| | e-texts navigator
|
59b1 བལྟས་ནས་ཅང་མི་གསུངས་པར་གྱུར་ཏོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ
59b2 བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་གསང་བ་འདུས་པར་དབང་བསྐུར་བའི་སློབ་དཔོན་ལ། དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཇི་ལྟར་བལྟ།
59b3 བར་བགྱི་ལགས། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱིས།། འདི་ནི་རྡོ་རྗེའི་བྱང་ཆུབ་སེམས་སུ་ལྟ་བར་བྱེད། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ
59b4 ཀྱི་སེམས་དང་རྡོ་རྗེ་སློབ་དཔོན་འདི་གཉིས་སུ་མེད་པའི་ཕྱིར་ཞེས་བྱ་བའི་བར་ནས། མདོར་བསྡུས་ནས་བཤད་པར་བྱའོ།། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བཞུགས
59b5 ཤིང་གཞེས་པའི་བར་དེ་དག་ཐམས་ཅད་དུས་གསུམ་དུ་བྱོན་ནས། སློབ་དཔོན་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པས་མངོན་པར་མཆོད་ནས་འདི་སྐད་ཅེས། བདག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི
59b6 ཕ་ཡིན་ནོ།། བདག་ཅག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མ་ཡིན་ནོ།། བདག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྟོན་པ་ཡིན་ནོ།། ཞེས་རྡོ་རྗེའི་ཡི་གེ་གསུང་ཕྱུང་ནས་སླར་ཡང་རང་གི་སངས་རྒྱས་ཞིང་དུ
iiif viewer powered by OpenSeadragon
59a - 60a