་ཤུ་ཏྲི་རྦད། མ་རུ་ཏྲི་ཡཾ་རྦད། མུགས་མ་རུ་ཏྲི་ཆེ་གེ་མོ་རྦད་རྦད
242a6 དུ། ཕྱི་ཡི་སྔགས་སོ།། ཨོཾ་ཡ་མ་ཀྵཱ་ཏྲི་ཆེ་གེ་མོ་རྦད་རྦད། མ་རུ་མུགས་ཎཱི་མ་རུ་མུགས་ནརི་རྦད་རྦད། ནང་གི་སྔགས་སོ།། ཨོཾ་ཡཀྵ་ཏྲི་ཡ་དུ་ན། མ་རུ་རྔམ་སེ་ལ་རྔམ་སེ་རྦད། མུགས་པ་ནི་མུགས་རྦད། རྦད་བུ་རྦད་པ་ཡ་ནརི




iiif viewer powered by OpenSeadragon

241b - 242b

Texts on this page

Gpb043.017 - gshin rje dmar po shan pa las kyi rgyud ces bya ba/ spu gri reg chod ru mtshon dmar po'i drag sngags